ལོ་ངོ་གསུམ་གྱི་དྲན་གདུང་ཁྱེར་ནས་ཡུམ་སློབ་གྲྭའི་པང་དུ་ལོག་བྱུང་།

བློ་བཟང་མཐུ་སྟོབས་ཀྱིས།        2019-06-13

    

ལོ་ངོ་གསུམ་གྱི་དྲན་གདུང་ཁྱེར་ནས་ཡུམ་སློབ་གྲྭའི་པང་དུ་ལོག་བྱུང་།

   གྱོང་པ་ལོ་དགུ་བསྟུད་འབྲེལ་ལུགས་གཅིག་སློབ་གྲྭའི༢༠༡༦ལོའི་དམའ་འབྲིང་མཐར་ཕྱིན་འཛིན་གྲྭའི་སློབ་རྣམས༢༠༡༩ལོ་སྤྱི་ཟླ༦ཚེས༩ཉིན་ལ་མཐོ་རྒྱུགས་སྤྲད་ཟིན་ཞིང་ཚེས༡༠ལ་ལི་ཐང་རྫོང་ཐོག་ཏུ་འབྱོར་བ་དང་ཚེས༡༡ཉིན་གྱི་སྔ་དྲོའི་ཆུ་ཚོད༩དང་སྐར་མ༥༠སྟེང་འཕྲད་དར་གྱི་ངོས་སུ༼ལོ་ངོ་གསུམ་གྱི་དྲན་གདུང་ཁྱེར་ནས་དེ་རིང་མ་ཡུམ་སློབ་གྲྭའི་པང་དུ་ལོག༽ཅེས་བྲིས་ཡོད་པ་ཟད་མི་རེའི་ལག་ཏུ་དར་དཀར་གྱིས་ཐུམས་པའི་དཔེ་དེབ་བཟུང་ནས་སློབ་གྲྭར་ཡོང་བར་དགེ་སློབ་ཚོས་ལག་ཏུ་ཁ་བཏགས་བཟུང་སྟེ་དགའ་སྤྲོའི་ཐལ་སྒྲའི་ཁྲོད་ནས་བསུ་བ་བྱས།

    དཔེ་དེབ་རྣམས་སློབ་གྲྭར་ཕུལ་ཟིན་པ་དང་སློབ་གྲྭའི་སློབ་གཙོ་གཙོས་དབུ་ཁྲིད་དང་དགེ་རྒན་ཚང་མར་དྲི་མེད་ལྷ་དར་ཕུལ་སོང་ལ།མཐོ་གསུམ་སློབ་མའི་འཐུས་ཚབ་པ་བཀྲ་ཤིས་དར་རྒྱས་ཀྱིས་གཏམ་བཤད་སྤེལ་དོན་འདི་ལྟར་སྟེ།

ལོ་ངོ་གསུམ་གྱི་དྲན་གདུང་ཁྱེར་ནས་ཡུམ་སློབ་གྲྭའི་པང་དུ་ལོག་བྱུང་།

    འདིར་བཞུགས་ཀྱི་དགེ་རྒན་རྣམ་པ་དང་སློབ་གྲོགས་རྣམ་པ་ཚང་མ་སྔ་དྲོ་བཟང་།དེ་རིང་ངས་འདི་ནས་གྱོང་པ་ལོ་དགུ་བསྟུད་འབྲེལ་ལུགས་གཅིག་སློབ་གྲྭའི2016ལོའི་མཐར་ཕྱིན་སློབ་མ་ཡོངས་ཀྱི་ཚབ་བྱེད་དེ་ངེད་འཛིན་གྲྭའི༼ལོ་ངོ་གསུམ་གྱི་དྲན་གདུང་ཁྱེར་ནས་དེ་རིང་མ་ཡུམ་སློབ་གྲྭའི་པང་དུ་ལོག་ཡོད༽ཅེས་པའི་མཛད་སྒོ་སྤེལ་རྒྱུའི་གོ་སྐབས་གནང་བར་བཀའ་དྲིན་ཆེ་ཞུ་རྒྱུ།ང་ཚོ་ལོ་གསུམ་གྱི་རྗེས་སུ་སླར་ཡང་མ་ཡུམ་སློབ་གྲྭའི་པང་དུ་ལོག་རྒྱུའི་ཀུན་སློང་དང་དམིགས་ཡུལ་ནི།གཅིག་ནས་འདས་སོང་གི་སློབ་སྦྱོང་གི་ཁྲོད་དུ་མ་ཡུམ་སློབ་གྲྭས་ང་ཚོ་དྲིན་གྱིས་བསྐྱངས་བར་བཀའ་དྲིན་ཞུ་བ་དང་།ང་ཚོའི་འདས་མ་ད་གསུམ་ལ་འདི་བཞུགས་ཀྱི་དགེ་རྒན་རྣམ་པས་ཐུགས་ཁུར་དང་རྒྱབ་སྐྱོར་གནང་པ་ལ་དྲིན་གཟོའི་ཞུ་ཚིག་འབུལ་རྒྱུའི་ཆེད་དང་།ལྷག་པར་དུ་ང་ཚོའི་ནུ་བོ་དང་ནུ་མོ་ཚོས་རང་གི་འོད་སྟོང་ལྡན་པའི་ལམ་བུ་དེ།རྨི་ལམ་དང་འཁྲུལ་སྣང་།སྟོང་བསམ་གྱི་ཁྲོད་དུ་མེད་པར་རྔུལ་ཆུ་དང་འབད་བརྩོན་ལས་བྱུང་བའི་སློབ་སྦྱོང་གི་ཁྲོད་དུ་ཡོད་པ་ཤེས་རྒྱུ་གལ་ཆེན་པོ་ཡིན་ཞེས་ཞུ་རྒྱུ་ཡིན།མཇུག་མཐར་ངས་འདི་ནས་ངེད་འཛིན་གྲྭའི་མཐར་ཕྱིན་སློབ་མ་ཡོངས་ཀྱི་ཚབ་བྱེད་ནས་མ་ཡུམ་སློབ་གྲྭ་ཡི་སློབ་གསོའི་བྱ་བཞག་ཡར་ངོའི་ཟླ་ལྟར་འཕེལ་ཞིང་།འདི་བཞུགས་ཀྱི་དགེ་སློབ་རྣམ་པའི་སྐུ་གཟུགས་བདེ་ཐང་དང་བྱ་བ་ལམ་འགྲོ་ཡོང་སྨོན་འདུན་ཞུ་ཞེས་བཤད་སོང་།

