བོད་ཁུལ་ལ་བདེ་སྐྱིད་སྐྱོང་བའི་གཞུང་ལམ།

ལྷ་འཛོམས་ཀྱིས་འཚོལ་བསྡུས་བྱས་ནས་བསྒྱུར།        2019-08-16

    

བོད་ཁུལ་ལ་བདེ་སྐྱིད་སྐྱོང་བའི་གཞུང་ལམ།

    ཀྲུང་གོའི་འགྲིམ་འགྲུལ་ས་ཁྲ་ཁ་ཕྱེ་དུས་བོད་ལྗོངས་ལྷ་ས་ནས་ཤར་ཕྱོགས་སུ་བརྒྱུད་པའི་གཙོ་ལམ་ཞིག་མིག་ལམ་དུ་མངོན་པ་དེ་འཛམ་གླིང་གི་གཞུང་ལམ་ལོ་རྒྱུས་ཁྱད་མཚར་ཞེས་པའི་མཚན་སྙན་ཡོངས་སུ་གྲགས་པའི་ཁྲོན་བོད་གཞུང་ལམ་རེད།གཞུང་ལམ་དེས་སྤྱི་མཐུན་རྒྱལ་ཁབ་ཀྱི་འཕར་རྩ་ཆེན་པོ་ཞིག་དང་མཚུངས་ཏེ་བོད་ལྗོངས་དང་ནང་ལོགས་ས་ཁུལ་དམ་པོར་སྦྲེལ་བ་རེད།  བགྲང་བྱ60ལྷག་ཙམ་རིང་ལ་ཁྲོན་བོད་གཞུང་ལམ་གསར་དུ་བསྐྲུན་པ་ནས་རྒྱུན་ཆད་མེད་པར་རིམ་སྤོར་འཐུས་ཚང་དུ་བཏང་ནས་གཞུང་ལམ་རྒྱ་ཇེ་ཡངས་དང་སྟབས་ཇེ་བདེར་འགྲོ་བ་དང་བསྟུན་ནས་བོད་རིགས་ས་ཁུལ་གྱི་མི་དམངས་ཀྱི་འབྱོར་འབྲིང་སྤྱི་ཚོགས་ཀྱི་ཕུགས་འདུན་དང་དོན་དངོས་ཀྱི་འཚོ་བ་དེ་ཁྲོན་བོད་གཞུང་ལམ་དང་རིམ་བཞིན་དུ་མཉམ་འདྲེས་ཡོང་བཞིན་ཡོད་པ་རེད།

ཉེན་ཁ་ཆེ་བའི་ལམ་ཕྲང་ནས་བདེ་འགྲོའི་ལམ་དུ་མཁའ་ལམ་གྱི་མཚན་ཉིད་རྒྱུད་ཆད་མེད་པར་ཕུན་སུམ་ཇེ་ཚོགས་སུ་ཕྱིན།

   ཁྲོན་བོད་གཞུང་ལམ་ནི་ཤར་སི་ཁྲོན་ཁྲེང་ཏུའུ་གྲོང་ཁྱེར་ནས་ནུབ་བོད་ལྗོངས་ལྷ་ས་གྲོང་ཁྱེར་བར་ཡིན་པའི་གཞུང་ལམ་ཧྲིལ་པོར་རིང་ཚད་སྤྱི་ལེ་ཉིས་སྟོང་ལྷག་ཙམ་ཡོད་པ་རེད། 1950ལོའི་ལོ་འགོར་བོད་སྐྱོད་དམག་དཔུང་ཆེན་པོས་མིའི་ཤེད་ཤུགས་དང་ལག་ཆས་ཐབས་ཆག་ལ་བརྟེན་ནས་རི་ལམ་བཏོད་པ་དང་ཆུའི་ཐོག་ཟམ་པ་བཙུགས་ཏེ་འཛམ་བུ་གླིང་གི་གཞུང་ལམ་ལོ་རྒྱུས་ཀྱི་ཁྱད་མཚར་བའི་ཟིན་ཐོ་བཀོད་པ་རེད།

