ཀྲུང་དབྱང་གིས་ཆེད་དམིགས་ཡིག་ཆ་བཏོན་ནས་ཞིང་སྡེའི་གནད་དོན་འདི་དག་ཐག་གཅོད་བྱེད་རྒྱུ་རེད།

    མཚོ་སྔོན་བོད་ཡིག་གསར་འགྱུར།    2019-07-11

    ཞིང་སྡེའི“གཞིས་སྲུང་གསུམ”དང་།ནུས་མེད་གཉོམ་ཞན་ཡིན་པའི་གཞི་རིམ་ཏང་རྩ་འཛུགས།སྡེ་བའི་ལས་བྱེད་པའི“འབུ་སྦྲང་ལྟ་བུའི”རུལ་སུངས།སྡེ་བའི་བཙན་བདག་གིས་ཡུལ་ཕྱོགས་ཀྱི་དབང་ཆ་སྒེར་གཅོད་བྱེད་པ།གཉེན་སློང་རྒྱུ་དངུལ་མཐོན་པོ་ལེན་པ་སོགས།དེང་སྐབས་གྲོང་གསེབ་ཏུ་གནས་པའི་གནད་དོན་འདི་དག་ཇི་ལྟར་བཅོས་སྐྱོང་བྱེད་དགོས་ཤེ་ན། ཉེ་ཆར་རྒྱལ་སྲིད་སྤྱི་ཁྱབ་ཁང་གསར་འགྱུར་གཞུང་ལས་ཁང་གིས་གསར་འགྱུར་ཁྱབ་སྒྲོག་ཚོགས་འདུ་བསྡུས་ཏེ།ཀྲུང་གུང་ཀྲུང་དབྱང་གཞུང་ལས་ཐིང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་ལས་ཐིང་གཉིས་ཀྱིས་པར་འགྲེམ་བྱས་པའི《གྲོང་གསེབ་བཅོས་སྐྱོང་བྱེད་པར་ཤུགས་སྣོན་པ་དང་ལེགས་བཅོས་བྱེད་པའི་སྐོར་གྱི་མཛུབ་སྟོན་བསམ་འཆར》ལ་ཁ་གཏད་དེ་གསལ་བཤད་བྱས་པ་དང་།མཛུབ་སྟོན་བསམ་འཆར་དེའི་སྟེང་དུ་མང་ཚོགས་ཀྱིས་ཐུགས་ཁུར་བྱེད་ཀྱིན་པའི་གྲོང་གསེབ་བཅོས་སྐྱོང་གནད་དོན་ལ་ཁ་གཏད་རང་བཞིན་ཡོད་པའི་སྒོ་ནས་ལན་སློག་ཡོད་པ་སྟེ།

   གཅིག ཞིང་སྡེའི“གཞིས་སྲུང་གསུམ”གྱི་གནད་དོན་ཐག་གཅོད་བྱེད་རྒྱུ།

   མཛུབ་སྟོན་བསམ་འཆར། དབུལ་ཕོངས་མི་འབོར་དང་མ་མཐའི་འཚོ་བ་འགན་སྲུང་བྱ་ཡུལ།གཞིས་སྲུང་བྱིས་པ་དང་བུད་མེད།རྒན་པ།དབང་བོ་སྐྱོན་ཅན།དབུལ་ནག་མི་འབོར་སོགས་མི་ཚོགས་ལ་ཐུགས་ཁུར་བྱེད་པའི་ཞབས་ཞུ་ལ་ཤུགས་སྣོན་པ་དང་།སྲིད་གཞུང་གིས་ཞབས་ཞུ་ཉོ་སྒྲུབ་བྱེད་པ་སོགས་ཀྱི་བྱེད་ཐབས་སྤྱད་དེ།ཞིང་སྡེའི་སྤྱི་ཚོགས་བྱ་བ་དང་དང་བླངས་ཞབས་ཞུའི་འཕེལ་རྒྱས་ལ་རྒྱབ་སྐྱོར་བྱེད་དགོས།