མ་ཡུམ་སློབ་གྲྭའི་དགེ་བའི་བཤེས་གཉེན་དག་ལ་དྲི་མེད་ཁ་བཏགས་དཀར་བོས་མཇལ་དར་ཕུལ་ཏེ།སློབ་གྲྭའི་དགེ་རྒན་ཚོ་དང་མཉམ་དུ་དྲན་རྟེན་འདྲ་པར་བསྐྱོན་པ་དང་སྦྲགས་དགེ་རྒན་གྱི་འཐུས་ཚབ་མི་སྣས་གཏམ་བཤད་བྱས་སོང་།དེ་ནས་སློབ་གྲྭར་ཕུལ་བའི་དཔེ་དེབ་རྣམས་སློབ་གྲྭའི་དཔེ་མཛོད་ཁང་དུ་གདན་དྲངས་པ་དང་བཅས་སྔ་དྲོའི་བྱེད་སྒོ་ལེགས་པར་གྲུབ་སོང་།

ལོ་ངོ་གསུམ་གྱི་དྲན་གདུང་ཁྱེར་ནས་ཡུམ་སློབ་གྲྭའི་པང་དུ་ལོག་བྱུང་།

   ཉིན་གུང་ཆུ་ཚོད༡༢་༣༠ཐོག་མ་ཡུམ་སློབ་གྲྭའི་དགེ་རྒན་རྣམས་དང་མཐོ་གསུམ་མཐར་ཕྱིན་སློབ་མ་རྣམས་ཀྱིས་དགེ་སློབ་མཛའ་བརྩེ་མཚོན་པའི་སྤོ་ལོ་འགྲན་སྡུར་བྱས།

   ཕྱི་དྲོའི་ཆུ་ཚོད༢་༣༠ཡས་མས་ཙམ་ལ་རྩི་ཤིང་སྣ་ཚོགས་ཀྱི་མགོ་ལྕོག་ལྡེམ་ཞིང་བྱ་བྱེའུ་མང་པོས་སྐད་སྙན་སྒྲོག་ས།མེ་ཏོག་འདྲ་མིན་སྡུག་གུར་བཞད་ཅིང་དྭངས་གཙང་རྫ་ཆུའི་འབབ་སྒྲ་ལྷང་ལྷང་དུ་གྲགས་ས།བྱེས་འགྲོ་སློབ་མ་ཚོའི་རྨི་ལམ་དུའང་ཡང་ཡང་འཁོར་མྱོང་བའི་རག་མི་ཁོག་ཆེན་གྱི་མར་གཤམ་དང་སློབ་གྲྭ་དང་ཐག་མི་རིང་བའི་སར་ཡོད་པའི་ཨ་སྟག་རྒྱས་སྤང་ཐང་དུ་ཞིམ་པའི་ཟས་ལ་རོལ་བཞིན་དགོང་མོའི་བྱ་འགུལ་གྱི་ལེ་ཚན་ཁག་གི་བརྗོད་དོན་དང་འགན་ཁུར་མི་སྣ་སོ་སོ་ཁག་བགོས་བྱས་གྲུབ་པ་དང་།

དུས་ཡུན་སྐར་མ༢༥ཙམ་ལ་སྐྱོ་བསངས་བྱེད་དུ་ཡོང་བའི་དམའ་གསུམ་མཐར་ཕྱིན་སློབ་མ་དག་དང་མཉམ་དུ་སྤྲོ་དགར་རོལ།

