ཁུལ་ཡོངས་སུ་དབུལ་ཞྭ་ཕུད་པའི་གྲོང་སྡེས་ཐོན་ལས་འཕེལ་རྒྱས་ལ་བརྟེན་ནས་ཆ་སྙོམས་མི་རེའི་ཡོང་འབབ་སྒོར600ལས་འཕར་བ།

ལྷ་འཛོམས་ཀྱིས་བསྒྱུར།        2019-07-15

    སྤྱི་ཟླ7པའི་ཚེས11ཉིན། གསར་འགོད་པས་ཁུལ་ཞིང་འབྲོག་ཞིང་སྡེ་ཅུས་ནས་ཤེས་རྟོགས་བྱུང་བར་གཞིགས་ན། ཉེ་བའི་ལོ་འགའ་ལ་རང་ཁུལ་གྱི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་དང་ཐོན་ལས་ཆགས་ཚུལ་ལེགས་སྒྲིག དཔེ་སྟོན་སྣེ་ཁྲིད་བཅས་བྱ་རྒྱུར་ནན་སྒྲུབ་བྱས་ནས་སྤྱི་ལེ100ཡི་སྔོ་ལྗང་ཐོན་ལས་དཔེ་སྟོན་དར་ཡུལ་བཟོ་སྐྲུན་བྱས་ཤིང་། གྲུབ་ཆ་གཙོ་བོར་གསོ་སྐྱོང་དང་ཁྱད་རྟགས་གསར་སྐྲུན། གསར་གཏོད་ལས་གཏོད་བཅས་ལ་བརྩོན་ནས་ཐོན་ལས་མཉམ་འདྲེས་འཕེལ་རྒྱས་ལ་སྐུལ་འདེད་བཏང་དང་གཏོང་བ་རེད། མིག་སྔར་སླེབས་དུས། ཁུལ་ཡོངས་སུ་དབུལ་ཕོངས་ཞྭ་མོ་ཕུད་པའི་གྲོང་སྡེས་ཐོན་ལས་འཕེལ་རྒྱས་ལ་བརྟེན་ནས་ཆ་སྙོམས་མི་རེའི་འབབ་འཕར་སྒོར600ལས་བརྒལ་བ་དང་ཐོན་ལས་རྟེན་གཞི་འཛུགས་སྐྲུན་དེ་དབུལ་ཕོངས་ཞྭ་མོ་ཕུད་པའི་དབུལ་ཕོངས་ཡུལ་སྡེ1360ལ་ཁྱབ་ཅིང་། མི་ཁྲི7.46ཐོན་ལས་ལ་བརྟེན་ནས་དབུལ་ཕོངས་ལས་ཐར་བ་རེད།

