བོད་ལྗོངས་ཀྱིས་ཞིང་ལས་ཐོན་རྫས་ཀྱི་མཁོ་སྤྲོད་སྤུས་ཚད་དང་ཕན་འབྲས་ནུས་ལྡན་ངང་ཆེ་རུ་བཏང་།

    མི་དམངས་ཉིན་རེའི་ཚགས་པར་ནས་དྲངས།    2019-08-20

     ཞིན་ཧྭ་གསར་འགྱུར་ཁང་ལྷ་ས་ནས་འབྱོར་བའི་གཏམ་གསར། ཉིན་ཤས་གོང་། ཀྲུང་ཧྭའི་རྒྱལ་ཡོངས་མཁོ་འཚོང་སྤྱི་ཁྱབ་ཁང་ཕྱོགས་བསྡུས་གསོ་སྦྱོང་ལྟེ་གནས་དང་པེ་ཅིང་ཚོང་ལས་དོ་དམ་ལས་བྱེད་པའི་སློབ་གླིང་གིས་གཙོ་གཉེར་བྱས་པ་དང་བོད་ལྗོངས་མཁོ་འཚོང་མཉམ་ལས་ཁང་གིས་སྒྲུབ་འགན་ཁུར་བའི“ཞིང་ལས་ཐོན་རྫས་ཀྱི་ཐོན་སྐྱེད་དང་ཕྱིར་འཚོང་སྦྲེལ་མཐུད་དང་ས་ཁོངས་སྤུས་རྟགས་གཏོད་པའི་གསོ་སྦྱོང་འཛིན་གྲྭ”ལྷ་སར་གཉེར་བ་རེད།

