བདེ་ཆེན་གྱི་འགྲིམ་འགྲུལ་དར་འཕེལ་བྱུང་ནས་མི་དམངས་ཀྱི་འཚོ་བར་དངོས་ཕན་ཐོབ།

    སེམས་ཀྱི་ཉི་ཟླ་དྲ་བ།    2019-07-11

    ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ད་ལྟར།  སེམས་ཀྱི་ཉི་ཟླ་ནས་འཇོལ་རྫོང་བར་གྱི་སྤྱི་ལེ་180ལྷག་གི་ལམ་ཐག་དུས་ཚོད་གསུམ་བཞིའི་ནང་འབྱོར་བ་ནི་སྔོན་གྱི་བདེ་ཆེན་བས་བློ་ཡུལ་ལས་འདས་པའི་དོན་ཞིག་ཡིན། དཔེ་ཞིག་བཞག་ན། ཆོས་འཕེལ་གྱི་ཨ་མྱེ་ཡིས་དུས་རབས་གོང་མའི་ལོ་རབས་30རུ་ཉིན་མ་མང་པོ་འགོར་ནས་ལམ་ཐག་དེ་འགྲོ་དགོས་པ་དང་།  ཆོས་འཕེལ་ལོ་5འི་སྐབས་སུ་ཨ་ཕ་དང་མཉམ་དུ་གཡག་རྭ་ནས་འཇོལ་རྫོང་སོང་ན་དུས་ཡུན་ཉིན་གསུམ་འགོར་དགོས་པ་དང་། ད་ཡིན་ན་ཆོས་འཕེལ་གྱི་བུ་སེམས་ཀྱི་ཉི་ཟླར་ཡི་གེ་སློབ་ཡོད་པ་དང་གཟའ་མཇུག་ཏུ་ཆོས་འཕེལ་གྱིས་རང་གི་རླངས་འཁོར་བཏང་ནས་ཆུ་ཚོད་གསུམ་འགོར་ནས་བུ་ལ་ལྟ་འོང་ཆོག་རེད།

        བདེ་ཆེན་ཁུལ་བཙུགས་པའི་སྔོན་དུ།  བདེ་ཆེན་དུ་གཞུང་ལམ་གཅིག་ཡང་མེད་པ་དང་མི་རིགས་སོ་སོའི་མང་ཚོགས་ཀྱིས་མིས་འཁུར་བ་དང་རྟས་ཁལ་བའི་ཚུལ་གྱིས་འགྲོ་འོང་བྱེད་དགོས།  1951ལོར་ཅུས་ཏན་ནས་འབའ་ལུང་བར་གྱི་གཞུང་ལམ་དང་ཁྱད་པར་དུ་1956ལོར་ཏན་བོད་གཞུང་ལམ་གྱི་ས་དམ་ནས་རྒྱལ་ཐང་བར་གྱི་གཞུང་ལམ་བཟོ་བ་ནས་བཟུང་།  གཞུང་ལམ་གྱི་འཛུགས་སྐྲུན་མགྱོགས་སུ་བཏང་བ་དང་འགྲིམ་འགྲུལ་གྱི་ཆ་རྐྱེན་ལེགས་སུ་བཏང་ནས་བདེ་ཆེན་གྱི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་རེད།

        བདེ་ཆེན་དུ་ལོ་ན་ཅུང་རྒས་པའི་མིའི་དྲན་ཤེས་སུ།  བདེ་ཆེན་ནས་ཕྱིར་འགྲོ་བ་མ་གཏོགས་བདེ་ཆེན་ནང་ཁོངས་ཀྱི་རྫོང་གསུམ་ཚུར་ཕར་འགྲོ་འོང་བྱེད་ནའང་ཧ་ཅང་ཐག་རིང་བ་དང་དུས་ཡུན་རིང་པོ་དགོས་རེད།  སྐབས་དེར་བདེ་ཆེན་གྱི་སློབ་མ་ཚོས་ཁུན་མིང་དུ་ཡི་གེ་སློབ་འགྲོ་ན་ལམ་བར་ཉི་མ་གསུམ་བཞི་འགོར་དགོས་པ་མ་ཟད།  གལ་ཏེ་ཁ་བ་བབས་པ་དང་རི་ཉིལ་ས་སོགས་ཀྱི་གནས་ཚུལ་འཕྲད་ན་ལམ་བཀག་པ་མ་ཚད་ཉེར་ཁ་ཆེན་པོ་ཡོད།  ཡང་བདེ་ཆེན་ནས་ནང་ལོགས་ས་ཁུལ་གྱི་ཅ་ལག་ཉོ་དགོས་ནའང་ཧ་ཅང་ལས་དཀའ་པོ་ཡོད་རེད།

