བཞག་བྲ་རྟགས་བུམ་གྱི་ལྷ་སྒང་རྟ་རྒྱུག་སྐབས་དང་པོའི་མཐོང་ཐོས་ཟུར་བྲིས།

ཨོ་རྒྱན་གྱིས་བྲིས་ཤིང་པར་བླངས།        2019-08-16

    

བཞག་བྲ་རྟགས་བུམ་གྱི་ལྷ་སྒང་རྟ་རྒྱུག་སྐབས་དང་པོའི་མཐོང་ཐོས་ཟུར་བྲིས།

   2019ལོའི་དར་མདོ་མཛའ་གཞས་རོལ་དབྱངས་འདུ་ཚོགས་ཀྱི་ཡན་ལག་ལེ་ཚན་ཏེ་བཞག་བྲ་རྟགས་བུམ་གྱི་ལྷ་སྒང་རྟ་རྒྱུག་སྐབས་དང་པོ་དེ་སྤྱི་ཟླ8པའི་ཚེས7ནས་ཚེས10ཡི་བར་དུ་ལྷ་སྒང་གྲོང་རྡལ་ཤར་མི་ཉག་དགོན་ཆེན་གྱི་མདུན་རོལ་དཔལ་ཡུལ་ལྷས་ཞེས་པའི་རྩྭ་ཐང་རུ་སྤེལ་བ་རེད། རྩྭ་ཐང་དེ་དེང་རབས་རྒྱལ་སྤྱིའི་ལུགས་ཀྱི་རྟ་རྒྱུག་ཐང་ལྟར་སྒྲིག་བཟོ་བྱས་ཡོད་པས། རྒྱུག་རྟ་དག་གིས་ཐང་ཆེན་སྐོར་ནས་མགྱོགས་པའི་བང་ཁ་འགྲན་རྒྱུ་ཡིན་པས་ལྟད་མོ་བ་རྣམས་ལ་མཚོན་ན་མགོ་ནས་མཇུག་བར་དུ་ལྟད་མོ་ཕུན་སུམ་ཚོགས་པོ་ལ་རོལ་མྱོང་གི་གོ་སྐབས་ལྡན་པ་རེད།

བཞག་བྲ་རྟགས་བུམ་གྱི་ལྷ་སྒང་རྟ་རྒྱུག་སྐབས་དང་པོའི་མཐོང་ཐོས་ཟུར་བྲིས།

    ཉིན་འདི་དག་གི་རིང་ལ་རྔ་བ་ཁུལ་ཁྱུང་མཆུ་རྫོང་གི་སྐྱ་རྩལ་རུ་ཁག་དང་། ཡུན་ནན་ཤམ་བྷ་ལའི་ཡ་ལ་སོ་དམངས་ཁྲོད་སྐྱ་རྩལ་རུ་ཁག ལྷ་སྒང་གྲོང་རྡལ་འབྲོག་སྡེ་ཚོ་བ་བཅོ་བརྒྱད་ཀྱི་སྒ་ཆས་སྤྲས་པའི་རྟ་མཆོག་རུ་ཁག་སོགས་ཀྱིས་རྟ་མཆོག་གི་སྐྱ་རྩལ་དང་གོམ་འགྲོས་སོགས་རྟ་མཆོག་གི་རྩལ་ངོམ་པ་དང་། ཐང་གའི་སྒྱུ་རྩལ་རིག་གནས་དང་གསོ་རིག་པ། འབྲོག་པའི་ཁྱད་ལྡན་དམངས་སྲོལ། བོད་ཀྱི་རྒྱན་གོས་སྒྱུ་རྩལ། བོད་ཁམས་ཀྱི་ཞིང་ལས་ཐོན་རྫས་སོགས་ཀྱི་འགྲེམ་སྟོན་བྱས་ཡོད་པ་རེད།

བཞག་བྲ་རྟགས་བུམ་གྱི་ལྷ་སྒང་རྟ་རྒྱུག་སྐབས་དང་པོའི་མཐོང་ཐོས་ཟུར་བྲིས།

   དེ་མིན། གདོད་མའི་བྲོ་གཞས་འཁྲབ་སྟོན། དམངས་ཁྲོད་རོལ་རྩེད། འབྲོག་པའི་འཚོ་བ་ཉམས་སུ་མྱོང་བ་སོགས་གདོད་མའི་ཁྱད་ཆོས་ལྡན་པའི་བོད་ཀྱི་རིག་གནས་དང་འབྲེལ་བའི་བྱེད་སྒོ་གང་མང་སྤེལ་ཡོད་པ་རེད།

