ཐོན་འཚོང་འབྲེལ་མཐུན་བྱས་ཏེ་བོད་ཁུལ་གྱི་ཞིང་ལས་ཐོན་རྫས་གྲོང་ཚོ་ནས་གྲོང་ཁྱེར་དུ་བྲིན་རོགས་བྱེད།

གངས་སྐྱིད་ཀྱིས་བསྒྱུར།        2019-06-13

    ཞིན་ཧྭ་གསར་འགྱུར་ཁང་ཁུན་མིང་ནས་སྤྱི་ཟླ6པའི་ཚེས3ཉིན་འབྱོར་བའི་གཏམ་གསར། ཉེ་དུས་ཡུན་ནན་བདེ་ཆེན་དུ་སྤེལ་བའི་ཞིང་ལས་ཐོན་རྫས་ཐོན་འཚོང་འབྲེལ་མཐུན་བྱེད་པའི་བྱེད་སྒོའི་ཐོག་ཡུན་ནན་དང་། སི་ཁྲོན། བོད་ལྗོངས་སོགས་ཞིང་ལྗོངས་ནས་ཡོང་བའི་རྫོང་དབུལ་ཕོངས82ཀྱི་ཁྱད་ཆོས་ལྡན་པའི་སྤུས་དག་གི་ཞིང་ལས་ཐོན་རྫས་རིགས800ལྷག་ལ་རྒྱལ་ཡོངས་ཀྱི་ས་གནས་སོ་སོའི་ཉོ་སྒྲུབ་ཚོང་པས་དགའ་ཞེན་བྱེད་པ་དང་ཉོ་སྒྲུ་བྱ་རྒྱུའི་གྲོས་མོལ་བྱས་ཏེ། འབྲེལ་མཐུན་བྱེད་པའི་ཡུལ་དངོས་སུ་གན་རྒྱ་བཞག་པའི་མ་དངུལ་སྒོར་དུང་ཕྱུར10.2ལ་ཟིན་པ་རེད།

    ཞིང་ལས་ཞིང་སྡེ་པུའུ་དང་ཡུན་ནན་ཞིང་ཆེན་མི་དམངས་སྲིད་གཞུང་གིས་ཐུན་མོང་དུ་གཙོ་གཉེར་བྱས་པའི་བྱེད་སྒོ་དེ་སྤྱི་ཟླ6པའི་ཚེས31ཉིན་ནས་སྤྱི་ཟླ6པའི་ཚེས1ཉིན་ལ་རྒྱུན་སྲིང་བྱས་ཡོད། བོད་ཁུལ་གྱི་རྫོང་དབུལ་ཕོངས་ཀྱི་ཞིང་ལས་ཐོན་རྫས་ཐོན་འཚོང་འབྲེལ་མཐུན་བྱ་རྒྱུས་གཙོ་གནད་བྱས་ཏེ་དངོས་ཟོག་སྔོན་མངག་གྲོས་མོལ་བྱ་རྒྱུ་འབུར་དུ་ཐོན་པ་དང་། ས་ཁོངས་རང་བཞིན་གྱི་ཐོན་འཚོང་འབྲེལ་མཐུན་ལས་སྟེགས་བསྐྲུན་པ། སྤུས་དག་གི་ཞིང་ལས་ཐོན་རྫས་གྲོང་ཚོ་ནས་གྲོང་ཁྱེར་དུ་འཚོང་བར་སྐུལ་འདེད་གཏོང་བའི་དུས་མཚུངས་སུ། ཞིང་ལས་ཐོན་ལས་ཅན་གྱི་གཙོ་ཁྲིད་ཁེ་ལས་དང་། ཞིང་ལས་ཐོན་རྫས་ཀྱི་སྡེབ་འཚོང་ཁྲོམ་ར་ཆེ་གྲས་སོགས་ཁྲོམ་རའི་ཐོག་གི་འཁོར་སྐྱོད་གཙོ་བོ་རི་གྲོང་དུ་སྐྱོད་པ་དང་ཐོན་ཡུལ་དུ་སྐྱོད་པར་སྣེ་ཁྲིད་བྱེད་པ་དང་། ས་ཁུལ་དབུལ་ཕོངས་ཀྱི་ཐོན་སྐྱེད་བདག་གཉེར་བྱེད་མཁན་གཙོ་བོ་དང་ཁ་གཏད་གྲོས་མོལ་བྱས་ཏེ་ཁྱད་ཆོས་ལྡན་པའི་སྤུས་དག་གི་ཞིང་ལས་ཐོན་རྫས་ཁྲོམ་ར་འཁོར་སྐྱོད་བྱེད་པའི་མགྱོགས་མྱུར་བགྲོད་ལམ་བསྐྲུན་རྒྱུ་རེད། ། 


  • ལེ་ཚན་སྔོན་མ།:སི་ཁྲོན་གྱིས་དཀའ་ངལ་ཡོད་པའི་མང་ཚོགས་ལ་རོགས་སྐྱོབ་བྱས་པའི་ཁ་གསབ་རོགས་དངུལ་སྒོར་དུང་ཕྱུར་བརྒྱ་ལས་བརྒལ།
  • ལེ་ཚན་རྗེས་མ།:2018ལོར་རྒྱལ་ཡོངས་སུ་ནགས་ལས་ཐོན་ལས་ཀྱི་ཐོན་རྫས་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར་ཁྲི7.33ལ་ཟིན་པ།
  • དོ་སྣང་ཆེ་བའི་རྩོམ།