ན་ལོར་རྒྱལ་ཁབ་དང་ས་ཁུལ196གི་ཕྱི་རྒྱལ་དུ་སློབ་སྦྱོང་བྱེད་མཁན་སློབ་མ་ཁྲི49.22ཀྲུང་གོར་སློབ་སྦྱོང་བྱེད་དུ་ཡོང་།

ཡེ་ཤེས་ཀྱིས་བསྒྱུར།        2019-06-20

     ཞིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་སྤྱི་ཟླ6པའི་ཚེས3ཉིན་འབྱོར་བའི་གཏམ་གསར། སློབ་གསོ་པུའུ་ནས་ཤེས་རྟོགས་བྱུང་དོན། ཀྲུང་གོ་ནི་གླིང་ཆེན་ཨེ་ཤེ་ཡའི་ཕྱི་རྒྱལ་དུ་སློབ་སྦྱོང་ལ་འགྲོ་སའི་རྒྱལ་ཁབ་ཆེ་ཤོས་སུ་གྱུར་ནས་ཀྲུང་གོར་སློབ་སྦྱོང་བྱེད་དུ་ཡོང་མཁན་གྱི་ཕྱི་རྒྱལ་གྱི་སློབ་མའི་གཞི་ཁྱོན་བརྟན་པོ་ཡིན་པ་དང་། རིམ་པ་མངོན་གསལ་དོད་པོར་མཐོ་རུ་ཕྱིན་པ། ཚན་རིག་གི་ཁྱབ་ཚུལ་ལུགས་མཐུན་ཡིན་པ་རེད།

     2018ལོར་རྒྱལ་ཁབ་དང་ས་ཁུལ196ནས་ཡོང་བའི་ཕྱི་རྒྱལ་གྱི་སློབ་སྦྱོང་བྱེད་མཁན་སློབ་མ་ཁྲི49.22ཡོད་པ། དེའི་ནང“རྒྱུད་གཅིག་ལམ་གཅིག”ལམ་རྒྱུད་ཀྱི་རྒྱལ་ཁབ64ཡི་ཀྲུང་གོར་སློབ་སྦྱོང་བྱེད་དུ་ཡོང་མཁན་གྱི་སློབ་མ་ཁྱོན་བསྡོམས་ཁྲི26.06ཡོད་པ་དེས་མི་གྲངས་བསྡོམས་འབོར་གྱི་བརྒྱ་ཆ52.95བཟུང་ཡོད་པ་རེད།

     ངོ་སྤྲོད་བྱས་པར་གཞིགས་ན། ཉེ་བའི་ལོ་ཤས་རིང་ཕྱི་རྒྱལ་དུ་སློབ་སྦྱོང་བྱེད་མཁན་གྱི་སློབ་མ་དེ་བས་མང་པོ་ཀྲུང་གོར་སློབ་སྦྱོང་བྱེད་དུ་ཡོང་ནས་སློབ་གཉེར་བརྒྱུད་རིམ་ལྡན་པའི་སློབ་མ་དང་ཞིབ་འཇུག་སློབ་མའི་བསྡུར་གྲངས་གཉིས་ཀ་འཕར་ཡོད་པ་རེད། 2018ལོར་ཀྲུང་གོར་སློབ་སྦྱོང་བྱེད་དུ་ཡོང་མཁན་གྱི་སློབ་མའི་བསྡོམས་འབོར་ཁྲི25.81ལ་ཟིན་པ་དེ་ཀྲུང་གོར་སློབ་སྦྱོང་བྱེད་དུ་ཡོང་མཁན་གྱི་སློབ་མའི་བསྡོམས་འབོར་གྱིས་བརྒྱ་ཆ52.44བཟུང་བ་དང་དུས་མཚུངས་ལས་བརྒྱ་ཆ6.86འཕར་བ་དང་། ཞིབ་འཇུག་སློབ་མའི་མི་གྲངས་ཁྲི8.5ལ་ཟིན་པ་དེ2017ལོ་ལས་བརྒྱ་ཆ12.28འཕར་ཡོད། དེ་དང་ཆབས་ཅིག་ཕྱི་རྒྱལ་དུ་སློབ་སྦྱོང་བྱེད་མཁན་གྱི་སློབ་མའི་ཆེད་ལས་གྲུབ་ཆ་རྒྱུན་ཆད་མེད་པར་ལེགས་སུ་ཕྱིན་ནས་བཟོ་ལས་ཚན་ཁག་དང་། དོ་དམ། རང་བྱུང་ཚན་རིག་ཚན་ཁག སྒྱུ་རྩལ། ཞིང་ལས་རིག་པ་བཅས་སློབ་སྦྱོང་བྱེད་མཁན་སློབ་མའི་གྲངས་འབོར་མངོན་གསལ་དོད་པོར་མང་དུ་ཕྱིན་ནས་སྔོན་མའི་དུས་མཚུངས་ལས་བརྒྱ་ཆ20ལས་བརྒལ་ཡོད། དེའི་ཐོག་ནས་རང་རྒྱལ་གྱི་རང་བྱུང་སློབ་ཚན་གྱི་ཆེད་ལས་སློབ་གསོར་ཡིད་དབང་འགུག་ནུས་སྔར་བས་ཆེ་རུ་ཕྱིན་པ་མངོན་ཡོད།


  • ལེ་ཚན་སྔོན་མ།:ད་ལོར་སི་ཁྲོན་གྱིས་མི་འབོར་དབུལ་པོ་ཁྲི14ཡི་ཉེན་མེད་འཐུང་ཆུའི་གནད་དོན་ཐག་གཅོད་བྱ་རྒྱུ།
  • ལེ་ཚན་རྗེས་མ།:ད་ལོར་སི་ཁྲོན་གྱིས་མི་འབོར་དབུལ་པོ་ཁྲི14ཡི་ཉེན་མེད་འཐུང་ཆུའི་གནད་དོན་ཐག་གཅོད་བྱ་རྒྱུ།
  • དོ་སྣང་ཆེ་བའི་རྩོམ།