སྐོར་གཟིགས་སྤྱི་བསྒྲགས།

        2019-08-23

       ཞིང་ཆེན་ཏང་ཨུའི་སྐོར་གཟིགས་ལས་དོན་གྱི་འཆར་གཞི་བཀོད་སྒྲིག་ལྟར། ཞིང་ཆེན་ཏང་ཨུའི་སྐོར་གཟིགས་ཚོ་ཆུང་དགུ་པས་སྤྱི་ཟླ8པའི་ཚེས21ཉིན་ནས་བཟུང་དཀར་མཛེས་ཁུལ་ལ་དུས་ཡུན་ཟླ་བ་གཉིས་ཡས་མས་ཀྱི་རིང་ལ་སྐོར་གཟིགས་བྱ་རྒྱུ་ཡིན་པ་རེད། སྐོར་གཟིགས་བྱ་ཡུལ་གཙོ་བོ་ནི་ཁུལ་ཨུ་དང་ཁུལ་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་། ཁུལ་སྲིད་གཞུང་། ཁུལ་སྲིད་གྲོས་བཅས་ཀྱི་ཏང་ཙུའུ་ཡི་འགོ་ཁྲིད་ཚོགས་པ་དང་ཁོངས་མི། ཁུལ་མི་དམངས་ཁྲིམས་ཁང་དང་ཁུལ་མི་དམངས་ཞིབ་དཔྱོད་ཁང་གི་ཏང་ཙུའུ་ཡི་འགན་འཁུར་པ་གཙོ་བོ་བཅས་ཡིན་པ་རེད། སྐོར་གཟིགས་ཚོ་ཆུང་གིས་ཐོག་མཐའ་བར་གསུམ་དུ་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པས་ཁྲིད་སྟོན་བྱས་ཏེ། ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་དང་ཀྲུང་དབྱང་སྐོར་གཟིགས་ལས་དོན་གྱི་བྱེད་ཕྱོགས་ཕྱོགས་ཡོངས་ནས་ལག་བསྟར་བྱས་ཤིང་། ཆབ་སྲིད་སྐོར་གཟིགས་ཀྱི་ངེས་གནས་ཁོང་དུ་ནན་པོ་ཆུད་པ་བྱས་ནས་དམིགས་ས་དྲུག་དང་ཤུགས་སྣོན་གཅིག དབུལ་ཐར་འགག་སྒྲོལ་ལས་དོན་ལ་དམ་པོར་གཞིགས་ནས་སྐོར་གཟིགས་དང་ལྟ་སྐུལ་བྱ་རྒྱུ་ཡིན་པ་རེད།