ཁྲོན་བོད་གཞུང་ལམ་ནི་དང་ཐོག་ཨར་སྐྲུན་བཟོ་པས་སྦྱག་མ་དང་། ལྕགས་ཧྲེང་། ཐོ་བ་སོགས་ལག་ཆ་ཐབས་ཆག་བརྟེན་ནས་བསྐྲུན་པ་ཞིག་ཡིན་ཞིང་། སྐྲུན་པའི་སྐབས་སུ་རི་ཉིལ་བ་དང་། འདམ་རྡོའི་ཆུ་རུད་བྱུང་བ། ས་ཁད་མཐོ་ཞིང་གྲང་ངར་ཆེ་བ། དབྱང་རླངས་མི་འདང་བ་སོགས་ཀྱིས་རྟག་ཏུ་བཟོ་པ་ཚོའི་ཚེ་སྲོག་ལ་ཉེན་ཁ་བཟོས་ཤིང་། ཨར་ལས་བྱེད་པའི་ལོ་དང་པོར་མི2000ལྷག་ཙམ་གྱི་སྲོག་ཤོར་ཡོད། དཀར་མཛེས་ཁུལ་གྱི་སྡེ་དགེ་ཁྲོ་ལ་རྐྱང་པར་མི300གི་སྲོག་ཤོར་བ་རེད།

  ཁྲོན་བོད་གཞུང་ལམ་བསྐྲུན་པའི་ལོ་བཞི་ལྷག་ཙམ་རིང་མི3000ལྷག་ཙམ་གྱིས་ལམ་བཟོ་བའི་བརྒྱུད་རིམ་ནང་ཚེ་སྲོག་བློས་བཏང་ཡོད། མི་ཁྲི་བཅུ་ལྷག་ཙམ་ལ་ཟིན་པའི་ལམ་བཟོའི་དཔུང་སྡེ་དེས་འཛམ་གླིང་ཡང་རྩེར་བོད་ཁུལ་དང་ནང་ལོག་ས་ཁུལ་བརཁྲག་རྒྱུན་འདྲེས་ལམཞིག་ཁྲིད་དེ་བོད་རིགས་ས་ཁུལ་དུ་དེང་རབས་གཞུང་ལམ་མེད་པའི་ལོ་རྒྱུས་མཇུག་བསྒྲིལ་བ་རེད། དུས་དེ་ནས་བཟུང་། དངོས་ཟོག་མང་པོ་ཞིག་ཁྲོན་བོད་གཞུང་ལམ་བརྒྱུད་ནས་བོད་རིགས་ས་ཁུལ་དུ་དབོར་ཡོང་བས་བོད་དུ་དངོས་ཟོག་དཀོན་པའི་གནས་བབ་ལ་འགྱུར་ལྡོག་ཆེན་པོ་བྱུང་བར་མ་ཟད། ད་དུང་བོད་དང་ནང་ལོགས་ས་ཁུལ་བར་གྱི་ཆབ་སྲིད་དང་དཔལ་འབྱོར། རིག་གནས་བཅས་ཀྱི་སྦྲེལ་ཐག་ཀྱང་དམ་དུ་ཕྱིན་པ་རེད།

   ཁྲོན་བོད་གཞུང་ལམ་བརྒྱུད་ཡུལ་དུ་གནས་སྟོད་འཁྱགས་ཀླུང་། གནམ་ལྕགས་འབར་བ། ར་འོག་མཚོ། བོད་ཀྱི་སུའེ་ཙེར་ཆུང་ངུ་ཞེས་མཚན་སྙན་གྲགས་པའི་ཀླུ་ནང་གྲོང་རྡལ་སོགས་འཛམ་གླིང་རིམ་པའི་ཡུལ་སྐོར་མཛེས་ལྗོངས་ཁུལ་མང་པོ་ཡོད་པ་རེད། དེ་གའི་ས་ཆ་མང་པོ་ཞིག་ལརི་བོ་གཅིག་ལ་དུས་ཚིགས་བཞི་ཡི་ཁྱད། ལེ་དབར་བཅུ་ལ་གནམ་གཤིས་མི་འདྲའི་ཁྱདམཐོང་རྒྱུ་ཡོད་པ་རེད། ཡིན་ནའང་འཕྲེད་རྒྱུག་རི་རྒྱུད་ལ་དམིགས་བསལ་ས་བབ་དང་ཡང་ཡང་བྱུང་བའི་ས་གཤིས་ཀྱི་གནོད་འཚེས་དུས་ཡུན་རིང་པོའི་ནང་ཁྲོན་བོད་གཞུང་ལམ་དུ་ལོ་ལྟར་ལོ་ཕྱེད་ཙམ་རླངས་འཁོར་གཏོང་ཐབས་བྲལ་བའི་གནས་ཚུལ་བྱུང་དང་འབྱུང་བཞིན་ཡོད་པ་རེད།

