ཁོས་རྫོགས་ཐབས་མེད་པའི་བོད་གླུའི་རོལ་དབྱངས་དཀྲོལ།

ཡེ་མིང་གིས་བསྒྱུར་ཞུས་བྱས།        2019-07-19

ཁོས་རྫོགས་ཐབས་མེད་པའི་བོད་གླུའི་རོལ་དབྱངས་དཀྲོལ།

    དགེ་རྒྱལ་པདྨ་ནི་དཀར་མཛེས་ཁུལ་བྲག་མགོ་རྫོང་གི་མི་ཡིན་ཞིང་། ལྷོ་ནུབ་མི་རིགས་སློབ་གྲྭ་ཆེན་མོ་ནས་སློབ་མཐར་ཕྱིན་པ་དང་བོད་རིགས་ཀྱི་སྤྱི་ཕན་གླུ་པ། བརྙན་རིས་བཟོ་སྐྲུན་དང་གླུ་ཚིག་རྩོམ་པ་པོ།  གངས་ལྷ་མེ་ཏོག་བོད་ཁུལ་སྤྱི་ཕན་བྱ་གཞག་འཕེལ་རྒྱས་ལྟེ་གནས་ཀྱི་དྲུང་ཡིག་ཆེན་མོ། མེས་པོའི་དབྱངས་ལེ་ཚན་གྱི་གསར་གཏོད་པ། མེས་པོའི་དབྱངས་བོད་ཀྱི་སྲོལ་རྒྱུན་རོལ་དབྱངས་དང་འཕེལ་རྒྱས་མཐུན་ཚོགས་ཀྱི་ཚོགས་གཙོ་བཅས་ཡིན་པ་རེད།

ཁོས་རྫོགས་ཐབས་མེད་པའི་བོད་གླུའི་རོལ་དབྱངས་དཀྲོལ།

བོད་ཀྱི་སྲོལ་རྒྱུན་རོལ་དབྱངས་རྒྱུན་འཛིན་བྱས་པར་ལས་དོན་ཕྲན་བུ་བསྒྲུབ་རྒྱུའི་ཆོད་སེམས་བཅངས།

    དགེ་རྒྱལ་པདྨ་ནི་བྲག་མགོ་རྫོང་གི་འབྲོག་སྡེ་ཞིག་ཏུ་སྐྱེས་ཤིང་། ས་གཞི་ཡོངས་སུ་ཁྱབ་པའི་ནོར་ལུག་དང་སྙན་འཇེབས་ཀྱི་འབྲོག་གླུའི་རོལ་དབྱངས་ཁྲོད་ནས་ཁོ་རང་ཉིད་འཚར་ལོངས་བྱུང་བར་བརྟེན།  བོད་ཀྱི་སྲོལ་རྒྱུན་རོལ་དབྱངས་ལ་དམིགས་བསལ་གྱི་བརྩེ་དུང་ཆགས་པ་རེད། དམའ་རིམ་སློབ་འབྲིང་ནས་སློབ་མཐར་ཕྱིན་རྗེས། རོལ་དབྱངས་ཀྱི་འཚོ་བར་བརྩོན་ལེན་དེ་བས་ཡག་པོ་བྱ་ཆེད། དགེ་རྒྱལ་པདྨས་གཞན་ཡུལ་དུ་ཕྱིན་ནས་རང་ཉིད་སྐྱེད་སྲིང་བྱ་རྒྱུའི་ཆོད་སེམས་བཅངས་པ་རེད།

    ཁོ་རང་ཕ་ཡུལ་དང་བྲལ་ནས་སྔོན་རྗེས་སུ་ཆབ་མདོ་དང་ལྷ་ས། ནག་ཆུ། མཚོ་སྔོན། ཁྲེང་ཏུའུ་བཅས་ཀྱི་ས་གནས་སུ་ངེས་གཏན་མེད་པའི་འཁྲབ་སྟོན་བྱས་མཐར།  གཅིག་བྱས་ན་བོད་ཀྱི་རོལ་དབྱངས་ལ་བྲལ་ཐབས་མེད་པའི་ལས་འབྲེལ་ཟབ་མོ་ཆགས་པ་ཡིན་རྒྱུ་རེད། ཁོ་རང་བོད་རིགས་ཀྱི་གླུ་པ་གྲགས་ཅན་ཀུན་དགའ་དང་འཕྲད་པས་མ་ཚད། སྟབས་ལེགས་པ་ཞིག་ལ་ཁོ་གཉིས་བར་དགེ་སློབ་ཀྱི་འབྲེལ་བ་ཆགས་ཤིང་།  ལོ་ཟླའི་ཆུ་རྒྱུན་ཁྲོད་དུ་རྒྱུན་ཆད་མེད་པར་བརྩོན་པ་ལྷུར་ལེན་བྱས་མཐར་མིང་གྲགས་ཡོད་པའི་བོད་རིགས་གླུ་པའི་གྲས་སུ་ཚུད།

