དབྱར་གསེང་དུས་ལ་རང་ཁུལ་དུ་ཡུལ་སྐོར་བ་འཚང་ཁ་ཆེ།

ལྷ་འཛོམས་ཀྱིས།        2019-07-15

   

དབྱར་གསེང་དུས་ལ་རང་ཁུལ་དུ་ཡུལ་སྐོར་བ་འཚང་ཁ་ཆེ།

    དབྱར་ཁའི་མཐོ་སྒང་དུ་རི་སྔོ་ཞིང་ཆུ་དྭངས་ལ། སེར་ཆེན་མེ་ཏོག་དང་སྤང་རྒྱན་མེ་ཏོག་སོགས་མཐོ་སྒང་གི་མེ་ཏོག་སྣ་ཚོགས་རྣམ་པར་བཀྲ་ནས་རྒྱལ་ཡོངས་ཀྱི་ས་གནས་ཁག་གི་ཡུལ་སྐོར་བ་མང་པོ་རང་ཁུལ་དུ་འགུགས་ཡོང་བ་རེད། གསར་འགོད་པ་བརྙན་ལེན་པའི་ཞིང་ཁམས་ཞེས་མཚན་སྙན་ཐོབ་པའི་ར་རྔ་ཁར་སོང་དུས་ལམ་བརྒྱུད་དུ་ལྗོངས་གཟིགས་བྱེད་སར་ཡུལ་སྐོར་བ་མང་པོས་པར་ལེན་བཞིན་པ་མཐོང་། ལྗོངས་གཟིགས་བྱེད་ཡུལ་དེ་ནི་ར་རྔ་ཁའི་མགོ་ལོག་ཐོག་གྲོང་སྡེ་གཉིས་པར་ཡོད་ཅིང་། གྲོང་སྡེ་དེས་མེ་ཏོག་ཤུན་དབྱི་ཚའོ་མུའུ570བཏབ་ནས་ད་ལྟ་མེ་ཏོག་བཞད་ནས་དྲི་ཞིམ་འཐུལ་བའི་དུས་སྐབས་སུ་སླེབས་པས་ཉིན་རྟག་པར་ཡུལ་སྐོར་བ་མང་པོ་གཅིག་རྗེས་གཉིས་མཐུད་དེ་མཛེས་ལྗོངས་དེར་ལྟ་ས་ཡོང་བ་རེད། དབྱར་ཟླ་བརྒྱད་པ་ནི་རང་ཁུལ་དུ་ཡུལ་སྐོར་བ་ཡོང་བའི་དུས་བཟང་ཡིན་ཞིང་། ཡུལ་སྐོར་བ་ཚོས་རང་ཁུལ་གྱི་མཛེས་པའི་རི་ཆུ་ཐང་གསུམ་དང་མེ་ཏོག་གི་རྒྱ་མཚོ་ལ་ལྟ་ཆོག་པ་དང་། རི་སྐྱེས་ཤ་མོ་སོ་མ་ཟ་ཆོག་ཅིང་། ཐུན་མོང་མ་ཡིན་པའི་ཡུལ་སྲོལ་གོམས་གཤིས་དང་རིག་གནས་བཅས་ལ་མྱོང་རོལ་ཡང་བྱེད་ཆོག་པ་རེད།།

  • ལེ་ཚན་སྔོན་མ།:ཁུལ་ཡོངས་སུ་དབུལ་ཞྭ་ཕུད་པའི་གྲོང་སྡེས་ཐོན་ལས་འཕེལ་རྒྱས་ལ་བརྟེན་ནས་ཆ་སྙོམས་མི་རེའི་ཡོང་འབབ་སྒོར600ལས་འཕར་བ།
  • ལེ་ཚན་རྗེས་མ།:ཅང་སུའུ་ཞིང་ཆེན་པར་སྐྲུན་འགྲེམ་སྤེལ་མཐུན་ཚོགས་ཀྱིས་གསེར་ཐར་རྫོང་ལ་ཞལ་འདེབས་ཕུལ།
  • དོ་སྣང་ཆེ་བའི་རྩོམ།