    ཆེད་མཁས་པའི་དོགས་གནད་འགྲེལ་བཤད།མཁར་གྲོང་ཅན་ལ་མྱུར་དུ་སྐུལ་འདེད་བཏང་བ་དང་བསྟུན་ནས།ཞིང་སྡེའི་མི་གྲངས་བསྟུད་མར་ཇེ་ཉུང་དུ་སོང་བ་དང་།ས་ཆ་ཁ་ཤས་ཀྱི་བྱིས་པ་དང་བུད་མེད་དང་རྒན་པ་བཅས“གཞིས་སྲུང་གསུམ”གྱི་གནད་དོན་ཉིན་རེ་བཞིན་འབུར་ཐོན་རེད།ཀྲུང་དབྱང་གི་ཞིང་སྡེ་བྱ་བའི་མགོ་ཁྲིད་ཚན་ཆུང་གཞུང་ལས་ཁང་གི་ཀྲུའུ་རེན་གཞོན་པའམ་ཞིང་ལས་ཞིང་སྡེ་པུའུ་ཡི་པུའུ་ཀྲང་གཞོན་པ་ཧན་ཅུན་གྱིས་བཤད་རྒྱུར།“གཞིས་སྲུང་གསུམ”གྱི་གནད་དོན་ཐག་གཅོད་བྱེད་དགོས་ན་གཙོ་བོ“གཞིས་སྲུང་གསུམ”ལ་ཐུགས་ཁུར་དང་ཞབས་ཞུ་བྱེད་པའི་མ་ལག་འཛུགས་པ་དང་འཐུས་ཚང་དུ་གཏོང་དགོས་ལ།བྱ་བ་འདི་ལོ་རེའི་ཀྲུང་དབྱང་གི་ཡིག་ཆ་ཨང་དང་པོའི་ནང་དུའང་ནན་གྱིས་བཏོན་ཡོད་པར་མ་ཟད། མུ་མཐུད་དུ་བྱ་བ་དེ་ལ་སྐུལ་འདེད་གཏོང་བཞིན་པའི་སྒང་ཡིན།མཛུབ་སྟོན་བསམ་འཆར་གྱི་ནང་དུའང་བྱ་བ་འདི་ལེགས་སྒྲུབ་བྱེད་པའི་ཐད་བླང་བྱ་བཏོན་ཡོད།ཁོང་གིས“སྲིད་གཞུང་གིས་འགན་འཁུར་བ་དང་སྤྱི་ཚོགས་ནང་ཞུགས་བྱེད་པ།ཁྱིམ་ཚང་གིས་གཙང་འགན་འཁུར་བའི་ནང་རྐྱེན་ཆགས་སུ་བཅུག་ན།ཐུགས་ཁུར་དང་ཞབས་ཞུའི་མ་ལག་ད་གཟོད་དངོས་གནས་འཛུགས་ཐུབ་ངེས་རེད”ཟེར།

   གཉིས།ནུས་མེད་ཉམས་ཞན་ཡིན་པའི་གཞི་རིམ་ཏང་རྩ་འཛུགས་ལེགས་བཅོས་བྱེད་རྒྱུ།

     མཛུབ་སྟོན་བསམ་འཆར།གཞི་རྩའི་དཔུང་སྡེ་དང་གཞི་རྩའི་བྱ་འགུལ།གཞི་རྩའི་གཡུལ་ས།གཞི་རྩའི་ལམ་ལུགས།གཞི་རྩའི་འགན་སྲུང་བཅས་འཛུགས་སྐྲུན་བྱེད་པར་ཤུགས་སྣོན་པ་དང་།སྡེ་བའི་ཏང་རྩ་འཛུགས་ཀྱི་སྣེ་ཁྲིད་པས་སྤྱི་ཡོངས་ལེགས་སྒྱུར་དང་མཐོར་འདེགས་གཏོང་བའི་འགུལ་སྐྱོད་སྤེལ་ཏེ།ནུས་མེད་གཉོམ་ཞན་ཡིན་པའི་སྡེ་བའི་ཏང་རྩ་འཛུགས་མུ་མཐུད་དུ་ལེགས་སྒྱུར་བྱེད་དགོས།