རང་ཉིད་ལ་ཐོབ་པའི་མྱོང་ཚོར་ཆེས་ཟབ་མོ་ཞིག་ནི་ལྷན་སྐྱེས་རོལ་དབྱངས་ཀྱི་གཞི་རྐྱེན་མེད་ན་བརྩེ་དུང་མཚོན་པའི་བོད་ཀྱི་སྲོལ་རྒྱུན་རོལ་དབྱངས་དཀྲོལ་དཀའ་མོ་རེད་ཅེས་ཕྱོགས་བསྡོམས་རང་བཞིན་གྱི་མྱོང་ཚོར་དེ་དགེ་རྒྱལ་པདྨས་སྨྱུག་འཛིན་པར་ལྷུག་བརྗོད་བྱས། ཁོས་བསམས་ན་རང་ཉིད་ཀྱིས་བོད་ཀྱི་སྲོལ་རྒྱུན་རོལ་དབྱངས་ཀྱི་སོར་གནས་ཉམས་འགྱུར་ལེན་དཀའ་བའི་རྩ་བའི་རྒྱུ་རྐྱེན་ནི་རང་ཉིད་ཀྱི་རོལ་དབྱངས་བྱང་ཚད་མི་འདང་བས་རེད། དཀའ་གནད་འདི་འགྲོལ་དགོས་ན་བོད་ཀྱི་སྲོལ་རྒྱུན་རོལ་དབྱངས་ཀྱི་སྒྱུ་རྩལ་པ་ཚོ་དགེ་རྒན་དུ་བསྟེན་རྒྱུ་ནི་ལྡོག་མེད་རང་འགྲུབ་རེད།

    2016ལོའི་སྤྱི་ཟླ10པར། དགེ་རྒྱལ་པདྨས་སྒྱུ་རྩལ་པ་རྒན་པ་ཚོ་དགེ་རྒན་དུ་བསྟེན་པའི་ལམ་བུར་སྐྱོད་འགོ་ཚུགས་མོད། འོན་ཀྱང་དགེ་རྒན་དུ་བསྟེན་འགོ་ཚུགས་པའི་སྐབས་སུ།  འདི་འདྲའི་དཀའ་ཁག་བཟོས་ནས་ཅི་བྱེད། དེ་རང་གིས་རང་དྲིལ་སྒྲོག་བྱེད་པའི་བྱེད་ཐབས་མ་རེད་དམ་ཞེས་པའི་མི་གཞན་དག་གིས་སྨྲ་སྒོ་ནས་ཐོན་པའི་མ་རུང་བའི་ཚིག་མི་ཉུང་བ་ཞིག་ཁོའི་རྣ་ལམ་དུ་ཐོས་ཤིང་།  མི་ཚོའི་མ་རུང་བའི་ཚིག་ཚོགས་ལ་ཁ་གཏད་དུས་དགེ་རྒྱལ་པདྨ་ལ་ཤུགས་རྐྱེན་ཐེབས་མེད་པར་མ་ཟད། སྒྱུ་རྩལ་པ་རྒན་པ་ཚོ་དགེ་རྒན་དུ་བསྟེན་པའི་ཆོད་སེམས་དེ་བས་བརྟན་པོ་བཅངས་ནས་དུས་དང་རྣམ་པ་ཀུན་ཏུ་རང་གིས་རང་ལ་དྲན་སྐུལ་བྱས།  དོགས་པ་འདྲེས་པའི་སྐད་གསང་མང་བ་ནི་མི་ཕལ་ཆེར་གྱི་ད་དུང་བོད་ཀྱི་སྲོལ་རྒྱུན་རོལ་དབྱངས་ཀྱི་གལ་ཆེ་བའི་རང་བཞིན་ལ་ངོས་འཛིན་ཟབ་མོ་ཆགས་པའི་མཚོན་རྟགས་རེད།  ངས་ངེས་པར་དུ་བོད་ཀྱི་སྲོལ་རྒྱུན་རོལ་དབྱངས་རྒྱུན་འཛིན་བྱེད་པར་ལས་དོན་ཕྲན་བུ་བསྒྲུབ་རྒྱུ་ཡིན་ཞེས་དགེ་རྒྱལ་པདྨས་ཆོད་སེམས་འཆང་བའི་སྒོ་ནས་དེ་ལྟར་བཤད་པ་རེད།

