རྒྱ་ཟླ5པའི་ཚེས5ཡི་དུས་ཆེན་ལ་རང་ཁུལ་དུ་ཡུལ་སྐོར་བའི་འཚང་ཁ་ཆེ།

བདེ་ཆེན་གྱིས་བསྒྱུར།        2019-06-12

   

རྒྱ་ཟླ5པའི་ཚེས5ཡི་དུས་ཆེན་ལ་རང་ཁུལ་དུ་ཡུལ་སྐོར་བའི་འཚང་ཁ་ཆེ།

   སྤྱི་ཟླ6པའི་ཚེས9ཉིན། གསར་འགོད་པས་ཁུལ་རིག་གནས་རྒྱང་སྒྲོག་བརྙན་འཕྲིན་ཡུལ་སྐོར་ཅུས་ནས་ཤེས་རྟོགས་བྱུང་བར་གཞིགས་ན། ད་ལོའི་རྒྱ་ཟླ་ལྔ་པའི་ཚེས་ལྔའི་དུས་ཆེན་སྐབས་སུ་རང་ཁུལ་གྱིས་ཡུལ་སྐོར་བ་ཁྲི26.72ལ་སྣེ་ལེན་བྱས་ཏེ་ཡུལ་སྐོར་ཡོང་འབབ་སྒོར་ཁྲི29392ཟིན་པས་ན་ལོའི་དུས་མཚུངས་ལས་བརྒྱ་ཆ11.38དང་བརྒྱ་ཆ22.76འཕར་བ་རེད། གུང་གསེང་སྐབས་སུ་ཁུལ་ཡོངས་ཀྱིས་ཡུལ་སྐོར་ཁྲོམ་ར་བརྟན་ལ་གོ་རིམ་ལྡན་པ་དང་ཡུལ་སྐོར་བདེ་འཇགས་ཀྱི་བྱུང་ཡོད་པ་རེད།

    བསྡོམས་རྩིས་གྲངས་གཞི་ལས་མངོན་པར་གཞིགས་ན། ད་ལོའི་རྒྱ་ཟླ་ལྔ་པའི་ཚེས་ལྔའི་དུས་ཆེན་གྱི་གུང་གསེང་རིང་རང་ཁུལ་གྱི་གཙོ་གནད་ལྗོངས་ཁུལ་དུ་ཡུལ་སྐོར་བ་ཁྲི6.42ལ་སྣེ་ལེན་བྱས་ཏེ་སྒོ་འཛིན་ཡོང་འབབ་སྒོར་ཁྲི260.57ཟིན་ཡོད། དེའི་ནང་དུང་དཀར་ལུང་པའི་མཛེས་ལྗོངས་ཁུལ་གྱིས་ཡུལ་སྐོར་བ་ཁྲི1.38ལ་སྣེ་ལེན་བྱས་ཏེ་སྒོ་འཛིན་ཡོང་འབབ་སྒོར་ཁྲི52.89རག་པ་དང་། འདབ་པའི་ཉི་སྟེན་མཛེས་ལྗོངས་ཁུལ་གྱིས་ཡུལ་སྐོར་བ་ཁྲི0.89ལ་སྣེ་ལེན་བྱས་ཏེ་སྒོ་འཛིན་ཡོང་འབབ་སྒོར་ཁྲི94.03ཟིན་ཡོད། མི་རྒོད་མཚོ་མཛེས་ལྗོངས་ཁུལ་གྱིས་ཡུལ་སྐོར་བ་ཁྲི0.76ལ་སྣེ་ལེན་བྱས་ཏེ་སྒོ་འཛིན་ཡོང་འབབ་སྒོར་ཁྲི69.77རག་ཡོད།

མི་ཉག་གནས་མཆོག་མཛེས་ལྗོངས་ཁུལ་གྱིས་ཡུལ་སྐོར་བ་ཁྲི0.21ལ་སྣེ་ལེན་བྱས་ཏེ་སྒོ་འཛིན་ཡོང་འབབ་སྒོར་ཁྲི20.76ཟིན་པ་དང་། ལྕགས་ཟམ་ཁ་མཛེས་ལྗོངས་ཁུལ་གྱིས་ཡུལ་སྐོར་བ་ཁྲི1.46ལ་སྣེ་ལེན་བྱས་ཏེ་སྒོ་འཛིན་ཡོང་འབབ་སྒོར་ཁྲི10.67རག་ཡོད། རོང་བྲག་བརྒྱ་གྱུར་བོད་གྲོང་མཛེས་ལྗོངས་ཁུལ་གྱིས་ཡུལ་སྐོར་བ་ཁྲི1.72ལ་སྣེ་ལེན་བྱས་ཏེ་སྒོ་འཛིན་ཡོང་འབབ་སྒོར་ཁྲི12.45ཟིན་ཡོད། དར་མདོ་གྲོང་ཁྱེར་གྱིས་ཡུལ་སྐོར་བ་ཁྲི3.79སྣེ་ལེན་བྱས་པ་དང་། ལྕགས་ཟམ་རྫོང་གིས་ཡུལ་སྐོར་བ་ཁྲི2.51སྣེ་ལེན་བྱས། འདབ་པ་རྫོང་གིས་ཡུལ་སྐོར་བ་ཁྲི4.69སྣེ་ལེན་བྱས། རོང་བྲག་རྫོང་གིས་ཡུལ་སྐོར་བ་ཁྲི5.19ལ་སྣེ་ལེན་བྱས་ཏེ་ན་ལོའི་དུས་མཚུངས་ལས་བརྒྱ་ཆ129འཕར་བ།གསེར་ཐར་རྫོང་གིས་ཡུལ་སྐོར་བ་ཁྲི3.63ལ་སྣེ་ལེན་བྱས་ཏེ་ན་ལོའི་དུས་མཚུངས་ལས་བརྒྱ་ཆ124འཕར་ཡོད།

   ཤེས་རྟོགས་བྱུང་བར་གཞིགས་ན། ད་ལོའི་རྒྱ་ཟླ་ལྔ་པའི་ཚེས་ལྔའི་དུས་ཆེན་གྱི་གུང་སེང་སྐབས་སུ། ཁུལ་ཡོངས་ཀྱིས་ཁྲིམས་འཛིན་མི་སྣ178ཀྱིས་ཡུལ་སྐོར་ཁྲོམ་རར་ཞིབ་བཤེར་ཐེངས52བྱས་པ་དང་། ཡུལ་སྐོར་ལས་དོན་ཁང6དང་ཡུལ་སྐོར་ལས་དོན་ཁང་གི་ཡན་ལག་སྒྲིག་གཞི2། ཉོ་སྒྲུབ་ས་ཚིགས113། མཛེས་ལྗོངས་ཁུལ30། མགྲོན་ཁང་དང་ཟ་ཁང251། རླངས་འཁོར་སྤྱི་གཉེར་ཁང14། ཡུལ་སྐོར་ཚོགས་པ6བཅས་ལ་ཞིབ་བཤེར་བྱས་པ་རེད།།



  • ལེ་ཚན་སྔོན་མ།:ཞིང་ཆེན་གནམ་གཤིས་བརྟག་དཔྱད་ཁང་གི་ཆེད་རམས་པ་རང་ཁུལ་དུ་འོངས་ནས་ཞིང་པར་ཞབས་ཕྱི་བསྒྲུབས།
  • ལེ་ཚན་རྗེས་མ།:ལོ་ངོ་གསུམ་གྱི་དྲན་གདུང་ཁྱེར་ནས་ཡུམ་སློབ་གྲྭའི་པང་དུ་ལོག་བྱུང་།
  • དོ་སྣང་ཆེ་བའི་རྩོམ།