    ཏང་ཡོན་གྱིས་ཞིང་ཁྱིམ་ལ་འབྲེལ་གཏུག་དང་ཏང་ཡོན་ཡོད་པའི་ཁྱིམ་ཚང་ལ་སྒོ་བྱང་འགེལ་བ།ཁ་བཤད་དོན་ལ་གནས་པ།ལས་རྐང་བཙུགས་ནས་འགན་འཁྲི་གཏན་འཁེལ་བྱེད་པ།དང་བླངས་ཞབས་ཞུ་བྱེད་པ་སོགས་ཀྱི་བྱ་འགུལ་སྤེལ་ཏེ།ཏང་ཡོན་གྱིས་གྲོང་གསེབ་བཅོས་སྐྱོང་ཁྲོད་དཔེ་སྟོན་སྣེ་ཁྲིད་ཀྱི་ནུས་པ་འདོན་པ་དང་།མང་ཚོགས་ཀྱི་སྣེ་ཁྲིད་དེ་ཁྱོན་ཡོངས་ནས་ནང་ཞུགས་བྱེད་པར་སྐུལ་འདེད་གཏོང་དགོས།

    ཆེད་མཁས་པའི་དོགས་གནད་འགྲེལ་བཤད།མིག་སྔར།སྡེ་བའི་ཏང་རྩ་འཛུགས་ཁ་ཤས་ནུས་མེད་ཉམས་ཞན་དུ་གྱུར་ཡོད།ཏང་ཡོན་ལས་བྱེད་པ་ཁ་ཤས་ཤིག་གིས་ཁེ་ཕན་མཐོང་ན་སྔོན་ལ་རྒྱུག་པ་དང་།འགལ་བ་མཐོང་ན་གཡོལ་ནས་འགྲོ་བཞིན་ཡོད་པས།གནད་འགག་གི་སྐབས་སུ་ནུས་པ་ཐོན་ཐུབ་ཀྱིན་མེད།ཧན་ཅུན་གྱིས་བཤད་རྒྱུར།མཛུབ་སྟོན་བསམ་འཆར་སྟེང་དེ་ལ་བྱེད་ཐབས་གསུམ་བཏོན་ཡོད་པ་སྟེ།གཅིག་ནས་ཞིང་སྡེའི་གཞི་རིམ་ཏང་རྩ་འཛུགས་དམ་པོར་འཛིན་པ་དང་འཛུགས་སྐྲུན་བྱེད་ཚད་ཆེ་རུ་གཏོང་དགོས།གཉིས་ནས་སྡེ་བའི་ཏང་རྩ་འཛུགས་ཀྱིས་སྡེ་བ་རིམ་པའི་རྩ་འཛུགས་སྣ་ཚོགས་ལ་མགོ་ཁྲིད་པར་ཤུགས་སྣོན་དང་ལེགས་བཅོས་བྱེད་དགོས།གསུམ་ནས་ཏང་ཡོན་གྱིས་གྲོང་གསེབ་བཅོས་སྐྱོང་ཁྲོད་གདོང་འཆོང་མིག་དཔེའི་ནུས་པ་གང་ལེགས་སྒོས་འདོན་དུ་འཇུག་དགོས་པ་བཅས་ཡིན།དེའི་དགོངས་དོན་ནི་དེང་སྐབས་ཀྱི་ས་གནས་ཁ་ཤས་ཀྱི་ཞིང་སྡེའི་གཞི་རིམ་ཏང་རྩ་འཛུགས་དང་ཏང་ཡོན་དཔུང་སྡེར་གནས་པའི་གནད་དོན་འབུར་ཐོན་ཐག་གཅོད་བྱས་ཏེ།ཞིང་སྡེའི་གཞི་རིམ་ཏང་རྩ་འཛུགས་ཀྱི་འཐབ་འཛིང་གི་བཙན་རྫོང་ལྟ་བུའི་ནུས་པ་འདོན་སྤེལ་གང་ལེགས་བྱེད་རྒྱུ་དེ་རེད།