  ཁྲོན་བོད་གཞུང་ལམ་བདེ་བགྲོད་ཡོང་ཆེད། བགྲང་བྱ60ལྷག་ཙམ་རིང་ལ་རྒྱལ་ཁབ་ཀྱིས་སྔ་རྗེས་སུ་མ་དངུལ་འབོར་ཆེན་བཏང་ནས་བསྒྱུར་བཀོད་དང་ཉམས་བཟོ་བྱས་པས་མ་ཚད། ད་དུང་དྲག་ཆས་ཉེན་རྟོག་འགྲིམ་འགྲུལ་དཔུང་སྡེ་བཙུགས་ཏེ་ལོ་འཁོར་ལ་ཁྲོན་བོད་གཞུང་ལམ་ཐོག་གི་དཀའ་ཚེགས་ཆེ་ཤོས་དང་ས་བབ་མཐོ་ཤོས་ཀྱི་སྤྱི་ལེ800ཡི་ལམ་རྒྱུད་ལ་ལྟ་སྲུང་བྱེད་ཀྱིན་ཡོད། འུ་ལངས་རི་བོའི་ཕུག་ལམ་དང་། ཐང་སྨད་རང་བྱུང་བཙན་འགག 102རི་ཉིལ་ས་སོགས་ལམ་ཞན་ས་མང་པོ་ཞིག་ལ་རླངས་འཁོར་ཤར་གཏོང་ཐུབ་པས་རླངས་འཁོར་བསྐྱོད་པའི་དུས་ཚོད་ཐུང་དུ་སོང་བར་མ་ཟད། ད་དུང་འགྲུལ་བཞུད་ཐད་སྔར་བས་ཉེན་ཁ་མེད་པ་དང་སྐྱིད་པའི་ཐོབ་ཚོར་སྔ་བས་ཇེ་དྲག་ཏུ་སོང་བ་རེད།

  རྨང་གཞིའི་སྒྲིག་བཀོད་རིམ་བཞིན་འཐུས་ཚང་ཡོང་བ་དང་བསྟུན་ནས་ཁྲོན་བོད་གཞུང་ལམ་དེ་ཀྲུང་གོ་མིའི་མཛེས་ལྗོངས་ལྟ་སའི་ལམ་དུ་གྱུར་ནས་ཆེད་རམས་ཚོས་ཀྱང་་ཁྲོན་བོད་གཞུང་ལམ་ནི་ཀྲུང་གོ་དང་མཐའ་ན་འཛམ་བུ་གླིང་དུ་མཛེས་ལྗོངས་མང་པོ་འདུས་པའི་ཁྱམས་རིང་ཞིག་ཡིན་ལ། རང་བྱུང་མཛེས་ལྗོངས་སྣ་མང་ཕུན་སུམ་ཚོགས་པོ་ཡིན་པ་ངོས་འཛིན་བྱས་པ་རེད།

  སྐྱེལ་འདྲེན་བགྲོད་ལམ་ནས་དཔལ་འབྱོར་བར་ཁྱམས་བར། མཁའ་ལམ་གྱི་ནུས་པར་རིམ་བཞིན་འགྱུར་ལྡོག་བྱུང་།

  ཉེ་ཆར་གསར་འགོད་པས་ཁྲོན་བོད་གཞུང་ལམ་དུ་ཉིན་ལྟར་རྒྱལ་ཁབ་ཕྱི་ནང་གི་གྲགས་ཅན་བྱེས་བགྲོད་རླངས་འཁོར་དང་འཇིབ་འཁོར་སོགས་བརྒྱ་ཕྲག་ཁ་ཤས་དེ་སྔའི་བྱེ་རྡོའི་ལམ་དུ་བསྐྱོད་ནས་གངས་རི་བརྒལ་བ་དང་གཙང་ཆུ་བཤགས་ནས་རི་མཐོན་པོ་དང་གཡང་གཟར་གྲོག་རོང་ཀླུང་དུ་མྱུར་སྟབས་བདེ་རྒྱུག་བྱེད་པ་མཐོང་བྱུང་། ན་ནིང་ཁོ་ནར་ཉིང་ཁྲི་གྲོང་ཁྱེར་གྱིས་སྒེར་འཁོར་གཏོང་བའི་ཡུལ་སྐོར་བ་མིའི་ཐེངས་གྲངས་ཁྲི300ལྷག་ཙམ་ལ་སྣེ་ལེན་བྱས་ཡོད། ད་ཆར་ཁྲོན་བོད་གཞུང་ལམ་ནི་སྐྱེལ་འདྲེན་གྱི་གཞུང་ལམ་ཆེན་པོ་ཞིག་ཁོ་ན་མིན་པར་མཛེས་ལྗོངས་ལ་མྱོང་རོལ་བྱེད་པའི་ཡུལ་སྐོར་ལམ་ཐིག་ཡག་ཤོས་སུ་གྱུར་བར་མ་ཟད། གཞུང་ལམ་བརྒྱུད་ཡུལ་གྱི་དཔལ་འབྱོར་འཕེལ་རྒྱས་གཏོང་བའི་བར་ཁྱམས་གལ་ཆེན་ཞིག་ཏུ་གྱུར་པ་རེད།

