ནོར་སྲིད་པུའུ་དང་བབ་བསྟུན་དོ་དམ་པུའུ་ཡིས་ཞིང་ཆེན་དང་གྲོང་ཁྱེར5ལ་ཀྲུང་དབྱང་གི་རང་བྱུང་གནོད་འཚེ་རྒུད་སྐྱོབ་མ་དངུལ་སྒོར་དུང་ཕྱུར3.78སྤྲད།

ཡེ་ཤེས་ཀྱིས་བསྒྱུར།        2019-08-20

   ཞིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་སྤྱི་ཟླ8པའི་ཚེས13ཉིན་འབྱོར་བའི་གཏམ་གསར། བབ་བསྟུན་དོ་དམ་པུའུ་ནས་ཤེས་རྟོགས་བྱུང་དོན། ཉེ་ཆར། ནོར་སྲིད་པུའུ་དང་འཚུབ་བསྟུན་དོ་དམ་པུའུ་ཡིས་ཅང་ཞི་དང་ཧུའུ་ནན། ཁྲུང་ཆིང་། ཀུའེ་ཀྲོའུ། ཡུན་ནན་སོགས་ཞིང་ཆེན་དང་ཐད་སྐྱོང་གྲོང་ཁྱེར5ལ་ཀྲུང་དབྱང་གི་རང་བྱུང་གནོད་འཚེ་རྒུད་་སྐྱོབ་མ་དངུལ་སྒོར་དུང་ཕྱུར3.78སྤྲད་དེ། ཞིང་ཆེན་དང་གྲོང་ཁྱེར5ཡི་ཉེ་བའི་དུས་རིམ་ནང་འབེལ་པོ་བྱུང་བའི་ས་གཤིས་གནོད་འཚེ་བབ་བསྟུན་རྒུད་སྐྱོབ་ལས་ཀ་སྤེལ་བར་བཀོལ་སྤྱོད་བྱས་པ་རེད།

    ཤེས་རྟོགས་བྱུང་བར་གཞིགས་ན། མ་དངུལ་འདིའི་ནང་ཅང་ཞི་ཞིང་ཆེན་ལ་སྒོར་ཁྲི2500དང་ཧུའུ་ནན་ཞིང་ཆེན་ལ་སྒོར་དུང་ཕྱུར1.15 ཁྲུང་ཆིང་གྲོང་ཁྱེར་ལ་སྒོར་ཁྲི7400 ཀུའེ་ཀྲོའུ་ཞིང་ཆེན་ལ་སྒོར་ཁྲི6200 ཡུན་ནན་ཞིང་ཆེན་ལ་སྒོར་དུང་ཕྱུར1.02སྤྲད་པ་བཅས་འདུས་ཡོད་པ་དེ་གནོད་འཚེ་ཐེབས་རྗེས་མི་སྣ་འཚོལ་ཉུལ་བྱེད་པ་སོགས་བབ་བསྟུན་ཐག་གཅོད་བྱ་རྒྱུ་དང་། མི་ཚོར་རྨས་ཐེངས་གཉིས་པར་མི་ཡོང་བ་བྱ་ཆེད་བརྟག་དཔྱད་དང་ལྟ་ཞིབ་ཚད་ལེན། ཉེ་འཁོར་གྱི་མངོན་མེད་གནོད་སྐྱོན་མེད་པར་བཟོ་རྒྱུ། གནོད་ཐེབས་མི་སྣ་འཕྲལ་མྱུར་དུ་ཉེན་གཡོལ་གནས་སྤོ་བྱ་རྒྱུ། ཉེར་ཁ་སེལ་བ། གནས་སྐབས་ཀྱི་བདག་སྐྱོང་བྱེད་ཐབས་སྤྱོད་པ། ཡུལ་དངོས་ཀྱི་འགྲིམ་འགྲུལ་དང་འཕྲིན་གཏོང་བདེ་བགྲོད་ཡོང་བར་འགན་ལེན་བྱེད་པ་སོགས་ཀྱི་ཐད་སྤྱད་པ་རེད། །


  • ལེ་ཚན་སྔོན་མ།:《ཁྲོན་བོད་དང་མཚོ་བོད་གཞུང་ལམ་བསྐྲུན་ཏེ་རླངས་འཁོར་ཤར་གཏོང་ཐུབ་ནས་ལོ65འཁོར་བའི》དྲན་གསོའི་སྦྲག་འཛིན་ལྷ་སར་འགྲེམས་སྤེལ་ཐོག་མར་བྱས།
  • ལེ་ཚན་རྗེས་མ།:བོད་སྐད་གློག་བརྙན《ལྒང་བུ》ཏོ་རོན་ཏོ་རྒྱལ་སྤྱིའི་གློག་བརྙན་དུས་ཆེན་ལ་ཚུད་པ།
  • དོ་སྣང་ཆེ་བའི་རྩོམ།