བཞག་བྲ་རྟགས་བུམ་གྱི་ལྷ་སྒང་རྟ་རྒྱུག་སྐབས་དང་པོའི་མཐོང་ཐོས་ཟུར་བྲིས།

    སྤྱི་ཟླ8པའི་ཚེས8ཀྱི་ཉིན་ལ་དཀར་མཛེས་ཁུལ་གཙོ་བོར་བྱས་པའི་ཡུན་ནན་དང་རྔ་བ། མགོ་ལོག་དང་ཆབ་མདོ། ཀན་ལྷོ་སོགས་བོད་སྨད་ཁམས་ཀྱི་ཡུལ་གྲུ་ཁག་ནས་མགྱོགས་པའི་བང་ཁ་རླུང་ལ་འགྲན་པའི་རྟ་མཆོག་དག་མི་ཉག་དཔལ་ཡུལ་ལྷ་སྒང་དུ་འདུས་ནས་སྤྱི་ལེ་བཅུ་ཡི་རྒྱུག་ཐག་གི་བར་ལ་མགྱོགས་པའི་བང་ཁ་བཤིབས་ཡོད་པ་རེད།

བཞག་བྲ་རྟགས་བུམ་གྱི་ལྷ་སྒང་རྟ་རྒྱུག་སྐབས་དང་པོའི་མཐོང་ཐོས་ཟུར་བྲིས།

བཞག་བྲ་རྟགས་བུམ་གྱི་ལྷ་སྒང་རྟ་རྒྱུག་སྐབས་དང་པོའི་མཐོང་ཐོས་ཟུར་བྲིས།

    འགྲན་སྡུར་དྲག་པོ་བྱས་མཐར་རྒྱུག་མ་ཨང་རྟགས27པ་རྫ་ཆུ་ཁ་ཉི་མས་བཞོན་པའི་རྟ་མཆོག་གིས་ཨང་དང་པོའི་མགྱོགས་དར་བླངས་ནས་དངུལ་སྒོར་ཁྲི88000དང་བཞག་བྲ་རྟགས་བུམ་གྱི་བྱ་དགའ་ཐོབ་པ་རེད། རྒྱུག་མ་ཨང་རྟགས3པ་མགར་ཐར་རྣམ་དཀར་གྱིས་བཞོན་པའི་རྟ་མཆོག་གིས་ཨང་གཉིས་པའི་མགྱོགས་དར་བླངས་ཤིང་དངུལ་སྒོར་ཁྲི68000ཀྱི་བྱ་དགའ་ཐོབ། རྒྱུག་མ་ཨང་རྟགས8པ་མཚོ་སྔོན་རྡོ་རྗེ་ཐར་གྱིས་བཞོན་པའི་རྟ་མཆོག་གིས་ཨང་གསུམ་པའི་མགྱོགས་དར་བླངས་པས་དངུལ་སྒོར་ཁྲི48000ཀྱི་བྱ་དགའ་ཐོབ་པ་སོགས་རིམ་པ་བཞིན་དུ་ཨང་ལྔ་པའི་བར་གྱི་རྟ་མཆོག་དག་ལ་མགྱོགས་དར་གྱི་བྱ་དགའ་ཐོབ་ཡོད་པ་རེད།

བཞག་བྲ་རྟགས་བུམ་གྱི་ལྷ་སྒང་རྟ་རྒྱུག་སྐབས་དང་པོའི་མཐོང་ཐོས་ཟུར་བྲིས།
བཞག་བྲ་རྟགས་བུམ་གྱི་ལྷ་སྒང་རྟ་རྒྱུག་སྐབས་དང་པོའི་མཐོང་ཐོས་ཟུར་བྲིས།


 


  • ལེ་ཚན་སྔོན་མ།:བོད་ཁུལ་ལ་བདེ་སྐྱིད་སྐྱོང་བའི་གཞུང་ལམ།
  • ལེ་ཚན་རྗེས་མ།:ཞིང་ཆེན་གྱི་ལུས་རྩལ་འགྲན་སྡུར་ནང་རང་ཁུལ་གྱི་གྲུབ་འབྲས་ཡག་པོ་ཐོབ།
  • དོ་སྣང་ཆེ་བའི་རྩོམ།