        བསྒྱུར་བཅོས་སྒོ་འབྱེད་སྔོན་གྱི་1978ལོར།  ཁུལ་ཡོངས་སུ་གཞུང་ལམ་གྱི་ལམ་ཐག་སྤྱི་ལེ་855དང་རླངས་འཁོར་ཤར་གཏོང་ཐུབ་པའི་ལམ་ཐག་རིང་ཚད་སྤྱི་ལེ་479ཡོད་པ་དང་རིགས་སོ་སོའི་འཕྲུལ་སྒུལ་འཁོར་ལོ་226ཡོད་རེད།  ཏང་གི་སྐབས་བཅུ་གཅིག་པའི་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་ཚུན་དུ། བདེ་ཆེན་གྱིས་འགྲིམ་འགྲུལ་འཛུགས་སྐྲུན་མགྱོགས་པོར་བཏང་བ་དང་འགྲིམ་འགྲུལ་བསྐྱེལ་འདྲེན་བྱ་བཞག་ལ་སྔར་བྱུང་མ་མྱོང་བའི་འཕེལ་རྒྱས་བྱུང་འདུག  2017ལོའི་བར་དུ།  ཁུལ་ཡོངས་སུ་གཞུང་ལམ་ལམ་ཐག་སྤྱི་ལེ་6300ལྷག་ཟིན་པ་དང་ལྡབ་73ལྷག་འཕར་ཡོད་པ་དང་།  རིགས་སོ་སོའི་འཕྲུལ་སྒུལ་འཁོར་ལོ་ཁྲི་ལྷག་ཟིན་ཡོད་པ་རེད།

ཕྱུག་པོར་འགྱུར་དགོས་པ་སྔོན་ལམ་བཟོ་དགོས་པ་དང་མགྱོགས་པོར་ཕྱུག་དགོས་པ་ལམ་ཡག་པོ་བཟོ་ཞེས་པ་ལྟར།  ལོ་ལྔ་ཚན་བཅུ་གསུམ་པའི་འཆར་འགོད་ཚུན་དུ། བདེ་ཆེན་གྱི་འགྲིམ་འགྲུལ་བསྐྱེལ་འདྲེན་དོ་དམ་སྡེ་ཚན་གྱིས་ཁུལ་ཨུ་དང་ཁུལ་སྲིད་གཞུང་གི་ཡང་དག་པའི་འགོ་ཁྲིད་འོག   ཁུལ་ཡོངས་གོང་འོག་གི་འབད་བརྩོན་བརྒྱུད་ནས་ང་ཚོའི་མྱུར་བགྲོད་གཞུང་ལམ་དང་པོ་དང་ལྕགས་ལམ་དང་པོ་སྐྲུན་བཞིན་ཡོད་པ་དང་།  ད་ཡོད་ཀྱི་སེམས་ཀྱི་ཉི་ཟླའི་གནམ་གྲུ་ཐང་གི་རྨང་གཞིའི་སྟེང་དུ་འཇོལ་རྫོང་དང་འབའ་ལུང་གི་གནམ་གྲུ་ཐང་བཟོ་གྲབས་ཡོད།

        ད་ལྟའི་བདེ་ཆེན་དུ།  རྒྱ་ཆེ་བ་དང་ཁོད་སྙོམས་པ།  གཙང་མའི་སྣུམ་ནག་གི་ལམ་དང་ཨར་འདམ་གྱི་ལམ་མང་ཚོགས་ཀྱི་སྒོ་ཁར་འབྱོར་ཡོད་པ་དང་། ཤང་གྲོང་གི་ཁྱད་ལྡན་ཐོན་རྫས་དུས་ཚོད་ཐུང་ངུའི་ནང་རྒྱལ་ཡོངས་ས་གནས་ཁག་ཏུ་སྐྱེལ་ཐུབ།  མང་ཚོགས་རང་ཉིད་དགོས་པའི་ཅ་ལག་ཡང་ཁྱིམ་ནང་བསྡད་ནས་སྒོ་ཁར་གཏེར་ཡོང་།  མང་ཚོགས་ཀྱིས་རང་ཁྱིམ་གྱི་སྒོ་ཁ་ནས་རླངས་འཁོར་བསྡད་ནས་ག་ས་གང་དུ་འགྲོ་ཆོག་པ་དང་།  དེ་མ་ཚད་འགའ་རེས་ད་དུང་འགྲིམ་འགྲུལ་འཛུགས་སྐྲུན་རྣམ་གྲངས་སུ་ཞུགས་པ་དང་མིན་ན་བསྐྱེལ་འདྲེན་རླངས་འཁོར་གཏོང་བ་དང་ཡང་མིན་ན་ལས་བྱེད་འགྲོ་ནས་ཡོང་སྒོ་འཕར་སྣོན་བྱེད་པ་དང་འཚོ་བའི་ཆུ་ཚད་དང་སྤུས་ཚད་མཐོན་པོར་གཏོང་ཡོད་པ་རེད།


  • ལེ་ཚན་སྔོན་མ།:བདེ་ཆེན་གྱིས་བོད་ལུགས་གསོ་རིག་བྱ་གཞག་དར་འཕེལ་ལ་འགན་ལེན་བྱེད་པའི་ཁྲིམས་བཙུགས་པ།
  • ལེ་ཚན་རྗེས་མ།:གནས་སྐབས་མེད།
  • དོ་སྣང་ཆེ་བའི་རྩོམ།

    རྩོམ་གསར། 10