ལོ20འདས་རྗེས་རང་རྒྱལ་གྱིས་མིའི་རིགས་ཀྱི་རྒྱུད་པའི་ཐོན་ཁུངས་དོ་དམ་སྲོལ་ཡིག་དངོས་སུ་ཁྱབ་བསྒྲགས་བྱས་པ།

    མི་དམངས་ཉིན་རེའི་ཚགས་པར་ནས་དྲངས།    2019-06-20

    ཞིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་སྤྱི་ཟླ6པའི་ཚེས10ཉིན་འབྱོར་བའི་གཏམ་གསར། ཚེས10ཉིན་དོ་ཁུར་ཆེན་པོ་བྱེད་པའི《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་མིའི་རིགས་ཀྱི་རྒྱུད་པའི་ཐོན་ཁུངས་དོ་དམ་སྲོལ་ཡིག》དངོས་སུ་ཁྱབ་བསྒྲགས་བྱས་པ་དང2019ལོའི་ཟླ7ཚེས1ཉིན་ནས་བཟུང་ལག་བསྟར་བྱ་རྒྱུ་རེད།

    སྲོལ་ཡིག་ནང་བརྗོད་པའི་མིའི་རིགས་ཀྱི་རྒྱུད་པའི་ཐོན་ཁུངས་ནང་མིའི་རིགས་ཀྱི་རྒྱུད་པའི་ཐོན་ཁུངས་དཔྱད་གཞི་དང་མིའི་རིགས་ཀྱི་རྒྱུད་པའི་ཐོན་ཁུངས་ཆ་འཕྲིན་ཚུད་ཡོད།

    ཤེས་རྟོགས་བྱུང་བར་གཞིགས་ན། ད་ཐེངས་ཁྱབ་བསྒྲགས་བྱས་པའི་སྲོལ་ཡིག་ལ་ཁྱོན་བསྡོམས་ལེའུ6དང་དོན་ཚན47ཡོད་པ་དེ་ནི1998ལོར་བཟོས་པའི《མིའི་རིགས་ཀྱི་རྒྱུད་པའི་ཐོན་ཁུངས་དོ་དམ་གྱི་གནས་སྐབས་ལག་བསྟར་བྱེད་ཐབས》ཀྱི་ལག་བསྟར་ཉམས་མྱོང་རྨང་གཞིའི་ཐོག་སྲུང་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་བ་དང་། ལུགས་མཐུན་ངང་སྤྱོད་པར་སྐུལ་འདེད་གཏོང་བ། ཚད་ལྡན་ཡོང་རྒྱུར་ཤུགས་སྣོན་རྒྱག་པ། ཞབས་ཞུའི་ལྟ་འདོམས་ལེགས་སུ་གཏོང་བ་སོགས་ཐད་རང་རྒྱལ་གྱི་མིའི་རིགས་ཀྱི་རྒྱུད་པའི་ཐོན་ཁུངས་དོ་དམ་ལ་བཟོས་པའི་གཏན་འབེབས་ཤིག་རེད།

     རིགས་གཅིག་མཁས་ཅན་གྱིས། མིའི་རིགས་ཀྱི་རྒྱུད་པའི་ཐོན་ཁུངས་ནི་མིའི་རིགས་ཀྱི“ཚེ་སྲོག་གི་གསལ་བཤད་ཡི་གེ”ལྟ་བུ་རེད། ལོ20འདས་རྗེས་དངོས་སུ་ཁྱབ་བསྒྲགས་བྱས་པའི་མིའི་རིགས་ཀྱི་རྒྱུད་པའི་ཐོན་ཁུངས་དོ་དམ་སྲོལ་ཡིག་དེས་རང་རྒྱལ་གྱི་མིའི་རིགས་ཀྱི་རྒྱུད་པའི་ཐོན་ཁུངས་དོ་དམ་ལ་ཁྲིམས་ལུགས་ཀྱི་གཞི་འཛིན་ས་གསར་པ་མཁོ་འདོན་བྱ་རྒྱུ་མ་ཟད། རང་རྒྱལ་གྱི་མིའི་རིགས་ཀྱི་རྒྱུད་པའི་ཐོན་ཁུངས་དོ་དམ་སྔར་བས་ལམ་ལུགས་ཅན་གྱི་སྲོལ་ལམ་ཐོག་བསྐྱོད་པ་མཚོན་ཐུབ། གོམ་སྟབས་རྗེས་མར་ཐོན་ཁུངས་སྲུང་སྐྱོང་དོ་དམ་དང་དེ་བཞིན་གསར་སྤེལ་བཀོལ་སྤྱོད་ཐད་དོ་སྙོམས་པ་བྱས་ཏེ་མིའི་རིགས་ཀྱི“ཚེ་སྲོག་གི་གསལ་བཤད་ཡི་གེར”སྲུང་སྐྱོང་དང་ཡག་པོ་སྤྱོད་རྒྱུ་ཡིན་ཞེས་གསུངས་པ་རེད།།


  • ལེ་ཚན་སྔོན་མ།:རང་རྒྱལ་གྱི་སླར་སྐྱེའི་ནུས་ཁུངས་བེད་སྤྱོད་བྱེད་པའི་ཆུ་ཚད་རྒྱུན་མཐུད་དུ་མཐོ་རུ་ཕྱིན།
  • ལེ་ཚན་རྗེས་མ།:སི་ཁྲོན་ཁྲང་ཉིང་གི་ས་འགུལ་ལ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཛུབ་སྟོན་གནང་།
  • དོ་སྣང་ཆེ་བའི་རྩོམ།