ཁྲོན་བོད་གཞུང་ལམ་བརྒྱུད་ཡུལ་གྱི་མི་ཚོས་སྲོལ་རྒྱུན་གྱི་ཞིང་འབྲོག་ལས་ལ་བརྟེན་ནས་འཚོ་བ་གཏོང་མཁན་ཞིང་། འབྲོག་པ་མང་པོས་ད་ཆར་ཁྱིམ་ཚང་མགྲོན་ཁང་དང་སྐྱེལ་འདྲེན་སོགས་ཀྱི་ལས་ལ་འབད་འགོ་ཚུགས་ནས་ཡུལ་སྐོར་ལས་རིགས་གཉེར་བཞིན་ཡོད་པ་རེད། སི་ཁྲོན་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་གྱི་ལྕགས་ཟམ་རྫོང་རི་མཇུག་གྲོང་རྡལ་མཐུན་སྒྲིལ་གྲོང་ཚོ་ནི་གཞུང་ལམ318པ་བརྒྱུད་ཡུལ་དུ་གནས་ཡོད་པས་དངོས་ཟོག་སྣ་ཚོགས་བོད་དུ་དབོར་བའི་བརྒྱུད་ལམ་གལ་ཆེན་ཞིག་ཡིན་པ་རེད།

 ཉེ་བའི་ལོ་འགའ་ལ་ཡུལ་སྐོར་ལས་རིགས་ལ་བརྟེན་ནས་ཡུལ་དེ་གའི་གྲོང་མིས་ར་གྲོད་ཤ་མོ་དང་སྨན་རྩྭ་སྣ་ཚོགས་འདེབས་བཙུགས་བྱས་ནས་ཕྱུག་པོར་ཆགས་པ་རེད། གྲོང་མི་ལི་ཀྲུང་ཆིན་གྱིས་གཞུང་ལམ་གྱི་འགྲམ་དུ་ཞིང་ར་ཞིག་གཉེར་ཡོད་པས། ཁོས་ཡུལ་སྐོར་བས་ཤིང་ཏོག་བཏོགས་ནས་མྱོང་རོལ་བྱེད་ཆོག་པ་དང་ངས་འདིར་ཞིང་ལས་དང་ཡུལ་སྐོར་ཟུང་འབྲེལ་བྱེད་པ་རེད་ཅེས་བཤད་པ་རེད།

  སི་ཁྲོན་ཞིང་ཆེན་དང་བོད་རང་སྐྱོང་ལྗོངས་གཉིས་ཀྱིས་ད་དུང་མཐོ་སྒང་གི་་ཁྱད་ཆོས་ལྡན་པའི་ལས་ཐོན་རྫས་གཞི་རྟེན་འཛུགས་སྐྱོང་ལ་སྐུལ་འདེད་མགྱོགས་སུ་བཏང་སྟེ་ནས་དང་གནག་ཕྱུག བོད་ཀྱི་གསོ་རིག་དང་སྨན་རྫས་སོགས་འདེགས་སྐྱོར་ནུས་པ་ཆེ་ལ་ཕན་འབྲས་མངོན་གསལ་དོད་པའི་མཐོ་སྒང་གི་ཁྱད་ཆོས་ཐོན་ལས་རབ་དང་རིམ་པ་འདེབས་འཛུགས་བྱས་ཏེ་ཁྱད་ཆོས་ལྡན་པའི་དཔལ་འབྱོར་དར་རྒྱས་མྱུར་པོ་ཕྱིན་ནས་བོད་རིགས་ས་ཁུལ་གྱི་དཔལ་འབྱོར་ཁྲོད་གསོན་ཤུགས་དང་གཏིང་ཤུགས་ཆེ་ཤོས་སུ་གྱུར་པ་རེད།