བོད་ཀྱི་རོལ་དབྱངས་རྒྱུན་འཛིན་བྱས་པའི་ཁྲོད་ནས་རང་ཉིད་འཚར་ལོངས་འབྱུང་བའི་ཐབས་ལམ་འཚོལ།

    མཚོ་སྔོན་ནི་དགེ་རྒྱལ་པདྨས་དགེ་རྒན་བསྟེན་སའི་སྒར་ཚུགས་དང་པོ་རེད། ས་གནས་འདི་ནི་སྔོན་ཆད་ཁོས་ངེས་མེད་སྟེགས་བུའི་གླུ་པ་བྱས་མྱོང་ཕྱིར་ཆ་རྒྱུས་ཕྲན་བུ་ཡོད་མོད། འོན་ཀྱང་ཐེངས་འདིར་མཚོ་སྔོན་ལ་འགྲོ་དུས་ཁོའི་སེམས་སུ་གླུ་པ་ཞེས་པའི་མིང་འདིར་ཆ་མེད་རྒྱུས་མེད་དུ་གྱུར་པའི་ཚོར་སྣང་ཞིག་སྐྱེས། 

   ༼ ང་ནི་གླུ་པ་ཞིག་ཡིན ༽ཞེས་སྔོན་ཆད་དགེ་རྒྱལ་པདྨས་འཛེམ་བག་མེད་པར་མི་ཚོར་རང་ཉིད་དེ་ལྟར་ངོ་སྤྲོད་བྱས་ཤིང་། ཀླུ་མོ་རྒྱལ་ཀྱིས་སྐད་ཆ་ཚིག་གཅིག་གིས་ཁོར་རང་ཉིད་ཀྱི་གླུ་པ་ཞེས་པའི་མིང་འདིར་དྲིས་རྟགས་ཤིག་འགོད་བཅུག་པ་རེད། མཚོ་སྔོན་ཞིང་ཆེན་གྱི་ཞིང་ཆེན་རིམ་པའི་གཟུགས་མེད་རིག་གནས་ཤུལ་བཞག་བོད་རིགས་ཀྱི་མ་ནྀ་རོལ་དབྱངས་ཀྱི་བརྒྱུད་འཛིན་པ། རྒྱལ་ཁབ་ཀྱི་རིམ་པ་གཉིས་པའི་འཁྲབ་སྟོན་པ་ཡིན་པའི་ཀླུ་མོ་རྒྱལ་གྱིས་བོད་ཀྱི་སྲོལ་རྒྱུན་རོལ་དབྱངས་ལ་དམིགས་བསལ་གྱི་རྒྱུས་མངའ་ཡོད་པ་རེད། མོས་བསམས་ན། མི་ཚེ་གཅིག་ལ་རང་ནུས་ཅི་ལྕོགས་ཀྱིས་བྱ་བ་ཁ་ཤས་བསྒྲུབ་དགོས་ལེ་རེད། གལ་སྲིད་མི་ཞིག་གིས་ཚེ་གཅིག་ལ་དོན་སྙིང་ཡོད་པ་དང་ཡང་ན་རིན་ཐང་ཡོད་པའི་བྱ་བ་ཞིག་བསྒྲུབས་མ་ཐུབ་ན། སྒྱུ་རྩལ་ལས་སྒྲུབ་པ་ཞིག་ལ་ཆ་བཞག་ནས་བཤད་ན་སྒྱུ་རྩལ་འཇོན་རུང་གཤིས་ཀ་ཞན་པའི་གྲས་སུ་ལྷུང་ངེས་རེད།