   གསུམ།“འབུ་སྦྲང་ལྟ་བུའི”རུལ་སུངས་ལ་འགོག་སྲུང་བྱེད་རྒྱུ།

    མཛུབ་སྟོན་བསམ་འཆར།གཞི་རིམ་གྱི་དབང་ཆ་ཆུང་ཆུང་གི་རུལ་སུངས་ལ་ཆད་པ་གཅོད་ཚད་ཆེ་རུ་གཏོང་དགོས།ཞིང་སྡེའི་གཞི་རིམ་གྱི་དབང་ཆ་བཀོལ་སྤྱོད་བྱེད་པའི“སྲིད་གཙང་འགོག་སྲུང་དྲ་བ”བཙུགས་ནས།ཞིང་སྡེའི་གཞི་རིམ་གྱི་རུལ་སུངས་ཆུང་ངུ་ལེགས་བཅོས་བྱེད་པར་ཤུགས་སྣོན་པ་དང་།ཞིང་སྡེའི་སྐོར་གཟིགས་བྱ་བར་སྐུལ་འདེད་བཏང་ནས།ཞིང་པའི་ཁེ་ཕན་ལ་གནོད་འཚེ་གཏོང་བའི་རུལ་སུངས་བྱ་སྤྱོད་རྩད་གཅོད་ནན་མོ་བྱེད་དགོས།སྡེ་བ་རིམ་པའི་ལས་དོན་ཀུན་གསལ་བཟོ་འགོད་ཁྱོན་ཡོངས་ནས་ལག་བསྟར་བྱེད་པ་དང་།ཏང་དོན་དང་སྡེ་དོན་དང་ནོར་དོན་གསུམ་སྤྱི་བསྒྲགས་བྱེད་པའི་ལམ་ལུགས་འཐུས་ཚང་དུ་བཏང་ནས།སྤྱིར་གསལ་དེ་དུས་རྒྱུན་ཅན་དང་ལམ་ལུགས་ཅན།ཚད་ལྡན་ཅན་བཅས་སུ་གཏོང་དགོས།