     དེའི་དམིགས་ཡུལ་ནི་གསོ་སྦྱོང་བྱས་པར་བརྒྱུད་ཞིང་ལས་ཐོན་རྫས་ཀྱི་ཐོན་སྐྱེད་དང་ཕྱིར་འཚོང་སྦྲེལ་མཐུད་ལས་དོན་སྔར་བས་ཡག་པོ་སྒྲུབ་པ་དང་། ཞིང་ལས་ཐོན་རྫས་མཁོ་སྤྲོད་སྤུས་ཚད་དང་ཕན་འབྲས་ཆེ་རུ་གཏོང་བ། ཐོན་སྐྱེད་ཆུང་གྲས་དང་ཁྲོམ་ར་ཆེན་པོ་སྦྲེལ་མཐུད་ལ་སྐུལ་འདེད་གཏོང་བ་བཅས་ཀྱི་ཆེད་དུ་རེད། དུས་ཡུན་ཉིན་བཞི་ཡི་གསོ་སྦྱོང་ནང་ལྗོངས་ཕྱི་ནང་ས་ཕྱོགས་ཁག་གི་མཁོ་འཚོང་ཁང་དང་། ཞིང་པའི་ཆེད་ལས་མཉམ་ལས་ཁང་། ཞིང་འབྲོག་ཐོན་རྫས་སྤྱི་གཉེར་ཁང་བཅས་ཀྱི་འགན་ཁུར་བ200ལྷག་ཙམ་གསོ་སྦྱོང་ནང་ཞུགས་ཡོད། ལྗོངས་ཕྱི་ནང་གི་ལས་རིགས་འདིའི་རིགས་གཅིག་མཁས་ཅན་གྱིས“ཐོན་རྫས་གསུམ་དང་མཚོན་རྟགས་གཅིག”གི་སྤུས་རྟགས་གཏོད་པ་དང་ཞིང་ལས་ཐོན་རྫས་ཁྲོམ་རར་འདོན་པ་དང་། ཞིང་ལས་ཐོན་རྫས་ཀྱི་སྤུས་ཚད་བདེ་འཇགས་ཚོད་འཛིན་དང་རྗེས་སྙེག་མ་ལག་འཛུགས་སྐྱོང་། བོད་ཀྱི་ཞིང་འབྲོག་སྤུས་རྟགས་སྐྱེད་སྲིང་། ཞིང་ལས་ཐོན་རྫས་ཀྱི་གཏམ་རྒྱུད་ཡག་པོ་བརྗོད་པ་དང་ཞིང་འབྲོག་ཁུལ་གྱི་ཐོན་རྫས་འགྲེམས་སྟོན་སྤེལ་རེས་སོགས་ཀྱི་སློབ་ཚན་ལ་དམིགས་ཏེ་འབྲེལ་ཡོད་ཤེས་བྱ་སློབ་ཁྲིད་བྱས་ཡོད། ད་ཐེངས་ཀྱི་གསོ་སྦྱོང་ནང་རིགས་གཅིག་མཁས་ཅན་གདན་དྲངས་ནས་སློབ་ཚན་ཁྲིད་པ་ཕུད། ད་དུང་ས་ཆ་དངོས་སུ་ལྟ་སྐོར་སློབ་སྦྱོང་དང་། གྲོས་བསྡུར་སྤེལ་རེས། ཞིང་འབྲོག་ཁུལ་གྱི་ཐོན་རྫས་འགྲེམས་སྟོན་སོགས་ཀྱི་བྱེད་སྒོ་སྣ་ཚོགས་སྒྲིག་འཛུགས་བྱས་ཡོད། པེ་ཅང་ཚོང་ལས་དོ་དམ་ལས་བྱེད་པའི་སློབ་གླིང་གི་འབྲེལ་ཡོད་འགན་ཁུར་བས་ཞིང་ལས་ཐོན་རྫས་ཀྱི་ཐོན་སྐྱེད་དང་ཕྱིར་ཚོང་སྦྲེལ་མཐུད་ཀྱི་དམ་འཛིན་བྱ་གཞི་དེ་བརྒྱུད་བོད་ཀྱི་ཁྱད་ལྡན་ཞིང་ལས་ཐོན་རྫས་བསྐྱར་དུ་གསེད་བཀྲོལ་བྱས་ཏེ་སྤུས་རྟགས་འཛུགས་སྐྱོང་དང་། ཚད་ལྡན་ཅན་གྱི་འཛུགས་སྐྲུན། ཐོན་རྫས་ཀྱི་སྤུས་ཚད་འཛུགས་སྐྱོང་བཅས་ཀྱི་ཐད་ཞིང་ལས་ཐོན་རྫས་ཀྱི་ནུས་པ་ཆེ་རུ་བཏང་ནས་ཞིང་ལས་ཐོན་རྫས་ཀྱི་ཐོན་སྐྱེད་དང་ཕྱིར་འཚོང་སྦྲེལ་མཐུད་ཤར་གཏོང་ཐུབ་པ་དང་ཞིང་ལས་ཐོན་རྫས་དྲ་ཐོག་ཏུ་སྐྱོན་བྲལ་ངང་འཕེལ་རྒྱས་འགྲོ་ཐུབ་པ་བྱེད་ཀྱི་ཡིན་ཞེས་ངོ་སྤྲོད་བྱས་པ་རེད།


  • ལེ་ཚན་སྔོན་མ།:པེ་ཅིང་གི་བོད་ལུགས་གསོ་རིགས་ཆེད་མཁས་དག“གསོ་བ་རིག་པའི”རིག་གཞུང་ཚོགས་འདུར་ཞུགས་ཏེ་བོད་ལུགས་གསོ་རིག་གི་ལུམས་བཅོས་འཕེལ་རྒྱས་ལ་ཐབས་ཇུས་ཅི་རིགས་བཏོན།
  • ལེ་ཚན་རྗེས་མ།:སི་ཁྲོན་གྱིས་སྐྱེ་ཁམས་དཔལ་ཡོན་གྱི་སྒྲིག་སྲོལ་བཅོས་བསྒྱུར་བྱས་ནས་རི་སྔོ་ཆུ་དྭངས་བརྟན་སྲུང་བྱས།
  • དོ་སྣང་ཆེ་བའི་རྩོམ།