 ཀླུ་མོ་རྒྱལ་ཀྱི་སྐད་ཆ་དེས་དགེ་རྒྱལ་པདྨ་ལ་སྐུལ་མ་ཆེན་པོ་ཐེབས་ཤིང་། མཚོ་སྔོན་དང་བྲལ་ནས་ལྷ་སར་བསླེབས་རྗེས་དགེ་རྒྱལ་པདྨས་དང་ཐོག་མགར་ལུགས་སྒྱུ་རྩལ་རྒྱལ་ཁབ་རིམ་པའི་གཟུགས་མེད་རིག་གནས་ཤུལ་བཞག་གི་བརྒྱུད་འཛིན་པ་ལོ་ན74ལ་སོན་པའི་བཀྲ་ཤིས་ཚེ་རིང་དགེ་རྒན་དུ་བསྟེན་པ་རེད། བཀྲ་ཤིས་ཚེ་རིང་ལ་མཁས་སྐྱུང་དྲེགས་མེད་ཀྱིས་བཀའ་སློབ་ཞུ་བའི་གོ་རིམ་ནང་དགེ་རྒྱལ་པདྨ་ལ་གློ་བུར་དུ་མྱོང་ཚོར་ཟབ་མོ་ཞིག་ཆགས་པ་ནི་སྐད་གསང་སྙན་མོ་དེ་ཕུད་ཁ། རང་ཉིད་ཀྱིས་བོད་ཀྱི་རོལ་དབྱངས་ལ་ཉམས་འགྱུར་རིགས་ག་ཚད་ཡོད། བོད་ཀྱི་རོལ་དབྱངས་ཀྱི་ཆེས་ཆེ་བའི་ཁྱད་ཆོས་ཅི་འདྲ་རེད། བོད་ཀྱི་རོལ་དབྱངས་ལ་རིགས་ག་ཚད་ཡོད་པ་སོགས་ཀྱི་གཞི་རྩའི་གནད་དོན་ལ་ལན་འདེབས་ཐབས་མེད་ཅིང་། རྩ་བའི་ཐོག་ནས་གནད་དོན་འདི་དག་ལ་བསམ་བློ་བཏང་མྱོང་མེད་ཅིང་། བཀྲ་ཤིས་ཚེ་རིང་གི་སྐུ་མདུན་ལ་བཀའ་སློབ་ཞུ་བའི་བརྒྱུད་རིམ་ཁྲོད་ནས་ཀླུ་མོ་རྒྱལ་གྱིས་ཁོ་ལ་བཤད་པའི་སྐད་ཆ་དེའི་གནས་ལུགས་རྙེད་པ་རེད།

    ཕ་ཡུལ་བྲག་མགོ་ལ་ལོག་རྗེས། དགེ་རྒྱལ་པདྨས་རྒྱལ་ཁབ་རིམ་པའི་གཟུགས་མེད་རིག་གནས་ཤུལ་བཞག་གི་བརྒྱུད་འཛིན་པ་བྱམས་པ་ཆོས་གྲགས་དགེ་རྒན་དུ་བསྟེན་ཡོད་ཅིང་། ལོ་དྲུག་ཅུ་ལྷག་གི་རིང་ལ་བྱམས་པ་ཆོས་གྲགས་ཀྱིས་བོད་ཀྱི་ལ་གླུ་ལ་བཅངས་པའི་བརྩེ་དུང་དགའ་ཞེན་གྱིས་ཤུགས་རྐྱེན་ལས་བྱུང་བའི་ནུས་ཤུགས་ལོས་ཡིན། བྱམས་པ་ཆོས་གྲགས་ཀྱི་དམངས་ཁྲོད་སྲོལ་རྒྱུན་ལ་གླུའི་རོལ་དབྱངས་ཀྱི་ཉམས་འགྱུར་དང་དགའ་སྐྱོ་མཚོན་པའི་དབྱངས་རྟ་འགུག་ལུགས་སོགས་ལ་དམིགས་བསལ་གྱི་ཁྱད་ཆོས་ཡོད་པ་རེད། བོད་ཀྱི་སྲོལ་རྒྱུན་རོལ་དབྱངས་ཀྱི་ཉམས་འགྱུར་རིགས་སྣ་ཚོགས་བསྩལ་མཐར། དགེ་རྒྱལ་པདྨས་བོད་ཀྱི་རོལ་དབྱངས་པར་འཛོམས་དགོས་པའི་རྒྱུ་རྐྱེན་ལ་སྔར་བས་ངོས་འཛིན་ཟབ་མོ་ཆགས་པ་རེད།