    ཆེད་མཁས་པའི་དོགས་གནད་འགྲེལ་བཤད།ཉེ་བའི་ལོ་འདི་འགར།གྲོང་གསེབ་ཏུ“འབུ་སྦྲང་ལྟ་བུའི”རུལ་སུངས་མང་པོ་བྱུང་བ་དང་།སྡེ་བའི་ལས་བྱེད་པ་ཁ་ཤས་ཀྱིས་ལག་གི་དབང་ཆ་བེད་སྤྱད་དེ་ཞིང་པའི་ཁེ་ཕན་ལ་གནོད་འཚེ་གཏོང་བཞིན་ཡོད།ཞིང་ལས་ཞིང་སྡེ་པུའུ་ཡི་ཏང་ཙུའུ་ཁོངས་མིའམ་ཀྲུང་དབྱང་ཞིང་སྡེ་བྱ་བའི་མགོ་ཁྲིད་ཚན་ཆུང་གཞུང་ལས་ཁང་དྲུང་ཡིག་ཅུས་ཀྱི་ཅུས་ཀྲང་ཝུའུ་ཧུང་ཡའོ་ཡིས་བཤད་རྒྱུར།མཛུབ་སྟོན་བསམ་འཆར་སྟེང་གྲོང་གསེབ་ཀྱི་དབང་ཆ་ཆུང་ངུའི་བཀོལ་སྤྱོད་ཚད་ལྡན་དུ་བཏང་ནས།དབང་ཆ་རེ་རེ་བཀོལ་སྤྱོད་བྱེད་པར་བཅའ་ཁྲིམས་ཀྱི་གཞི་འཛིན་ས་ཡོད་པ་དང་བཀོལ་སྤྱོད་ལ་ཁྱབ་ཁོངས་ལྡན་པ།ལག་བསྟར་བྱེད་ཐབས་ཡོད་པ།གོ་རིམ་དང་བརྒྱུད་རིམ་ལྡན་པ་བཅས་ཡོང་དགོས་པ་གསལ་བོར་བཤད་ཡོད་པར་མ་ཟད།དུས་མཉམ་དུ་དབང་ཆ་ཆུང་ངུ་ལ་ལྟ་སྐུལ་བྱེད་པའི་ལམ་ལུགས་འཛུགས་པ་དང་འཐུང་ཚང་དུ་བཏང་ནས།མང་ཚོགས་ཀྱིས་ལྟ་སྐུལ་བྱེད་པ་དང་སྡེ་དོན་ལྟ་སྐུལ་ཨུ་ཡོན་ལྷན་ཁང་གིས་ལྟ་སྐུལ་བྱེད་པ།གོང་རིམ་སྡེ་ཁག་གིས་ལྟ་སྐུལ་བྱེད་པ།རྩིས་གཉེར་གྱིས་རྩིས་བཤེར་བྱས་ཏེ་ལྟ་སྐུལ་བྱེད་པ།རྩིས་བཤེར་གྱིས་ལྟ་སྐུལ་བྱེད་པ་སོགས་གོ་རིམ་ཡོངས་སུ་ལག་བསྟར་བྱེད་པ་དང་།ཕྱོགས་མང་དྲ་འབྲེལ་བྱས་ཡོད་པའི་ལྟ་སྐུལ་མ་ལག་ཆགས་སུ་འཇུག་དགོས་པ་ནན་གྱིས་བསྟན་ཡོད།ཡིག་ཆའི་ནང་ད་རུང་ཞིང་སྡེ་གཞི་རིམ་གྱི་དབང་ཆ་བཀོལ་སྤྱོད་བྱེད་པའི“སྲིད་གཙང་འགོག་སྲུང་དྲ་བ”བཙུགས་ཏེ།ཞིང་སྡེ་གཞི་རིམ་གྱི་རུལ་སུངས་ཆུང་ངུ་བཅོས་སྐྱོང་བྱེད་པ་དང་ཞིང་སྡེའི་སྐོར་ཞིབ་བྱ་བར་སྐུལ་འདེད་བཏང་ནས།ཞིང་པའི་ཁེ་ཕན་ལ་གནོད་འཚེ་གཏོང་བའི་རུལ་སུངས་བྱ་སྤྱོད་རྩད་གཅོད་ནན་མོ་བྱེད་དགོས་པའི་བླང་བྱ་བཏོན་ཡོད།

   བཞི། ཡུལ་ཕྱོགས་ཀྱི་དབང་ཆ་སྒེར་གཅོད་བྱེད་པའི“སྡེ་བའི་བཙན་བདག”ལ་རྡུང་རྡེག་གཏོང་རྒྱུ།

     མཛུབ་སྟོན་བསམ་འཆར།བདེ་འཇགས་གྲོང་གསེབ་འཛུགས་སྐྲུན་བྱེད་པར་ཤུགས་སྣོན་དགོས།ནག་འཇོམས་ངན་སེལ་ཆེད་དམིགས་འཐབ་རྩོད་ལ་སྐུལ་འདེད་གཏིང་ཟབ་བཏང་ནས།འགོག་སྲུང་རྡུང་རྡེག་གི་ཡུན་ཕན་ནང་རྐྱེན་འཛུགས་པ་དང་།ཞིང་སྡེ་ས་ཁུལ་གྱི་རྩལ་འགོག་མ་ལག་འཛུགས་སྐྲུན་ལ་སྐུལ་འདེད་བཏང་ནས།སྤྱི་པའི་བདེ་འཇགས་བརྙན་རིས་ལྟ་སྐུལ་ཚོད་འཛིན་འཛུགས་སྐྲུན་དྲ་འབྲེལ་དངོས་བཀོལ་བྱ་བར་ཤུགས་སྣོན་དགོས།

