སི་ཁྲོན་གྱིས་དཀའ་ངལ་ཡོད་པའི་མང་ཚོགས་ལ་རོགས་སྐྱོབ་བྱས་པའི་ཁ་གསབ་རོགས་དངུལ་སྒོར་དུང་ཕྱུར་བརྒྱ་ལས་བརྒལ།

ཡེ་ཤེས་ཀྱིས་བསྒྱུར།        2019-06-13

    ཞིན་ཧྭ་གསར་འགྱུར་ཁང་ཁྲེང་ཏུའུ་ནས་སྤྱི་ཟླ6པའི་ཚེས3ཉིན་འབྱོར་བའི་གཏམ་གསར། ད་ལོར་སི་ཁྲོན་ཞིང་ཆེན་གྱིས་ཀྲུང་དབྱང་དང་ཞིང་ཆེན་རིམ་པའི་དཀའ་ངལ་ཡོད་པའི་མང་ཚོགས་ལ་རོགས་སྐྱོབ་བྱས་པའི་ཁ་གསབ་རོགས་དངུལ་སྒོར་དུང་ཕྱུར106.6སྤྲད་རྒྱུའི་འཆར་གཞི་བཀོད་སྒྲིག་དོན་འཁྱོལ་བྱས་ཏེ་དམངས་འཚོའི་མ་མཐའའི་འཚོ་སྐྱོང་འགན་ལེན་ཐད་སྤྱད་རྒྱུ་རེད།

    མིག་སྔར། སི་ཁྲོན་ཞིང་ཆེན་དམངས་སྲིད་ཐིང་གིས་སྣེ་ཁྲིད་ནས《སི་ཁྲོན་ཞིང་ཆེན་སྤྱི་ཚོགས་འགན་སྲུང་དབུལ་སྐྱོར་ཆེད་དོན2019ལོའི་ལག་བསྟར་ཇུས་གཞི》གཏན་འབེབས་བྱས་ཤིང་། མ་མཐའི་འཚོ་བ་འགན་ལེན་ལམ་ལུགས་དང་སྤྱི་ཚོགས་འགན་སྲུང་གི་སྲིད་ཇུས་འཛུགས་པ་དང་དེ་འཐུས་སྒོ་ཚང་དུ་བཏང་བ། 2019ལོའི་མ་མཐའ་འཚོ་བའི་འགན་ལེན་གྱི་ཚད་གཞི་དམའ་ཤོས་གཏན་འབེབས་བྱ་རྒྱུ། ཀྲུང་དབྱང་དང་ཞིང་ཆེན་རིམ་པའི་དཀའ་ངལ་ཡོད་པའི་མང་ཚོགས་ལ་རོགས་སྐྱོབ་བྱས་པའི་ཁ་གསབ་རོགས་དངུལ་སྒོར་དུང་ཕྱུར106.6སྤྲད་དགོས་པའི་འཆར་གཞི་བཀོད་སྒྲིག་དོན་འཁྱོལ་བྱ་རྒྱུ། དེའི་ནང་ལེའང་ཧྲན་ཁུལ་གྱི་དཀའ་ངལ་ཡོད་པའི་མང་ཚོགས་ལ་རོགས་སྐྱོབ་བྱས་པའི་ཁ་གསབ་རོགས་དངུལ་སྒོར་དུང་ཕྱུར10.4སྤྲད་རྒྱུའི་བཀོད་སྒྲིག་བྱས་ནས་གྲོང་ཡུལ་གྱི་མ་མཐའི་འཚོ་བ་འགན་ལེན་ལོངས་སྤྱོད་བྱེད་མཁན་མི་སྣ་ཁྲི47.8དང་ཧ་ཅང་དཀའ་ངལ་ཡོད་པའི་རོགས་སྐྱོབ་བསྙེན་བཀུར་མི་སྣ་ཁྲི1.7གྱི་གཞི་རྩའི་འཚོ་བའི་ཁེ་དབང་འགན་ལེན་བྱ་རྒྱུ་རེད།

     ཤེས་རྟོགས་བྱུང་བར་གཞིགས་ན། སི་ཁྲོན་ཞིང་ཆེན་དམངས་སྲིད་ཐིང་གིས་ཞིང་ཆེན་གྱི་གྲོང་མིའི་ཁྱིམ་ཚང་གི་དཔལ་འབྱོར་གནས་ཚུལ་ཞིབ་བསྡུར་ལས་སྟེགས་ལ་བརྟེན་ནས་ཞིང་ཆེན་ཡོངས་ཀྱི་སྤྱི་ཚོགས་རོགས་སྐྱོབ་བྱ་ཡུལ་གྱི་ཁྱིམ་ཐོ་ཆ་འཕྲིན་གྱི་ཆེད་དོན་བསྡུར་ཚད་ཞིབ་བསྡུར་བྱས་ཤིང་། ད་ལོར་ཆ་འཕྲིན་ཁྲི455བསྡུར་བའི་ལས་དོན་གནད་སྨིན་ལེགས་གྲུབ་བྱུང་བ་དང་། མ་མཐའི་འཚོ་བ་འགན་ལེན་དང་ཧ་ཅང་དཀའ་ངལ་ཡོད་པའི་རོགས་སྐྱོབ་སྲིད་ཇུས་ལོགས་སྤྱོད་བྱེད་མཁན་གྱི་གྲངས་གཞི་བསྡུར་བའི་ལས་དོན་སྤེལ་བར་སྐུལ་འདེད་བཏང་ནས་གཞི་རིམ་དུ་སྤྱི་ཚོགས་ཀྱི་རོགས་སྐྱོབ་སྲིད་ཇུས་དོན་འཁྱོལ་བྱེད་པར་འགན་ལེན་བྱ་རྒྱུ་རེད། 


  • ལེ་ཚན་སྔོན་མ།:ཞི་ཅིན་ཕིང་གིས་གད་སྙིགས་རིགས་དབྱེའི་ལས་དོན་ཐད་མཛུབ་སྟོན་གནང་།
  • ལེ་ཚན་རྗེས་མ།:ཐོན་འཚོང་འབྲེལ་མཐུན་བྱས་ཏེ་བོད་ཁུལ་གྱི་ཞིང་ལས་ཐོན་རྫས་གྲོང་ཚོ་ནས་གྲོང་ཁྱེར་དུ་བྲིན་རོགས་བྱེད།
  • དོ་སྣང་ཆེ་བའི་རྩོམ།