    འདས་པ་ནས་མ་འོངས་བར། མཁའ་ལམ་གྱི་འགན་འཁྲི་སྒྲུབ་མཁན་གསར་པའང་བསྣན་ཡོད།

  སྔོན་ཆད་ཀྱི་རྡོ་ཟེགས་ལམ་ནས་ད་ལྟའི་འགྱིག་སྣུམ་ལམ་དང་། སྔོན་ཆད་ཀྱི་བོད་སྐྱོད་ལམ་རྐྱང་པ་ནས་ད་ཆའི་མཚོ་བོད་དང་ཡུན་ནན་ནས་བོད་ལྗོངས་བར། བོད་ལྗོངས་ནས་ཤིན་ཅང་བར་གྱི་གཞུང་ལམ་སོགས་བོད་ལ་སྐྱོད་ཐུབ་པའི་བགྲོད་ལམ་མང་པོ་ཡོད་ཅིང་། དེའི་ཐོག་སི་ཁྲོན་ཞིང་ཆེན་དང་རང་སྐྱོང་ལྗོངས་ཀྱི་གཉིས་ཀྱི་འགྲིམ་འགྲུལ་སྒྲིག་བཀོད་རྒྱུན་ཆད་མེད་པར་རིམ་སྤོར་དང་འཐུས་སྒོ་ཇེ་ཚང་དུ་སོང་ཡོད་པས། ཁྲོན་བོད་གཞུང་ལམ་གྱིས་བོད་འདྲེན་འགན་འཁྲི་སྒྲུབ་མཁན་གསར་པ་བསུ་ཡོང་བ་རེད།

  ཁྲོན་བོད་མྱུར་བགྲོད་གཞུང་ལམ་དེ་ཛ་དྲག་ངང་སྐྲུན་བཞིན་ཡོད་པའི་ཁྲོད་ཁྲེང་ཏུའུ་ནས་གཡག་རྔ་བར་གྱི་མྱུར་བགྲོད་གཞུང་ལམ་དང་། གཡག་རྔ་ནས་དར་རྩེ་མདོ་བར་གྱི་མྱུར་བགྲོད་གཞུང་ལམ། ལྷ་ས་ནས་ཉིང་ཁྲི་བར་གྱི་རིམ་མཐོའི་གཞུང་ལམ་སོགས་གཉེར་སྐྱོང་བྱེད་འགོ་ཚུགས་པ་དང་། ལྷག་པའི་གཞུང་ལམ་དུམ་བུ་དག་བསྐྲུན་དང་སྐྲུན་ཞིན་ཡོད་པ་དང་ཡང་ན་སྔོན་འགྲོའི་གྲ་སྒྲིག་བྱེད་བཞིན་ཡོད་པ་རེད།

  ང་ཚོས་དེ་བས་རེ་སྒུག་བྱེད་འོས་པ་ཞིག་ནི་མ་དངུལ་སྒོར་དུང་ཕྱུར2700ལྷག་བཏང་བའི་ཁྲོན་བོད་ལྕགས་ལམ་ཡང་ལོ་ལྔའི་འཆར་གཞི་བཅུ་གསུམ་པའི་ལས་གཞི་གཙོ་གནད་ནང་དངོས་སུ་བཞག་པ་དང་། ཁྲེང་ཏུའུ་ནས་གཡག་རྔ་བར་གྱི་གཞུང་ལམ་ཐོག་རླངས་འཁོར་ཤར་གཏོང་ཐུབ་ཡོད། ལྷ་ས་ནས་ཉིང་ཁྲི་བར་གྱི་གཞུམ་ལམ་དུམ་བུ་སྐྲུན་བཞིན་ཡོད་པ་དང་མིག་སྔར་སྒྲོམ་འདིང་དུས་མཚམས་སུ་སླེབས་ཡོད་པ་རེད།

  དེ་ནས་མ་འོངས་པར་ཁྲོན་བོད་གཞུང་ལམ་སོགས་འགྲིམ་འགྲུལ་གྱི་འགག་གནད་དུ་བྱས་ནས་བོད་ལྗོངས་དང་མེས་རྒྱལ་ནང་ལོག་ས་ཁུལ་བར་གྱི་དཔལ་འབྱོར་འབྲེལ་བ་སྔར་བས་དམ་ཟབ་ཏུ་སོང་ཞིང་། གནའ་བོའི་གངས་ལྗོངས་མཐོ་སྒང་འདི་ཉིད་དེང་རབས་ཅན་གྱི་འཕེལ་རིམ་ནང་བཀག་སྡོམ་ནས་གྲོལ་ཏེ་འཛམ་གླིང་དུ་ཕྱོགས་སུ་སྐྱོད་ཐུབ་ངེས་རེད།།



  • ལེ་ཚན་སྔོན་མ།:སེར་ཤུལ་རྫོང་དུ་གནའ་བོའི་བྲག་བརྐོས་རི་མོ་གསར་རྙེད་བྱུང་།
  • ལེ་ཚན་རྗེས་མ།:བཞག་བྲ་རྟགས་བུམ་གྱི་ལྷ་སྒང་རྟ་རྒྱུག་སྐབས་དང་པོའི་མཐོང་ཐོས་ཟུར་བྲིས།
  • དོ་སྣང་ཆེ་བའི་རྩོམ།