    ཆེད་མཁས་པའི་དོགས་གནད་འགྲེལ་བཤད།སྡེ་བའི་བཙན་བདག་སོགས་ཀྱི་ངན་ནག་སྟོབས་ཤུགས་ནི་གྲོང་གསེབ་ཀྱི་བདེ་སྐྱོང་ལ་གནོད་འཚེ་ཐེབས་པའི་གནད་དོན་གལ་ཆེན་ཞིག་རེད།ཝུའུ་ཧུང་ཡའོ་ཡིས་བཤད་རྒྱུར།མཛུབ་སྟོན་བསམ་འཆར་ནི་ནག་འཇོམས་ངན་སེལ་ཆེད་དམིགས་འཐབ་རྩོད་དང་།བདེ་འཇགས་གྲོང་གསེབ་འཛུགས་སྐྲུན་བྱེད་པའི་ཐད་ཤུགས་སྣོན་པའི་བར་བཀོད་སྒྲིག་ལེགས་པོ་བྱས་ཏེ།གཞི་རིམ་གྱི་སྲིད་དབང་སྒེར་འཛིན་བྱེད་པ་དང་གཞི་རིམ་གྱི་སྐབས་བརྗེ་འདེམ་བསྐོ་ལ་གཏོར་བརླག་དང་ཚོད་འཛིན་བྱེད་པ།ཐུན་མོང་གི་རྒྱུ་ནོར་བདག་འཛིན་བྱེད་པ་སོགས་ཀྱི་ཁྲིམས་འགལ་ཉེས་བསགས་བྱ་འགུལ་ལ་རྡུང་རྡེག་ནན་མོ་གཏོང་བ་དང་།ནག་པོ་ཡོད་ན་ནག་པོ་འཇོམས་པ་དང་།ནག་པོ་མེད་ན་ངན་པ་སེལ་བ།ངན་པ་མེད་ན་རྙོག་དྲ་བཅོས་སྐྱོང་བྱེད་པ་བཅས་ཀྱིས།ཟིལ་ཤུགས་ཆེན་པོ་ཆགས་སུ་འཇུག་དགོས་པ་བསྟན་ཡོད།

    ལྔ། གཉེན་སློང་རྒྱུ་དངུལ་མཐོན་པོ་ལེན་པ་བཅོས་སྐྱོང་བྱེད་རྒྱུ།

     མཛུབ་སྟོན་བསམ་འཆར། ཡུལ་སྲོལ་བསྒྱུར་བར་ཁྱོན་ཡོངས་ནས་སྐུལ་འདེད་བཏང་སྟེ།ཞིང་སྡེའི་གཉེན་སྟོན་དང་འདས་མཆོད་རྒྱ་ཆེན་པོས་སྒྲུབ་པ་དང་།གཉེན་སློང་རྒྱུ་དངུལ་མཐོན་པོ་ལེན་པ།རྒྱས་སྤྲོས་ཆུད་ཟོས་སུ་གཏོང་བ།འཚོ་བཞེས་སྐབས་སུ་སྙོར་སྐྱོང་ལེགས་པོ་མི་བྱེད་པར་ཚེ་ལས་འདས་རྗེས་འདས་མཆོད་རྒྱ་ཆེན་སྒྲུབ་པ་སོགས་ཀྱི་ཡུལ་སྲོལ་ངན་པ་ལེགས་སྒྱུར་བྱེད་དགོས།སྡེ་ཆིངས་དམངས་སྲོལ་འཇོག་པར་ཤུགས་བསྣན་ཏེ།ཏང་རྩ་འཛུགས་དང་འགག་སྒོ་ཇེ་དྲག་ཏུ་གཏོང་བ་དང་།སྡེ་ཆིངས་དམངས་སྲོལ་གྱིས་སྲིད་འཛིན་སྡེ་བ་ཡོངས་སུ་ཁེབས་པ་མངོན་འགྱུར་བྱེད་དགོས།མང་ཚོགས་ལ་བརྟེན་ནས་ཡུལ་སྲོལ་ལྟར་སྡེ་ཆིངས་དམངས་སྲོལ་བཙུགས་ཏེ།གཉེན་སྟོན་དང་འདས་མཆོད་སྟབས་བདེ་ངང་སྒྲུབ་པ་དང་།རྒན་པར་སྙོར་སྐྱོང་བྱེད་པ་དང་རྒན་བཀུར་ཆུང་བྱམས་བྱེད་པ།དབང་བོ་སྐྱོན་ཅན་ལ་རོགས་རམ་བྱེད་པ།འཆམ་མཐུན་མཉམ་གནས་ཡོང་བ་སོགས་ཀྱི་ནང་དོན་སྡེ་ཆིངས་དམངས་སྲོལ་གྱི་ནང་དུ་འཇོག་དགོས།

