བྱམས་བློས་རིག་གནས་འཕེལ་རྒྱས་ཀྱི་ཇུས་བཟང་འདི་ལྟར་བཏོན།

    སྐལ་ཐུབ་ཀྱིས་བསྒྱུར།    2019-06-13

བྱམས་བློས་རིག་གནས་འཕེལ་རྒྱས་ཀྱི་ཇུས་བཟང་འདི་ལྟར་བཏོན།

    སྤྱི་ཟླ6པའི་ཚེས3ནས5ཉིན་བར། ཁུལ་ཨུའི་རྒྱུན་ཨུ། ཁུལ་དྲིལ་བསྒྲགས་པུའུ་ཡི་པུའུ་ཀྲང་བྱམས་བློ་ཁུལ་རིག་གནས་ཁང་དང་ཟློས་གར་ཁང་། དཔེ་མཛོད་ཁང་བཅས་སུ་རྟོག་ཞིབ་གནང་དུ་ཕེབས་ཤིང་། རིག་གནས་ལས་སྒྲུབ་པ་ཚོ་དང་བཞུགས་མོལ་ཐོག་རིག་གནས་འཕེལ་རྒྱས་ཀྱི་ཇུས་བཟང་བགྲོ་གླེང་གནང་བ་རེད།

    བྱམས་བློས་གསུངས་དོན། རིག་གནས་ནི་རྒྱལ་ཁབ་ཅིག་དང་མི་རིགས་ཤིག་གི་བླ་སྲོག་ལྟ་བུ་ཡིན་ལ། རིག་རྩལ་ནི་དུས་རབས་མདུན་སྐྱོད་ཀྱི་དུང་བརྡ་ཡིན་པ་རེད། ཁུལ་ཡོངས་ཀྱི་དྲིལ་བསྒྲགས་བསམ་བློ་རིག་གནས་འཐབ་ཕྱོགས་ཀྱིས་ཆབ་སྲིད་ཀྱི་ཁ་ཕྱོགས་བརྟན་པོ་བྱ་དགོས་པ་དང་། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པས་ཁྲིད་སྟོན་བྱ་རྒྱུན་འཁྱོངས་བྱེད་ཅིང་། ཆབ་སྲིད་ཀྱི་འདུ་ཤེས་དང་། སྤྱི་ཡོངས་ཀྱི་འདུ་ཤེས། སྲོག་ཤིང་གི་འདུ་ཤེས། མིག་ལྟོས་ཀྱི་འདུ་ཤེས་བཅས་འདུ་ཤེས་བཞི་རྒྱུན་ཆད་མེད་པར་ཇེ་དྲག་ཏུ་གཏོང་ཞིང་། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་འགྲོ་ལམ་གདེང་ཚོད་དང་། རིགས་གཞུང་གདེང་ཚོད། ལམ་ལུགས་གདེང་ཚོད། རིག་གནས་གདེང་ཚོད་བཅས་གདེང་ཚོད་བཞི་བརྟན་པོར་ངེས་པ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་སྲོག་ཤིང་གོ་གནས་ལ་མཐའ་གཅིག་ཏུ་སྲུང་སྐྱོང་དང་། ཏང་ཀྲུང་དབྱང་གི་དབང་གྲགས་དང་གཅིག་བསྡུས་གཅིག་གྱུར་འགོ་ཁྲིད་ལ་མཐའ་གཅིག་ཏུ་སྲུང་སྐྱོང་བྱེད་པ་སྟེ་སྲུང་སྐྱོང་གཉིས་ལག་ལེན་བྱེད་པ། རང་རྟོགས་ཀྱིས་དར་ཆ་མཐོན་སྒྲེང་དང་། དམངས་སེམས་གཅིག་སྒྲིལ། མི་གསར་གསོ་སྐྱོང་། རིག་གནས་དར་རྒྱས། རྣམ་པ་ཕྱིར་སྟོན་བཅས་ཀྱི་འགན་འཁྲི་དང་ལས་འགན་ཁུར་བ་དང་། ཁ་ཕྱོགས་དང་པོ་སྔོན་ཐོན་རིག་གནས་ལ་གཏད་ཅིང་། འགན་འཁྲི་དང་པོ་སྲུང་སྐྱོང་རྒྱུད་འཛིན་ལ་བཅོལ་བ། ལས་འགན་དང་པོ་བརྩམས་ཆོས་སྤུས་ལེགས་ལ་དམིགས་པ། དམིགས་ཡུལ་དང་པོ་མང་ཚོགས་ལ་ཞབས་འདེགས་ཞུ་བ་བཅས་བྱས་ནས་སྤྱི་པའི་རིག་གནས་ཞབས་ཞུ་དང་རིག་གནས་སྲུང་སྐྱོང་རྒྱུད་འཛིན། བརྩམས་ཆོས་སྤུས་ལེགས་གསར་རྩོམ་བཅས་ཀྱི་ལས་དོན་ཏན་ཏིག་བསྒྲུབས་ཏེ། མཛེས་སྡུག་སྐྱེ་ཁམས་དང་འཆམ་མཐུན་འབྱོར་འབྲིང་གི་དཀར་མཛེས་ཁུལ་སྐྲུན་པའི་ཆེད་དུ་བསམ་བློའི་ཐུན་མོང་ངོས་འཛིན་གཅིག་སྒྲིལ་དང་བསམ་པའི་ངར་ཤུགས་བསླང་དགོས། བརྩམས་ཆོས་སྤུས་ལེགས་གསར་རྩོམ་བྱེད་ཤུགས་ཆེ་རུ་གཏང་དགོས་ཤིང་། མི་དམངས་ལ་ཞབས་འདེགས་ཞུ་བ་དང་སྤྱི་ཚོགས་རིང་ལུགས་ལ་ཞབས་འདེགས་ཞུ་བ་སྟེ་ཆེད་གཉིས་དང་། མེ་ཏོག་མཉམ་བཞད་དང་མཁས་བརྒྱ་འགྲན་གླེང་གི་བྱེད་ཕྱོགས་གཉིས་དམ་པོར་འཛིན་ཞིང་། མི་འདང་ས་ཆད་གསབ་དང་སྟོང་ཆ་སྐོང་བ། བཟང་ཆ་ཇེ་ཆེར་གཏོང་བ་བཅས་ཀྱི་བསམ་ཕྱོགས་ལྟར། ནང་དོན་གདིང་ཟབ་པའི་ལོ་རྒྱུས་རིག་གནས་དང་བརྗིད་ཆགས་ལྡན་པའི་རང་བྱུང་མཛེས་ལྗོངས། ངོ་མཚར་བའི་དམངས་སྲོལ་ཡུལ་སྲོལ་བཅས་ལ་དམིགས་ཤིང་། ཁྱོན་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་ཐུབ་པའི་དམིགས་འབེན་ལ་དམིགས་ཤིང་། རྒྱལ་ཁབ་ཀྱི་ས་ཁོངས་སུ་ཡུལ་སྐོར་འཕེལ་རྒྱས་གཏོང་བའི་དཔེ་སྟོན་ས་ཁུལ་དང་རྒྱལ་ཁབ་ཀྱི་སྐྱེ་ཁམས་འཛུགས་སྐྱོང་དཔེ་སྟོན་ཁུལ། རྒྱལ་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་སྟོན་ཁུལ་བཅས་གསུམ་སྐྲུན་མཉམ་འགུལ་དང་། གྲོང་སྡེ་དར་རྒྱས་གཏོང་བ་བཅས་ཀྱི་ལས་དོན་བཀོད་སྒྲིག་ལ་དམིགས