ལི་ཐང་རྫོང་ལ་ཀྲུང་གོ་བོད་ཀྱི་རྟ་རྒྱུག་རིག་གནས་ཀྱི་ཕ་ས་ཞེས་པའི་མཚན་སྙན་ཐོབ་པ་རེད།

        2019-08-22

   

ལི་ཐང་རྫོང་ལ་ཀྲུང་གོ་བོད་ཀྱི་རྟ་རྒྱུག་རིག་གནས་ཀྱི་ཕ་ས་ཞེས་པའི་མཚན་སྙན་ཐོབ་པ་རེད།

   དེ་རིང་དགའ་འོས་པའི་དོན་བཟང་ཞིག་ཡོད་པ་སྟེ། ཀྲུང་གོ་དམངས་ཁྲོད་རིག་རྩལ་མཐུན་ཚོགས་ཀྱིས་རང་ཁུལ་གྱི་ལི་ཐང་རྫོང་ལ་རྟ་རྒྱུགས་རིག་གནས་ཀྱི་ཕ་ས་ཞེས་པའི་མཚན་སྙན་གནང་བ་རེད།

ལི་ཐང་རྫོང་ལ་ཀྲུང་གོ་བོད་ཀྱི་རྟ་རྒྱུག་རིག་གནས་ཀྱི་ཕ་ས་ཞེས་པའི་མཚན་སྙན་ཐོབ་པ་རེད།

ལི་ཐང་རྫོང་ལ་ཀྲུང་གོ་བོད་ཀྱི་རྟ་རྒྱུག་རིག་གནས་ཀྱི་ཕ་ས་ཞེས་པའི་མཚན་སྙན་ཐོབ་པ་རེད།

    ལི་ཐང་རྫོང་ནི་གནའ་ནས་དར་བར་རིག་གནས་ཀྱི་ཕྱུག་ས་དང་ལོ་རྒྱུས་ཀྱི་རིན་ཐང་ལྡན་སའི་ཡུལ་ཞིག་ཡིན་ལ།རྟ་རྒྱུག་འགྲན་བསྡུར་ནི་འབུམ་ཡག་རྩྭ་ཐང་གི་འཚོ་བའི་རིག་གནས་དང་བོད་མི་རིགས་ཀྱི་གེ་སར་རྒྱལ་པོའི་ལོ་རྒྱུས་རིག་གནས། སྲོལ་རྒྱུན་གྱི་དུས་ཆེན་རིག་གནས་དང་ཇ་རྟའི་གནའ་ལམ་སོགས་ནས་དར་བའི་སྲོལ་རྒྱུན་གྱི་རིག་གནས་ཞིག་དང་སྒྱུ་རྩལ་ཞིག་ཏུ་གྱུར་ཡོད། 

ལི་ཐང་རྫོང་ལ་ཀྲུང་གོ་བོད་ཀྱི་རྟ་རྒྱུག་རིག་གནས་ཀྱི་ཕ་ས་ཞེས་པའི་མཚན་སྙན་ཐོབ་པ་རེད།

ལི་ཐང་རྫོང་ལ་ཀྲུང་གོ་བོད་ཀྱི་རྟ་རྒྱུག་རིག་གནས་ཀྱི་ཕ་ས་ཞེས་པའི་མཚན་སྙན་ཐོབ་པ་རེད།

   བོད་ཟླ་དྲུག་པའི་གནས་སྐོར་དུས་ཆེན་དང་བསྟུན་ནས་ལི་ཐང་རྫོང་གིས་ལོ་ལྟར་སྤྱི་ཟླ་བརྒྱད་པའི་ཚེས་གཅིག་ལ་རྟ་རྒྱུག་འགྲན་བསྡུར་རུ་གཏན་འཁེལ་བྱེད་ཡོད་ལ། དུས་ཆེན་དེར་མང་ཚོགས་རྣམས་ཀྱིས་རྟ་རྒྱུག་འགྲན་བསྡུར་དང་གླུ་གར་འཁྲབ་སྟོན། ས་ཁུལ་གྱི་ཟློས་གར་དང་སྲོལ་རྒྱུན་ལག་རྩལ་འགྲེམ་སྤེལ། ཚོང་ཟོག་རྗེས་རེ་སོགས་གཅིག་འདུས་ཀྱི་དུས་ཆེན་ཆེན་པོ་ཞིག་རོལ་སྲོལ་ཡོད་པ་རེད། ལྷག་པར་དུ་ཉེར་བའི་ལོ་ནང་ལི་ཐང་རྫོང་ཨུ་དང་རྫོང་སྲིད་གཞུང་གིས་རིག་གནས་ལ་མཐོང་ཆེན་ཚད་མེད་བྱེད་པའི་རྐྱེན་གྱིས།ལི་ཐང་གི་རྟ་རྒྱུགས་འགྲན་བསྡུར་གྱི་དུས་ཆེན་འདི་སྔར་དང་བསྡུར་ན་དེ་ལས་གཟབ་རྒྱས་སུ་གྱུབ་བ་དང་དེ་ལས་ཁྱད་ཆོས་ལྡན་པ་ཞིག་གྱུར་ཡོད་པ་རེད། ལི་ཐང་རྫོང་གིས་རྟ་རྒྱུགས་འགྲན་བསྡུར་གྱི་དུས་ཚོད་འདི་དང་བསྟུན་ནས་མི་རིགས་ཀྱི་སྲོལ་རྒྱུན་རིག་གནས་དར་སྤེལ་དང་ཡུལ་དེའི་ཡུལ་སྐོར་ཐོན་ལས་སོགས་འཕེལ་རྒྱས་ཡོང་བ་བྱེད་དེ་ལི་ཐང་རྫོང་གི་དཔལ་འབྱོར་དེ་སྔར་ལས་གོང་འཕེལ་ཡོང་བར་ཤུགས་རྐྱེན་ཆེན་པོ་འདོན་ཡོད་པ་རེད།  

ལི་ཐང་རྫོང་ལ་ཀྲུང་གོ་བོད་ཀྱི་རྟ་རྒྱུག་རིག་གནས་ཀྱི་ཕ་ས་ཞེས་པའི་མཚན་སྙན་ཐོབ་པ་རེད།

   ལི་ཐང་རྫོང་གི་རྟ་རྒྱུག་འགྲན་བསྡུར་ནི་ལོ་རྒྱུས་ཀྱི་རྒྱུན་རིང་ལ། སྔོན་གྱི་བོད་ཟླ་དྲུག་པའི་གནས་སྐོར་དུས་ཆེན་ནས་དར་བས།ད་བར་ལོ་ངོ་བརྒྱ་ལྷག་གི་ལོ་རྒྱུས་ལྡན་པ་རེད། རྟ་རྒྱུགས་འགྲན་བསྡུར་གྱི་དུས་ཡུན་ལ་ལྷིང་འཇགས་ཀྱི་རྩྭ་ཐང་དེ་འདུ་འཛིང་གིས་ཁེབས་པ་གྱུར། ཡོངས་ཤིང་རྒྱ་ཆེ་བའི་རྩྭ་ཐང་ཡོངས་སུ་དཀར་ཐིག་ཐིག་གི་སྦྲ་གུར་གྱིས་གོང་ཞིང་། ག་ས་གང་དུ་འཛུམ་མདངས་དང་གད་སྒྲས་ཁེབས་པ། ཕོ་གསར་ཚོས་རྟ་ཐོག་ནས་རྫིག་ཉམས་ངོམས་པ་དང་མོ་གསར་ཚོས་གླུ་གར་གྱིས་མཛེས་ཉམས་ངོམས་ནས་རྩྭ་ཐང་ཡོངས་སུ་སྤྲོ་སྐྱིད་ཀྱིས་གོང་བ་གྱུར་ལ། ད་དུང་ཐག་རིང་ནས་ཕེབས་ཡོང་བའི་ཡུལ་སྐོར་བ་ཚོའང་བྱ་འགུལ་ནང་དུ་ཞུགས་ནས་དབྱར་སྐྱིད་སྤྲོ་སྣང་ཉམས་སུ་མྱོང་བ་ཞིང་།དགའ་འགུལ་ཡིད་རང་བ་གྱུར

ལི་ཐང་རྫོང་ལ་ཀྲུང་གོ་བོད་ཀྱི་རྟ་རྒྱུག་རིག་གནས་ཀྱི་ཕ་ས་ཞེས་པའི་མཚན་སྙན་ཐོབ་པ་རེད།

   ཉེར་བའི་ལོ་ནང་ཕྱི་རོལ་ལུས་རྩལ་ལས་དོན་འཕེལ་རྒྱས་འགྲོ་བ་དང་བསྟུན་ནས་གོམ་གང་མདུན་སྤོས་སྒོས་ལུས་རྩལ་དང་ཡུལ་སྐོར་མཉམ་དུ་འཕེལ་རྒྱས་ཐབས་ཇུས་གོང་ལེགས་གཏོང་ནས་རྟ་རྩལ་འགྲན་བསྡུར་གྱི་འཕེལ་རྒྱས་ལ་ཤུགས་སྣོན་དང་མཐོ་འདེད་གཏོང་ནས་ཡུལ་དེའི་ཡུལ་སྐོར་ཐོན་ལས་འཕེལ་རྒྱས་ཡོང་བར་བྱེད་དགོས། ལི་ཐང་རྫོང་གི་ཟླ་བ་ལྔ་པ་ནས་བཅུ་པའི་བར་ཟླ་རེ་ལ་རྟ་རྒྱུགས་བྱེད་སྒོ་རེ་སྤེལ་རྒྱུ་ཡིན། རྟ་རྩལ་འགྲན་བསྡུར་འདི་བརྒྱུད་དེ་རྟ་རྒྱུག་ལུས་རྩལ་དེ་རྒྱུན་ལྡན་ཅན་དང་སྤུས་ཚོད་མཐོ་བའི་འགྲན་བསྡུར་ཞིག་བསྒྱུར་རྒྱུ་ཡིན་པ་རེད།

 


  • ལེ་ཚན་སྔོན་མ།:ལི་ཐང་རྫོང་གི་ཞིང་འབྲོག་མང་ཚོགས་ཀྱིས་རི་སྐྱེས་ཤ་མོ་བཏུས་ནས་ཕྱུག་འགྱུར་ལམ་དུ་བསྐྱོད།
  • ལེ་ཚན་རྗེས་མ།:རང་ཁུལ་གྱི་གྲོང་སྡེའི་སྨན་པ་ཐའེ་ཞའོ་ཆིང་གིས་རྒྱལ་ཡོངས་ཀྱི་ཆེས་མཛེས་པའི་སྨན་པའི་མཚན་སྙན་ཐོབ།
  • དོ་སྣང་ཆེ་བའི་རྩོམ།