ལོ་ངོ་གསུམ་གྱི་དྲན་གདུང་ཁྱེར་ནས་ཡུམ་སློབ་གྲྭའི་པང་དུ་ལོག་བྱུང་།

    དེ་ནས་སློབ་གྲྭར་སོང་ནས།སློབ་གྲྭའི་གཞོན་ནུའི་ཕོ་བྲང་དུ་འཛོམས་ནས་དམའ་གསུམ་མཐར་ཕྱིན་སློབ་མ་དང་སློབ་ཆུང་མཐར་ཕྱིན་སློབ་མ་རྣམས་ཚན་ཁག་བརྒྱད་དུ་བགོས་ནས་བརྗོད་གཞི་སོ་སོར་དུས་ཡུན་སྐར་མ༤༠རིང་ལ་བགྲོ་གླེང་དང་བསམ་ཚུལ།ཉམས་མྱོང་བརྗེ་རེས་བྱས།

བརྗོད་གཞི་སོ་སོ་ནི།                                                            

༡ དཔེ་ཀློག་གི་སྐོར།

༢ རྒྱུགས་སྤྲོད་ཀྱི་སྐོར།

༣མཐོ་འབྲིང་སློབ་མའི་འཚོ་བ་དང་དེའི་དཀའ་ངལ་སེལ་ཐབས།

༤འབྲིང་གཉེར་སློབ་མའི་འཚོ་བ་དང་དེའི་དཀའ་ངལ་སེལ་ཐབས།

༥སློབ་མའི་འཚོ་བ་དང་འབྲེལ་ནས་དགེ་སློབ་ཕན་ཚུན་བར་གྱི་འབྲེལ་བའི་གལ་ཆེན་རང་བཞིན།

༦སློབ་ཆེན་གྱི་གལ་ཆེན་རང་བཞིན་དང་དེ་འབྲེལ་གྱི་འཆར་གཞི།

༧སློབ་སྦྱོང་དང་དེའི་གལ་ཆེན་རང་བཞིན།

༨མི་ལ་འབྲེལ་འདྲིས་བྱེད་ཚུལ་དང་དེའི་དོན་སྙིང་སྐོར་བཅས་ཡིན།

ལོ་ངོ་གསུམ་གྱི་དྲན་གདུང་ཁྱེར་ནས་ཡུམ་སློབ་གྲྭའི་པང་དུ་ལོག་བྱུང་།

ལོ་ངོ་གསུམ་གྱི་དྲན་གདུང་ཁྱེར་ནས་ཡུམ་སློབ་གྲྭའི་པང་དུ་ལོག་བྱུང་།

ལོ་ངོ་གསུམ་གྱི་དྲན་གདུང་ཁྱེར་ནས་ཡུམ་སློབ་གྲྭའི་པང་དུ་ལོག་བྱུང་།

    གོང་གི་བརྗོད་གཞི་ཁག་ལ་སློབ་ཆུང་དང་དམའ་འབྲིང་།མཐོ་འབྲིང་མཐར་ཕྱིན་སློབ་མ་ཚོས་བགྲོ་གླེང་དང་གྲོས་སྡུར་བྱས་ཟིན་རྗེས།སློབ་གྲྭའི་དབུ་ཁྲིད་དང་དགེ་རྒན་རྣམས་ཡུལ་དངོས་སུ་གདན་ཞུ་བྱས་ཏེ།ཚན་ཆུང་སོ་སོའི་འགན་ཁུར་བ་མཐོ་འབྲིང་མཐར་ཕྱིན་སློབ་མ་གཉིས་རེས་རང་གི་མྱོང་བ་དངོས་དང་འབྲེལ་ནས་དྲི་བ་ཁག་ལ་ལན་འདེབས་དང་བཅས་ཕྱོགས་བསྡོམས་བྱས།

   བྱེད་སྒོ་འདིར་དགེ་སློབ་ཡོངས་ཀྱིས་དགའ་བསུ་དང་གདེང་འཇོག་མཐོན་པོ་གནང་བ་མ་ཟད་དང་ལྷག་པར་དུ་ཆུང་འབྲིང་མཐར་ཕྱིན་སློབ་མ་རྣམས་ལ་ཕན་ནུས་གལ་ཆེན་ཐོན།

   མཇུག་མཐར་སློབ་མ་དང་དགེ་རྒན་གྱི་འཐུས་ཚབ་པས་བྱེད་སྒོའི་ཕྱོགས་སྡོམ་བྱས་པ་དང་བཅས་མཇུག་ལེགས་པར་གྲུབ་སོང་།།


  • ལེ་ཚན་སྔོན་མ།:རྒྱ་ཟླ5པའི་ཚེས5ཡི་དུས་ཆེན་ལ་རང་ཁུལ་དུ་ཡུལ་སྐོར་བའི་འཚང་ཁ་ཆེ།
  • ལེ་ཚན་རྗེས་མ།:བྱམས་བློས་རིག་གནས་འཕེལ་རྒྱས་ཀྱི་ཇུས་བཟང་འདི་ལྟར་བཏོན།
  • དོ་སྣང་ཆེ་བའི་རྩོམ།