  སྐོར་གཟིགས་བྱེད་རིང(སྤྱི་ཟླ8པའི་ཚེས21ཉིན་ནས་སྤྱི་ཟླ11པའི་ཚེས15ཉིན།)ལ། ཞིང་ཆེན་ཏང་ཨུའི་སྐོར་གཟིགས་ཚོ་ཆུང་གིས་ཆེད་དོན་བཀོད་སྒྲིག་བྱས་པའི་ལས་རེས་ཁ་པར་ཨང་གྲངས་ནི15902805006 ཡིན་པ་དང་། སྦྲག་སྲིད་ཡིག་སྒམ་ནི་སི་ཁྲོན་ཞིང་ཆེན་དཀར་མཛེས་ཁུལ་སྦྲག་སྲིད་ཡིག་སྒམ་ཨངB001ཡིན་པ་རེད། དར་མདོ་གྲོང་ཁྱེར་མདོ་གྲོང་གྲོང་རྡལ་ཆུ་ངོགས་ཤར་ལམ་ཨང441ཏུ་ངོ་བཅར་སྣེ་ལེན་ས་ཚུགས་བཙུགས་ཡོད་པ་རེད། དུས་མཚུངས་སུ་དཀར་མཛེས་ཁུལ་སྲིད་གཞུང་གི་ཁ་གཏད་སྲང་ལམ་ནང(དར་མདོ་གྲོང་ཁྱེར་མདོ་གྲོང་གྲོང་རྡལ་ཆུ་ངོགས་ནུབ་ལམ་ཨང360པའི་ཁང་བསྟར2པ)དང་བཟོ་ཚོང་ཐོག་ཁང་གི་རྒྱབ་ཟུར་གྱི་ཨཀྱ་ཁ་པ་དྲན་ཤེས་མགྲོན་ཁང་གི་སྒོ་ཁ(དར་མདོ་གྲོང་ཁྱེར་མདོ་གྲོང་གྲོང་རྡལ་ནུབ་རྒྱུད་ཁྲོམ་ལམ་ཀྲུའུ་ཀོ་རྒྱལ་ར་ཨང2པ) བཅས་སུ་ཁག་བགོས་ནས་འབྲེལ་གཏུག་ཡིག་སྒམ་སྒྲིག་སྦྱོར་བྱས་ཡོད་པར་མ་ཟད། གློག་རྡུལ་ཡིག་སྒམxsgz2019@sina. comཡིན་པ་རེད། ཉིན་རེའི་ཁ་པར་གྱི་འབྲེལ་གཏུག་དུས་ཚོད་ནི་སྔ་དྲོའི་ཆུ་ཚོད8:00ནས་དགོང་མོའི་ཆུ་ཚོད20:00བར་ཡིན་ཞིང་། སྐོར་གཟིགས་ལས་དོན་སྲོལ་ཡིག་གི་གཏན་འབེབས་ལྟར། ཞིང་ཆེན་ཏང་ཨུའི་སྐོར་གཟིགས་ཚོ་ཆུང་གིས་གཙོ་བོར་དཀར་མཛེས་ཁུལ་ཨུ་དང་ཁུལ་དམངས་ཆེན་རྒྱུན་ལས་ཨུ་ལྷན། ཁུལ་སྲིད་གཞུང་། ཁུལ་སྲིད་གྲོས་བཅས་ཀྱི་ཏང་ཙུའུ་ཡི་འགོ་ཁྲིད་ཚོགས་པ་དང་ཁོངས་མི། ཁུལ་མི་དམངས་ཁྲིམས་ཁང་དང་ཁུལ་མི་དམངས་ཞིབ་དཔྱོད་ཁང་གི་ཏང་ཙུའུ་ཡི་འགན་འཁུར་བ་གཙོ་བོ། དེའི་འོག་རིམ་གྱི་ཏང་རྩ་འཛུགས་ཀྱི་འགོ་ཁྲིད་ཚོགས་པའི་འགན་འཁུར་བ་གཙོ་བོའི་བློ་མཐུན་དང་ལས་གནས་གལ་ཆེའི་ཐོག་གི་འགོ་ཁྲིད་ལས་བྱེད་པ་བཅས་ཀྱི་གནད་དོན་གོང་ཞུའི་ཁ་པར་དང་ཡིག་བསྐུར་ངོ་བཅར་བཅས་བདག་སྤྲོད་བྱ་རྒྱུ་ཡིན་པ་དང་། གཙོ་བོར་ཆབ་སྲིད་ཀྱི་སྒྲིག་ལམ་དང་། རྩ་འཛུགས་ཀྱི་སྒྲིག་ལམ། སྤྱོད་གཙང་གི་སྒྲིག་ལམ། མང་ཚོགས་ཀྱི་སྒྲིག་ལམ། ལས་ཀའི་སྒྲིག་ལམ། འཚོ་བའི་སྒྲིག་ལམ་བཅས་དང་འགལ་བའི་ཐད་ཀྱི་ཐེར་འདོན་དང་གོང་ཞུ་བཅས་ཡིན་པ་རེད། སྐོར་གཟིགས་ཀྱི་བདག་སྤྲོད་བྱེད་ཁོངས་སུ་མི་གཏོགས་པའི་ཡིག་བསྐུར་ངོ་བཅར་གྱི་གནད་དོན་གཞན་དག་རྣམས་དཀར་མཛེས་ཁུལ་དང་འབྲེལ་ཡོད་སྡེ་ཁག་གིས་གཏན་འབེབས་ལྟར་ཐག་གཅོད་བྱ་རྒྱུ་ཡིན་པ་རེད།
  རྒྱ་ཆེའི་ལས་བྱེད་པ་དང་མང་ཚོགས་ཀྱིས་ཞིང་ཆེན་ཏང་ཨུའི་སྐོར་གཟིགས་ཚོ་ཆུང་དགུ་པ་ལ་གནས་ཚུལ་ཞུ་པར་དགའ་བསུ་ཞུ་རྒྱུ་ཡིན།


  • ལེ་ཚན་སྔོན་མ།:དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་ལུས་རྩལ་འགྲན་ཚོགས་སྐབས་གསུམ་པའི་ལུས་རྩལ་འགྲན་སྡུར་གྱི་དུས་ཚོད་དང་ས་གནས་བཀོད་སྒྲིག
  • ལེ་ཚན་རྗེས་མ།:སྤུས་ལེགས་ཀྱི་སྨན་བཅོས་ཞབས་ཞུ་ལ་བརྟེན་ནས་གསེར་ཐར་རྫོང་གི་ལིང་གྲིབ་ནད་པ120ཡིས་སླར་ཡང་འོད་སྣང་མཐོང་།
  • དོ་སྣང་ཆེ་བའི་རྩོམ།