 མིག་སྔའི་བར་དུ། དགེ་རྒྱལ་པདྨས་དམངས་ཁྲོད་སྒྱུ་རྩལ་མི་སྣ་དང་སྒྱུ་རྩལ་པ་རྒན་པ56དགེ་རྒན་དུ་བསྟེན་ནས་ནང་དོན་ཞིབ་ཅིང་ཟབ་པའི་བོད་ཀྱི་སྲོལ་རྒྱུན་རོལ་དབྱངས་རིག་གནས་ལ་ཆ་རྒྱུས་ལོན་པ་དང་ཆབས་ཅིག  མུ་མཐུད་ནས༼  གླུ་པ༽ཞེས་པའི་ཐ་སྙད་ཀྱི་རིན་ཐང་ལ་བསམ་གཞིག་བྱེད་བཞིན་ཡོད་པ་རེད།

བོད་ཀྱི་སྲོལ་རྒྱུན་རོལ་དབྱངས་ལ་དོ་ཁུར་དེ་བས་བྱ་རྒྱུའི་འབྱུང་འགྱུར་གྱི་ལམ་བུ།

    དགེ་རྒྱལ་པདྨས་བོད་ཀྱི་རོལ་དབྱངས་ཀྱི་བྱ་གཞག་བསྒྲུབས་ནས་ལོ་བཅོ་ལྔ་འདས་ཡོད། ལོ་བཅོ་ལྔའི་རིང་ལ་བརྩོན་པ་ལྷུར་ལེན་བྱས། དཀའ་བ་དང་དུ་བླངས་ནས་ཉམས་མྱོང་མི་ཉུང་བ་ཞིག་གསོག་འཇོག་བྱས་ཡོད་པར་མ་ཟད།  དུས་རབས་མི་འདྲ་བའི་ནང་བོད་ཀྱི་སྲོལ་རྒྱུན་རོལ་དབྱངས་འཚོ་གནས་བྱེད་ཡས་ཀྱི་ཁོར་ཡུག་འཛུགས་སྐྱོང་བྱེད་སྟངས་ཐད་བསམ་གཞིག་བྱེད་པའི་བྱང་ཆ་དེ་བས་ཚང་བ་རེད།

    དགེ་རྒྱལ་པདྨས་གཞི་རྩའི་འཚོ་གནས་ཀྱི་དགོས་མཁོ་ལ་བརྩོན་ལེན་བྱས་པར་བརྟེན། འཁྲབ་སྟོན་ཚོམས་ཆེན་ནི་གཞོན་ནུ་བོད་རིགས་རོལ་དབྱངས་པ་ཚོའི་སྒར་ཚུགས་ཐོག་མ་ལྟ་བུར་གྱུར་ཞིང་། དེ་འདྲ་ཡིན་ཕྱིར་བོད་ཀྱི་སྲོལ་རྒྱུན་རོལ་དབྱངས་རྒྱུན་འཛིན་དང་དར་སྤེལ་གཏོང་མཁན་ཇེ་ཉུང་དུ་འགྲོ་བཞིན་ཡོད་པ་རེད་ཅེས་བཤད།

    གནས་ཚུལ་འདི་རིགས་ལ་དམིགས་ནས་བཀྲ་ཤིས་ཚེ་རིང་ལ་གྲོས་དྲིས་བྱེད་སྐབས། ཁོང་གིས་ལོ་ཆུང་ཚོར་རྒྱུན་འཛིན་བྱས་པའི་རྨང་གཞིའི་ཐོག་གསར་གཏོད་བྱས་པའི་དུས་མཚུངས་སུ།  བསམ་བློ་ཞིབ་རྒྱས་བཏང་ནས་སྲོལ་རྒྱུན་དང་དེང་རབས་བར་གྱི་དོ་མཉམ་བྱེད་ཡས་འཚོལ་ཞིབ་བྱ་རྒྱུའི་རེ་འདུན་ཡོད་ཅེས་གསུངས་པ་དང་། ཀླུ་མོ་རྒྱལ་ལ་གྲོས་དྲིས་བྱེད་སྐབས། མོས་རྗེས་རབས་པ་ཚོས་བོད་ཀྱི་སྲོལ་རྒྱུན་རོལ་དབྱངས་ཁྲོད་དུས་རབས་གསར་པའི་གསོན་ཤུགས་བསྣན་རྒྱུའི་རེ་སྒུག་བྱེད་ཀྱིན་ཡོད་ཅེས་གསུངས་པ་རེད། དགེ་རྒྱལ་པདྨས་རྒན་རབས་པ་ཚོས་བོད་ཀྱི་སྲོལ་རྒྱུན་རོལ་དབྱངས་རྒྱུན་འཛིན་དང་དར་སྤེལ་གཏོང་བའི་ཐད་བཞག་པའི་མཛད་རྗེས། རྗེས་རབས་པ་བཅངས་པའི་རེ་འདུན་དྲན་དུས། ང་ལ་བོད་ཀྱི་སྲོལ་རྒྱུན་རོལ་དབྱངས་རྒྱུན་འཛིན་དར་སྤེལ་གཏོང་བའི་ཆོད་སེམས་དེ་བས་བརྟན་པོ་བཅངས་དང་འཆང་བཞིན་ཡོད་ཅེས་བཤད་པ་རེད། དེར་བརྟེན། 2017ལོའི་སྤྱི་ཟླ9པའི་ནང་སྐབས་དང་པོའི་མེས་པོའི་དབྱངས་ཞེས་པའི་དམིགས་བསལ་གྱི་བྱ་དགའ་འདི་ས་སྒྱུ་རྩལ་པ་རྒན་པ་ཚོར་ཕུལ་བ་རེད།