     ཆེད་མཁས་པའི་དོགས་གནད་འགྲེལ་བཤད།ཞིང་ལས་ཞིང་སྡེ་པུའུ་སྡེ་བ་རུ་བསྡད་དེ་བརྟག་དཔྱད་བྱས་པ་ལྟར་ན།ད་ལྟའི་ཞིང་པ་མང་པོ་ཞིག་གི་འགྲོ་སྒོའི་ཁྲོད་མི་ཆོས་ལེགས་སྐྱེས་ནི་ནད་བཅོས་བྱས་པའི་འགྲོ་སྒོ་ལས་ཀྱང་མང་བ་རེད།ས་ཆ་ཁ་ཤས་ཀྱིས་ད་རུང་གཉེན་སློང་རྒྱུ་དངུལ་མཐོ་དྲགས་པའི་དབང་གིས་མནའ་མ་ལེན་དཀའ་བ་དང་མནའ་མ་བླངས་པའི་དབང་གིས་དབུལ་བོར་གྱུར་པའི་གནས་ཚུལ་མང་པོ་ཡོད། ཧན་ཅུན་གྱིས་བཤད་རྒྱུར།མཛུབ་སྟོན་བསམ་འཆར་སྟེང་སོ་སོར་སྤྱི་ཚོགས་རིང་ལུགས་ཀྱི་སྲོག་ཤིང་རིན་ཐང་ལྟ་བ་མྱུར་དུ་སྐྱེད་སྲིང་དང་ལག་ལེན་བྱེད་པ་དང་ཡུལ་སྲོལ་བཟང་པོ་ལག་བསྟར་བྱེད་པ།ཀུན་སྤྱོད་དཔེ་ལེགས་ཅན་གྱི་ནུས་པ་འདོན་སྤེལ་བྱེད་དུ་འཇུག་པ།ཞིང་སྡེའི་རིག་གནས་དར་སྤེལ་གཏོང་བ་སོགས་ཀྱི་ཐད་བྱེ་བྲག་གི་བཀོད་སྒྲིག་བྱས་ཡོད།ཞིང་པའི་རང་ཉིད་རང་གཅུན་དང་རང་ཉིད་དོ་དམ།རང་ཉིད་མཐོར་འདེགས་སོགས་དང་འབྲེལ་བའི་བྱེད་ཐབས་བཟང་པོ་ཁྱབ་གདལ་དུ་བཏང་ནས།ཞིང་སྡེའི་ཡུལ་སྲོལ་བཟང་པོ་ཆགས་པར་སྐུལ་འདེད་གཏོང་དགོས། །


  • ལེ་ཚན་སྔོན་མ།:འཛམ་གླིང་ཤུལ་བཞག་ཚོགས་ཆེན་སྐབས44པ2020ལོར་ཀྲུང་གོའི་ཧྥུའུ་ཀྲོའུ་རུ་འཚོག་རྒྱུ་ཡིན་པ།
  • ལེ་ཚན་རྗེས་མ།:ས་མཐོའི་ཕྲ་ཕུང་དམར་པོ་འཕེལ་བའི་ནད་རྐྱེན་གཞན་ཞིག་ཤེས་རྟོགས་ཐུབ་ཡོད།
  • དོ་སྣང་ཆེ་བའི་རྩོམ།