    ཉེ་བའི་ལོ་འགའ་ལ་རང་ཁུལ་གྱིས་ཤུགས་ཆེན་པོས་མཐོ་སའི་སྔོ་ཚལ་དང་ཁྱད་ལྡན་འབྲས་ཤིང་། སྐྱེ་ཁམས་ཤ་མོ། རྒྱ་བོད་སྨན་རྫས། རྩྭ་ཐང་གི་ཕྱུགས་འབྲོག་ལས་སོགས་སྐྱེ་ཁམས་ཁྱད་ལྡན་ཐོན་ལས་འཕེལ་རྒྱས་བཏང་ནས་དབུལ་ཐར་འབྱོར་འགྲུབ་ཀྱི་སྤྱི་ལེ100ཡི་སྔོ་ལྗང་གི་སྐྱེ་ཁམས་ཐོན་ལས་འཕེལ་རྒྱས་དཔེ་སྟོན་དར་ཡུལ་བཟོ་འཛུགས་བྱས་པ་རེད། རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་མགྱོགས་སུ་གཏོང་བའི་ཐད་ལ། མིག་སྔར་སླེབས་དུས། ད་ལོར་དབུལ་ཕོངས་ཡུལ་སྡེར་ཉི་ནུས་ཆུ་འདྲེན་ས་ཚུགས2གསར་འཛུགས་བྱས་པ་དང་དཔེ་གསར་ཅན་གྱི་ཞིང་ལས་འཕྲུལ་ཆས་ཁྱབ་གདལ་རྒྱ་ཆེ་རུ་གཏོང་བ་བཅས་བྱས་ནས་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་བྱས་པར་བརྒྱུད་དབུལ་ཕོངས་ས་ཁུལ་གྱི་རྒྱུན་སྲིང་འཕེལ་རྒྱས་ནུས་པ་མཐོ་རུ་གཏོང་བ། གྲུབ་ཚུལ་ལེགས་སྒྲིག་མགྱོགས་སུ་གཏང་རྒྱུའི་ཐད་ལ་དབུལ་ཕོངས་ཡུལ་སྡེའི་ཐོན་ལས་ཆགས་ཚུལ་ལེགས་སྒྲིག་བྱ་རྒྱུར་གཞི་འཛིན་ཡས་བྱས་ནས་ཡུག་དང་ངོས་སྦྲེལ་ནས་དབུལ་ཐར་འབྱོར་འགྲུབ་ཀྱི་སྤྱི་ལེ100ཡི་སྔོ་ལྗང་ཐོན་ལས་འཕེལ་རྒྱས་ཀྱི་དཔེ་སྟོན་དར་ཡུལ་དང་མུའུ་ཁྲི100ཡི་ཁྱད་ཆོས་ལྡན་པའི་ཞིང་ལས་ཐོན་ལས་རྟེན་གཞི་འཛུགས་སྐྲུན་ལག་བསྟར་བྱས་པས། མིག་སྔར་སླེབས་དུས་ཁྱད་ཆོས་ལྡན་པའི་ཞིང་ལས་ཐོན་ལས་རྟེན་གཞི་མུའུ་ཁྲི21.1གསར་འཛུགས་དང་བསྐྱར་འཛུགས་བྱས་པ་དང་། ཚད་ལྡན་ཅན་གྱི་གསོ་ཚགས་ར་བ་ཆུང་གྲས7གསར་འཛུགས་བྱས་པ་རེད། གཞན་ཡང་རང་ཁུལ་གྱིས་གཉེར་སྐྱོང་བྱེད་པོ་གསར་པ་གསོ་སྐྱོང་བྱེད་པས་མ་ཚད། ད་དུང་ས་ཁོངས་ཁྱད་རྟགས་དང་ཐོན་ལས་མཉམ་འདྲེས་འཕེལ་རྒྱས་གཏང་རྒྱུར་བརྩོན་པ་རེད། མིག་སྔར་སླེབས་དུས། ཞིང་ལས་ཐོན་རྫས་ཀྱི་ཐོག་མའི་ལས་སྣོན་སྒྲིག་བཀོད15བཟོ་སྐྲུན་བྱས་པ་དང་སྤྲོ་གསེང་ཞིང་ལས་ཀྱི་ཆེད་ལས་ཡུལ་སྡེ7བསྐྲུན་པ། ལྕགས་ཟམ་དང་རོང་བྲག་ཏུ་དེང་རབས་ཅན་གྱི་བརྫོད་དོན་གཙོ་བོའི་སྤྱིའི་གླིང་ཁ2འཛུགས་སྐྲུན་བྱེད་བཞིན་ཡོད།། 


  • ལེ་ཚན་སྔོན་མ།:སི་ཁྲོན་ཏང་འཛུགས་དུས་དེབ་ཚོགས་པའི་ཏང་ཡོན་ལས་བྱེད་པས་ལྕགས་ཟམ་རྫོང་དུ་གཙོ་དོན་སློབ་གསོ་བྱེད་སྒོ་སྤེལ།
  • ལེ་ཚན་རྗེས་མ།:བོད་པའི་བུ་མོ་ལོ་བཅུ་དགུ་ཅན་ཞིག་གི་སོར་རྩེའི་གར་སྟབས།
  • དོ་སྣང་ཆེ་བའི་རྩོམ།