རང་རྒྱལ་གྱི་སླར་སྐྱེའི་ནུས་ཁུངས་བེད་སྤྱོད་བྱེད་པའི་ཆུ་ཚད་རྒྱུན་མཐུད་དུ་མཐོ་རུ་ཕྱིན།

གངས་སྐྱིད་ཀྱིས་བསྒྱུར།        2019-06-20

     ཞིན་ཧྭ་གསར་འ་གྱུར་ཁང་ཧྲེང་ཀྲེན་ནས་སྤྱི་ཟླ6པའི་ཚེས11ཉིན་འབྱོར་བའི་གཏམ་གསར། ཤེས་རྟོགས་བྱུང་བར་གཞིགས་ན། རང་རྒྱལ་གྱི་སླར་སྐྱེའི་ནུས་ཁུངས་བེད་སྤྱོད་བྱེད་པའི་ཆུ་ཚད་རྒྱུན་མཐུད་མཐོ་རུ་ཕྱིན་པ་རེད། 2018ལོར་སླར་སྐྱེའི་ཐོན་ཁུངས་ནས་གློག་འདོན་ཚད་ཆུ་ཚོད་རེར་སྟོང་ཝ་དུང་ཕྱུར1.87ལ་ཟིན་ནས་གློག་འདོན་ཚད་བསྡོམས་འབོར་ལས་བརྒྱ་ཆ26.7ལ་ཟིན་པ་རེད།

     རྒྱལ་ཁབ་ནུས་ཁུངས་ཅུས་ཀྱི་སྤྱི་ཁྱབ་ལྟ་སྐུལ་དོ་དམ་བྱེད་མཁན་ལི་ཀྲིས་བཤད་དོན། སླར་སྐྱེའི་ནུས་ཁུངས་ཀྱི་གློག་འདོན་ཚད་ཆུ་ཚོད་རེར་སྟོང་ཝ་དུང་ཕྱུར1.87ལ་བསླེབས་པའི་རྨང་གཞིའི་ཐོག་གལ་སྲིད་ཉིང་རྡུལ་གྱི་གློག་འདོན་ཚད་བསྣན་ན་རྫས་འགྱུར་ནུས་ཁུངས་མིན་པ་ཐམས་ཅད་ཀྱི་གློག་འདོན་ཚད་སྟོང་ཝ་དུང་ཕྱུར2.2ལས་བརྒལ་ཐུབ་དུས་གློག་འདོན་ཚད་ཚང་མ་ལས་བཟུང་བའི་བསྡུར་ཚད་བརྒྱ་ཆ30ལས་བརྒལ་ཐུབ་རྒྱུ་རེད།

    དེ་མིན་རང་རྒྱལ་གྱི་སླར་སྐྱེའི་ནུས་ཁུངས་ཀྱི་གློག་འདོན་འཕྲུལ་འཁོར་གྱི་གཞི་ཁྱོན་རྒྱ་བསྐྱེད་བཏང་ཡོད། 2018ལོའི་ལོ་མཇུག་བར། རང་རྒྱལ་གྱི་སླར་སྐྱེའི་ནུས་ཁུངས་ཀྱི་གློག་འདོན་འཕྲུལ་འཁོར་གྱི་གློག་འདོན་ཚད་སྟོང་ཝ་དུང་ཕྱུར7.28ལ་སླེབས་ཐུབ་པ་དང་གློག་ཤུགས་ཀྱི་གློག་འདོན་འཕྲུལ་འཁོར་གྱི་གློག་འདོན་ཚད་ཀྱི་བརྒྱ་ཆ38.3ཟིན་ཐུབ་པ། དུས་མཚུངས་སུ་སླར་སྐྱེའི་ནུས་ཁུངས་དཔལ་འབྱོར་རང་བཞིན་རིམ་ལེགས་བཅོས་བྱས་པར་བརྒྱུད། རླུང་ཤུགས་དང་འོད་ཤུགས་ཀྱིས་གློག་འདོན་པའི་མ་རྩ་མངོན་གསལ་དོད་པོར་ཆག་ཡོད་པ་རེད།

     མིག་སྔར། རླུང་ཤུགས་དང་ཉི་ནུས་ཀྱིས་གློག་འདོན་པ་དེ་སླར་སྐྱེའི་ནུས་ཁུངས་འཕེལ་རྒྱས་གཏོང་བར་སྣེ་ཁྲིད་བྱས་ཡོད། ཆུ་གློག་ཆུ་བེད་འཆར་འགོད་ཇུས་འགོད་སྤྱི་ཁྱབ་ཁང་གི་ཡོན་ཀྲང་ཀྲེན་ཧྲེན་ཨན་གྱིས་གླེང་སྟེགས་ཐོག་བསྒྲགས་པའི་གཞི་གྲངས་ཀྱི་ཐོག་ནས་མཚོན་དོན། 2018ལོར་རླུང་ཤུགས་ཀྱི་གློག་འདོན་འཕྲུལ་འཁོར་གྱི་གློག་འདོན་ཚད་སྟོང་ཝ་ཁྲི2059དང་ཉི་ནུས་ཀྱི་གློག་འདོན་འཕྲུལ་འཁོར་གྱི་གློག་འདོན་ཚད་སྟོང་ཝ་ཁྲི4426བསྣན་ཡོད། ནུས་ཁུངས་གཉིས་ཀྱི་བསྡོམས་འབོར་དེ་སླར་སྐྱེའི་ནུས་ཁུངས་སུ་གསར་དུ་བསྣན་པའི་གློག་འདོན་འཕྲུལ་འཁོར་གྱི་སྤྱི་ཁྱབ་གཞི་ཁྱོན་བཟུང་ཚདབརྒྱ་ཆ85.3ལ་སླེབས་ཐུབ་རྒྱུ་རེད།།


  • ལེ་ཚན་སྔོན་མ།:ད་ལོར་སི་ཁྲོན་གྱིས་མི་འབོར་དབུལ་པོ་ཁྲི14ཡི་ཉེན་མེད་འཐུང་ཆུའི་གནད་དོན་ཐག་གཅོད་བྱ་རྒྱུ།
  • ལེ་ཚན་རྗེས་མ།:ལོ20འདས་རྗེས་རང་རྒྱལ་གྱིས་མིའི་རིགས་ཀྱི་རྒྱུད་པའི་ཐོན་ཁུངས་དོ་དམ་སྲོལ་ཡིག་དངོས་སུ་ཁྱབ་བསྒྲགས་བྱས་པ།
  • དོ་སྣང་ཆེ་བའི་རྩོམ།