བོད་ལྗོངས་ཀྱི་དམག་ཞུགས་ཐོ་འགོད་བྱེད་ཚད100%ཐོག་མར་མངོན་འགྱུར་བྱུང་བ།

        2019-08-13

ཉིན་ཤས་གོང་། གསར་འགོད་པས་རང་སྐྱོང་ལྗོངས་དམག་བསྡུ་གཞུང་དོན་ཁང་ནས་ཤེས་རྟོགས་བྱས་པར། ད་ལོར་བོད་རང་སྐྱོང་ལྗོངས་ཀྱི་དམག་ཞུགས་ཐོ་འགོད་ལས་དོན་ཐད“དམག་བསྡུའི་ལས་དོན་ལ་དམ་འཛིན་ཡག་པོ་བྱེད་དགོས་ན་སྔ་ཙམ་དམ་འཛིན་དང་གྲ་སྒྲིག་བྱས་ནས་སྤེལ་བ”དང“ཚད་གཞི་མཐོ་པོའི་སྒོ་ནས་དམག་བསྡུའི་ལས་འགན་ལེགས་སྒྲུབ་བྱེད་པའི”བླང་བྱ་གཞིར་བཟུང་། བློ་ཁོག་ཆེན་པོས་བྱེད་ཐབས་གསར་གཏོད་དང་། དམག་དཔུང་དང་ས་གནས་མཉམ་ལས་དམ་ཟབ། ཞིབ་བཤེར་དང་ལྟ་སྐུལ་མཛུབ་ཁྲིད་མངོན་གསལ་དོད་པོ་ཡོང་བ་བཅས་བྱས་ཡོད། རྒྱལ་ཁབ་དམག་བསྡུ་གཞུང་དོན་ཁང་གི་བརྡ་ཁྱབ་གཞིར་བཟུང་། ད་ལོར་རང་ལྗོངས་ཀྱི་དམག་ཞུགས་ཐོ་འགོད་བྱེད་ཚད100%ཐོག་མར་ཟིན་ནས་ལོ་རྒྱུས་རང་བཞིན་གྱི་ཚད་བརྒལ་བྱུང་ཡོད་པ་རེད།

ཤེས་རྟོགས་བྱུང་བར་གཞིགས་ན། ལྗོངས་དམག་ཞབས་གཞུང་དོན་ཁང་གིས་རང་ལྗོངས་ཀྱི་དོན་དངོས་དང་ཟུང་འབྲེལ་བྱས་ཏེ། དམག་ཞུགས་ཐོ་འགོད་བྱེད་ཚད“ཟླ4པའི་ཟླ་མཇུག་གོང95%ལེགས་སྒྲུབ་བྱེད་པ་དང་། ཟླ5པ་ནས་ཟླ6པའི་བར་ལྷག་འཕྲོས་ཀྱི5%ནུས་ཤུགས་ཡོད་རྒུས་ཐག་གཅོད་བྱེད་པའི”དུས་མཚམས་ལས་དོན་གྱི་གོམ་སྟབས་བཟོས་པ་དང་ཆབས་ཅིག ཐབས་མང་སྤྱད་དེ་སྒྲོག་འགྲེལ་དང་མང་ཚོགས་ཀྱི་སྟོབས་ཤུགས་སྐུལ་སློང་བྱས་ནས་ལས་དོན་སྤེལ་བ་རེད། དམག་ཞུགས་ཐོ་འགོད་དེ་དམག་བསྡུའི་ལྟ་སྐུལ་མཛུད་ཁྲིད་དང་ཞིབ་བཤེར་གྱི་ནང་དོན་གལ་ཆེན་དུ་བརྩི་རྒྱུ་མཐའ་འཁྱོངས་ཀྱིས《བོད་རང་སྐྱོང་ལྗོངས་ཀྱི་དམག་ཞུགས་ཐོ་འགོད་ལག་བསྟར་ཞིབ་སྲོལ》བཀྲམ་པ་དང་། རང་སྐྱོང་ལྗོངས་དང་། གྲོང་ཁྱེར། རྫོང་བཅས་རིམ་གསུམ་ལས་དོན་གྱི་འགན་འཁྲི་དང་འགན་ནུས་ཀྱི་ལས་འགན་ཁ་གསལ་བཟོས་པ། ལྗོངས་ཡོངས་ཀྱི་དམག་ཞུགས་ཐོ་འགོད་ཀྱི་ཚད་ལྡན་ཅན་དང་ལམ་ལུགས་ཅན་གྱི་ཆུ་ཚད་ཕྱོགས་ཡོངས་ནས་མཐོ་རུ་བཏང་བ། དཀའ་གནད་དང་གཙོ་གནད་ལ་དམིགས་རྒྱུ་མཐའ་འཁྱོངས་བྱས་པ། དམག་དཔུང་དང་ས་གནས་ཀྱི་འགན་ནུས་སྡེ་ཚན་གྱི་མཉམ་ལས་བྱེད་ཤུགས་ཆེ་རུ་བཏང་ཡོད། བརྒྱུད་རིམ་ཧྲིལ་པོར་རྗེས་སྙེག་གིས་ཕན་འབྲས་དངོས་དྲིས་ནས་དུས་དང་རྣམ་པ་ཀུན་ཏུ“དྲ་ཐོག་དང་དྲ་ཕྱིའི”དམག་ཞུགས་ཐོ་འགོད་ཀྱི་འཕེལ་རིམ་གནས་ཚུལ་ཤེས་རྟོགས་དང་ཁོང་དུ་ཆུད་པར་བྱས་པ་དང་འབྲེལ་དམག་བསྡུའི་ལས་དོན་གྱི་གནས་ཚུལ་གནད་བསྡུས་དང་། ཆེད་དོན་བརྡ་ཁྱབ། གཞུང་ཡིག་བཏང་ནས་ལྟ་སྐུལ་མཛུབ་ཁྲིད་སོགས་ཀྱི་བྱེད་སྟངས་སྤྱད་དེ་དུས་བཀག་ནང་གྲོང་ཁྱེར་དང་རྫོང་གི་དམག་ཞུགས་ཐོ་འགོད་ཀྱི་སྐུལ་འདེད་གཏོང་ཤུགས་བརྡ་ཁྱབ་བཏང་སྟེ་རིམ་ཁག་ལ་དམག་ཞུགས་ཐོ་འགོད་ལས་དོན་ལ་ཚད་མཐོའི་མཐོང་ཆེན་དང་དམ་འཛིན་དངོས་བྱས་ནས་ཕན་འབྲས་ཐོན་པ་བྱ་རྒྱུའི་སྐུལ་མ་བཏང་བ་རེད། །


  • ལེ་ཚན་སྔོན་མ།:ལྷོ་ཁ་གྲོང་ཁྱེར་གྱིས་མི་དམངས་བློ་ཡིད་ཚིམ་པའི་སྲིད་གཞུང་ནུས་ཤུགས་ཡོད་རྒུས་བཏོད་པ།
  • ལེ་ཚན་རྗེས་མ།:རྒྱལ་སྲིད་སྤྱི་ཁྱབ་ཁང་གི་སྔོན་གཤེགས་དཔའ་བོའི་བསྟོད་བསྔགས་སྲོལ་ཡིག་བཟོ་བཅོས་བྱེད་པའི་སྐོར་གྱི་ཆོད་དོན་བསྒྲགས།
  • དོ་སྣང་ཆེ་བའི་རྩོམ།