་ནས། གླུ་བྲོའི་འཁྲབ་ཚན་དང་གཞས་གཏམ་སྒྱུ་རྩལ་དང་གླུ་དབྱངས། ཡིག་གཟུགས་དང་རི་མོ། པར་ལེན་བཅས་གསར་སྐྲུན་ཐོན་སྐྱེད་ཡག་པོ་བྱས་ཏེ། དུས་རབས་ཀྱི་སྙིང་སྟོབས་མངོན་ཞིང་། སྒྱུ་རྩལ་གྱི་ཆུ་ཚད་མཚོན་པ་དང་། མང་ཚོགས་ཀྱིས་ལྟ་དགའ་ཉན་འདོད་ཡོད་པ། ཁམས་ཀྱི་རང་རྟགས་མངོན་པའི་རིག་རྩལ་བརྩམས་ཆོས་ཚན་པ་ཞིག་བརྩམས་ནས་རང་ཁུལ་རིག་གནས་ཀྱི་སྤུས་ཚད་མཐོར་འདེགས་གཏང་དགོས། མང་ཚོགས་ཀྱི་དགོས་མཁོ་བསྐང་དགོས་ཤིང་། སྤྱི་པའི་རིག་གནས་ཞབས་ཞུའི་མ་ལག་འཐུས་སྒོ་ཚང་དུ་གཏོང་བ་དང་། མང་ཚོགས་ཀྱི་རིག་གནས་དགོས་མཁོ་ཕྱིར་ལྡོག་ནང་སྲོལ་འཛུགས་ཤིང་། རིག་གནས་གཞི་རིམ་དུ་སྤེལ་བ་དང་སྤྲོ་དགའ་གཞི་རིམ་དུ་བསྐྱལ་བ། དཔེ་ཀློག་དཀར་མཛེས་ཁུལ་གྱི་དམངས་ཡོངས་དཔེ་ཀློག་སོགས་དམངས་ཕན་བྱེད་སྒོ་རྒྱ་ཁྱབ་ཏུ་སྤེལ་བ་དང་། མང་ཚོགས་རྒྱ་ཁྱབ་ཏུ་ཞུགས་ཤིང་མཉམ་འགུལ་རང་བཞིན་ཆེ་བ། གཙོ་དོན་མངོན་གསལ་གྱི་རིག་གནས་དུས་སྟོན་བྱེད་སྒོ་ཁག་ཧུར་ཐག་སྤེལ་ནས། རིག་གནས་བྱེད་སྒོ་བརྒྱུད་ནས་ཏང་གི་བརྩེ་སེམས་བརྒྱུད་སྒྲོག་དང་མི་དམངས་མང་ཚོགས་ལ་སློབ་གསོ། སྤྱི་ཚོགས་དར་སྲོལ་ལ་སྣེ་ཁྲིད་བཅས་བྱ་དགོས། སྲུང་སྐྱོང་རྒྱུན་འཛིན་ཡག་པོ་བྱ་དགོས་ཤིང་། དར་མདོའི་མཛའ་གཞས་དང་གེ་སར། མི་རིགས་དམངས་སྲོལ། གསར་བརྗེའི་རིག་གནས་བཅས་ཀྱི་ཐོན་ཁུངས་སྔོག་འདོན་གང་ལེགས་བྱེད་ཅིང་། གེ་སར་དང་ཀརྨ་སྒར་བྲིས། བོད་ཡིག་ཡིག་གཟུགས་སོགས་ལས་གཞི་གལ་ཆེན་རྒྱུན་འཛིན་དར་སྤེལ་གཙོ་ཆེར་བྱེད་པ་དང་། གླུ་བྲོ་དང་ལྷ་མོ་ཟློས་གར། ཐང་ག། སྲོལ་རྒྱུན་བྲིས་རྩལ། དམངས་ཁྲོད་གོམས་སྲོལ་སོགས་ཕུལ་བྱུང་སྲོལ་རྒྱུན་རིག་གནས་སྲུང་སྐྱོང་གསར་སྤེལ་ཡག་པོ་བྱས་ནས། ཕུལ་བྱུང་སྲོལ་རྒྱུན་རིག་གནས་ལས་བསམ་པའི་ཉིང་བཅུད་དང་མི་སྣ་གསོ་སྐྱོང་གི་དྲང་ནུས་ཆེན་པོ་བླང་དགོས། ཐོན་ལས་འཕེལ་རྒྱས་གཏང་དགོས་ཤིང་། མ་བསྐུལ་དང་ལེན་གྱིས་རིག་གནས་དང་ཡུལ་སྐོར་མཉམ་འདྲེས་འཕེལ་རྒྱས་ཀྱི་འཕེལ་ཕྱོགས་ཆེན་པོ་དང་བསྟུན་ནས། ཁྲོམ་རའི་ཁ་ཕྱོགས་ཚད་དཔོག་གནད་སྨིན་བྱེད་ཅིང་། དར་མདོའི་མཛའ་གཞསདང་གེ་སར་རྒྱལ་པོསོགས་འཁྲབ་ཚན་གཙོ་བོ་གསར་རྩོམ་ཤུགས་ཆེན་བྱེད་པ་དང་།གསེར་རི་དངུལ་རིདང་བར་སྣང་ཁམས་སུ་གནས་པའི་གངས་དཀརསོགས་འཁྲབ་ཚན་ཕུལ་བྱུང་གསར་བཟོ་སྤུས་རིམ་སྤར་དགོས། ཁྱད་ཆོས་ཡོད་པའི་རིག་གནས་ཡུལ་སྐོར་གྱི་གསར་ཇུས་ཐོན་རྫས་ཚན་པ་ཞིག་ཞིབ་འཇུག་གསར་སྤེལ་བྱས་ཏེ། དེ་ཚོ་དཀར་མཛེས་ཁུལ་གྱི་རིག་གནས་དྲིལ་བསྒྲགས་དང་དཀར་མཛེས་ཁུལ་གྱི་གཟུགས་རྣམ་མཚོན་བྱེད་ཀྱི་གཞི་སྟེགས་དང་རྟགས་མཚོན་དུ་ཆགས་པར་བྱ་དགོས། ཤེས་ལྡན་མི་སྣའི་དཔུང་སྡེ་གསོ་སྐྱོང་བྱ་དགོས། རིག་རྩལ་ཤེས་ལྡན་མི་སྣ་གསོ་སྐྱོང་དང་ནང་འདྲེན། བརྩོན་བསྐུལ་བཅས་ཀྱི་ནང་སྲོལ་བཙུགས་ཤིང་འཐུས་སྒོ་ཚང་དུ་བཏང་ནས། སྤྱི་པའི་རིག་གནས་ཞབས་ཞུ་དང་རིག་རྩལ་བརྩམས་ཆོས་གསར་རྩོམ། ཕུལ་བྱུང་རིག་གནས་རྒྱུད་འཛིན། ཕྱི་ཕྱོགས་སུ་རིག་གནས་སྤེལ་རེས་བཅས་ཀྱི་ནུས་པ་དང་ཆུ་ཚད་མཐོར་འདེགས་ཤུགས་ཆེན་བཏང་ནས། རིག་རྩལ་ལས་སྒྲུབ་པ་དེ་བས་མང་པོ་མི་དམངས་ཀྱི་ཁྲོད་དུ་བསྐྱོད་ཅིང་གསར་རྩོམ་ལ་རྩེ་གཅིག་ཏུ་གཞོལ་བར་སློབ་གསོ་དང་སྣེ་ཁྲིད་བྱས་ཏེ། ལས་རིགས་ཀྱི་སྣེ་ཁྲིད་མི་སྣ་དང་མཁས་ཆེན་དུ་འཚར་ལོངས་ཡོང་གང་ཐུབ་བྱ་དགོས།

རྩོམ་སྒྲིག་པ། མགར་རྒྱལ་སྲས།


  • ལེ་ཚན་སྔོན་མ།:ལོ་ངོ་གསུམ་གྱི་དྲན་གདུང་ཁྱེར་ནས་ཡུམ་སློབ་གྲྭའི་པང་དུ་ལོག་བྱུང་།
  • ལེ་ཚན་རྗེས་མ།:དབུལ་ཐར་འགག་སྒྲོལ་གྱི་འགྲོ་ལམ་དུ་འགྱེལ་པའི་དཔའ་བོ་ཞིག
  • དོ་སྣང་ཆེ་བའི་རྩོམ།