གསེར་ཐར་རྫོང་སྟག་རྩེད་ཡུལ་ཤོག་གི་ལྟེ་བའི་སློབ་ཆུང་ལ་རོགས་དངུལ་སྒོར་ཁྲི་བཅུ་དགུ་ལྷག་ཐོབ།

ཚེ་དབང་སྙན་གྲགས་ཀྱིས།        2019-07-15

  

གསེར་ཐར་རྫོང་སྟག་རྩེད་ཡུལ་ཤོག་གི་ལྟེ་བའི་སློབ་ཆུང་ལ་རོགས་དངུལ་སྒོར་ཁྲི་བཅུ་དགུ་ལྷག་ཐོབ།

   ཉེ་ཆར། དཀར་མཛེས་ཁུལ་སྲིད་འཛིན་བཤེར་འབེབས་ཅུས་ཀྱི་དབུ་ཁྲིད་ཞིའུ་ཞོ་ཁང་གིས་སི་ཁྲོན་ཞིང་ཆེན་བརྡ་ཁྱབ་མཐུན་ཚོགས་དང་དྲྭ་ཚོང་མཐུན་ཚོགས་སོགས་རོགས་སྐྱོར་ལས་ཁུངས་ཁག་ཅིག་གི་སྣེ་ཁྲིད་ནས་སྟག་རྩེད་ཡུལ་ཤོག་ལྟེ་བའི་སློབ་ཆུང་དུ་རོགས་དན་བྱ་འགུལ་སྤེལ་བ་རེད།

   བྱ་འགུལ་ཁྲོད་སྟག་རྩེད་སློབ་ཆུང་གི་སློབ་མ457ལ་གྱོན་གོས་དང་དཔེ་ཁུག དཔེ་ཆ། ལུས་རྩལ་སྦྱོང་ཆས། ལག་ཤུབས། ཞྭ་མོ་སྤུ་ཅན། ལག་དངུལ42000བཅས་ཁྱོན་བསྡོམས་དམངས་སྒོར199000རི་བའི་དངོས་ཟོག་གནང་སྦྱིན་བྱ་འགུལ་སྤེལ་བས་མ་ཚད། ཁྱིམ་ཚང་དཀའ་ངལ་ཆེ་བའི་སློབ་མ6ལ་སློབ་ཆུང་ནས་སློབ་ཆེན་བར་གྱི་སློབ་གསོའི་མ་དངུལ་ཡོངས་རྫོགས་སྤྲོད་པའི་རོགས་སྐྱོར་གྲོས་ཆོད་ཡི་གེ་བྲིས་ཡོད།

   ཐེངས་འདིའི་བྱ་འགུལ་སྤེལ་བར་བརྒྱུད། སྤྱིར་སློབ་གསོ་རྗེས་ལུས་ཀྱི་རང་རེའི་ས་ཁུལ་ལ་རེ་བའི་ཉི་གཞོན་འཆར་དུ་བཅུག་པ་དང་། སྒོས་སུ་ཁྱིམ་ཚང་དབུལ་ཕོངས་ཀྱི་སློབ་བུ་དག་ལ་རྙེད་པར་དཀའ་བའི་སློབ་གསོའི་བགོ་སྐལ་ཐོབ་པ་སྟེ། འབྱུང་འགྱུར་གྱི་སྤྱི་ཚོགས་ཁྲོད་མེས་རྒྱལ་དང་མི་དམངས་ལ་ཞལ་འདེགས་ཞུ་བའི་ན་གཞོན་ཁྱུ་གཅིག་འཚར་ལོངས་བྱུང་བར་ཞིང་ས་གཤིས་པོ་ཞིག་བསྐྲུན་ཡོད་པ་རེད།།


  • ལེ་ཚན་སྔོན་མ།:གསེར་ཐར་རྫོང་གི་མང་ཚོགས་དབུལ་ཕོངས་ཁང་གསར་ནང་དུ་སྤོས།
  • ལེ་ཚན་རྗེས་མ།:གཟི་བརྗིད་ལྡན་པའི་ལོ་ངོ་བདུན་ཅུའི་འགྱུར་ལྡོག་བཀོད།དུས་རབས་གསར་པའི་གཏམ་རྒྱུད་སྙན་མོ་རབ་ཏུ་བཤད།
  • དོ་སྣང་ཆེ་བའི་རྩོམ།