    2019ལོའི་སྤྱི་ཟླ4པའི་ནང་། མེས་པོ་དབྱངས་ཞེས་པའི་བོད་ཀྱི་སྲོལ་རྒྱུན་རོལ་དབྱངས་རྒྱུན་འཛིན་དང་འཕེལ་རྒྱས་མཐུན་ཚོགས་ཀྱི་སྒོ་བྱང་འགེལ་བའི་གསར་འགྱུར་བསྒྲགས་པའི་མཛད་སྒོ་སྤེལ་བ་རེད། འདི་ནི་དགེ་རྒྱལ་པདྨས་མུ་མཐུད་ནས་བོད་ཀྱི་སྲོལ་རྒྱུན་རོལ་དབྱངས་རྒྱུན་འཛིན་དང་དར་སྤེལ་གཏོང་བར་སླར་ཡང་བྲེལ་རྒྱུའི་སྔོན་བརྡ་རེད། དེང་སང་། དགེ་རྒྱལ་པདྨའི་ཆེས་ཆེ་བའི་རེ་འདུན་ནི་མི་དེ་བས་མང་པོ་བོད་ཀྱི་སྲོལ་རྒྱུན་རོལ་དབྱངས་རྒྱུན་འཛིན་དང་དར་སྤེལ་གཏོང་བའི་ཁྱིམ་ཚང་ཆེན་པོའི་ནང་ཞུགས་ནས་རྡོག་རྩ་གཅིག་སྒྲིལ་བྱས་ཏེ་བོད་ཀྱི་སྲོལ་རྒྱུན་རིག་གནས་རྒྱུན་འཛིན་དང་འཕེལ་རྒྱས་གཏང་རྒྱུ་དེ་ཡིན་པ་རེད།

    བཅར་འདྲི་མཇུག་བསྒྲིལ་སྐབས། དགེ་རྒྱལ་པདྨས་སྨྱུག་འཛིན་པར་སྔོན་ཆད་ངས་ཐོག་མཐའ་བར་གསུམ་དུ་ལམ་ཞིག་འཚོལ་ཞིབ་བྱས་ཡོད། དེའི་རྗེས་ངས་བོད་ཀྱི་སྲོལ་རྒྱུན་རོལ་དབྱངས་རྒྱུན་འཛིན་དང་དར་སྤེལ་གཏོང་བའི་ལམ་བུ་འདི་རྙེད་པ་ཡིན། ད་ལྟ་ང་ལམ་བུའི་འདི་ཐོག་བསྐྱོད་དང་སྐྱོད་བཞིན་ཡོད། ཕྱིན་ཆད་ལམ་བུ་འདིའི་ཐོག་རྒྱུན་འཁྱོངས་ལྷོད་མེད་བྱས་ནས་ལམ་བུ་འདི་རྒྱུན་སྲིང་བྱ་རྒྱུ་ཡིན་ཞེས་བཤད་པ་རེད། །

  • ལེ་ཚན་སྔོན་མ།:དར་མདོ་ནོར་བུས་ཉར་བའི་རིག་དངོས་ནོར་བུ།
  • ལེ་ཚན་རྗེས་མ།:རྒྱལ་ཡོངས་བོད་ཡིག་སྨྱན་སྦྱོར་མཐུན་སྦྱོར་ཚོགས་འདུ་སྐབས19པ་རེབ་གོང་ནས་འཚོག་འགོ་ཚུགས།
  • དོ་སྣང་ཆེ་བའི་རྩོམ།