ཞིང་ཆེན་གནམ་གཤིས་བརྟག་དཔྱད་ཁང་གི་ཆེད་རམས་པ་རང་ཁུལ་དུ་འོངས་ནས་ཞིང་པར་ཞབས་ཕྱི་བསྒྲུབས།

        2019-06-12

   ཉེ་ཆར། སི་ཁྲོན་ཞིང་ཆེན་གནམ་གཤིས་བརྟག་དཔྱད་ཁང་གི་ཆེད་རམས་པ་དང་། སྤྱི་ཁྱབ་བཟོ་བཀོད་པ་ཝང་མིང་ཐེན་རང་ཁུལ་དུ་འོངས་ནས་ཞིང་པར་གནམ་གཤིས་ཞབས་ཕྱི་དང་བརྟག་དཔྱད་ཞིབ་འཇུག་གི་ལས་ཀ་སྤེལ་བ་རེད།

   ཝང་མིང་ཐེན་སྔོན་རྗེས་སུ་རྟའུ་དང་། དཔལ་ཡུལ། དཀར་མཛེས། རོང་བྲག་སོགས་རྫོང་དུ་ཕྱིན་ནས་གནམ་གཤིས་ཀྱི་ཁྱད་ཆོས་དང་། ལོ་ཏོག་གཙོ་བོའི་འདེབས་ཁྱོན། ཐོན་ཚད་བཅས་དང་གནམ་གཤིས་ཀྱི་གནོད་སྐྱོན་གཙོ་བོ་དང་ཤུགས་རྐྱེན་ལ་བརྟག་དཔྱད་ཞིབ་འཇུག་བྱས་ནས། རྣམ་པ་གསར་པའི་ཞིང་ལས་ཚོང་གཉེར་གྱི་གྲུབ་ཆ་གཙོ་བོ་དང་། ཁེ་ལས་ཀྱི་འགན་ཁུར་མི་སྣ་དང་མཉམ་དུ་བསམ་ཚུལ་བརྗེ་རེས་བྱས་ཤིང་། གནས་བབ་གསར་པའི་འོག་གི་ཞིང་ལས་དེང་རབས་ཅན་དུ་འགྱུར་བར་འཕེལ་རྒྱས་གཏོང་བའི་དགོས་མཁོ་གསར་པ་དང་། ཚུལ་སྒྱུར་རིམ་སྤར་གྱི་བྱེད་ཐབས་གསར་པ་དང་ཐབས་ལམ་གསར་པར་རྒྱུས་ལོན་བྱས་པ་དང་ཆབས་ཅིག ཞིང་ལས་སྐོར་གྱི་གནད་དོན་གསུམ་ཀྱི་ཆེད་གཉེར་ཞབས་ཕྱི་ལས་ཀར་སྐུལ་འདེད་གཏོང་ཚུལ་དང་། ཁྱད་ཆོས་ལྡན་པའི་ཞིང་ལས་ཐོན་རྫས་ཞབས་ཕྱི་དང་ཞིབ་འཇུག ཞིང་པར་གནོད་འགོག་གནོད་སེལ་གྱི་མ་ལག་འཛུགས་སྐྲུན་བྱེད་ཚུལ་སོགས་ལ་ཁྲིད་སྟོན་བྱས་པ་རེད།།

 


  • ལེ་ཚན་སྔོན་མ།:འོད་ཤུགས་ལ་བརྟེན་ནས་དབུལ་སྐྱོར་བྱས་ཏེ་ཁེ་སྤོགས་ཡག་པོ་རག
  • ལེ་ཚན་རྗེས་མ།:རྒྱ་ཟླ5པའི་ཚེས5ཡི་དུས་ཆེན་ལ་རང་ཁུལ་དུ་ཡུལ་སྐོར་བའི་འཚང་ཁ་ཆེ།
  • དོ་སྣང་ཆེ་བའི་རྩོམ།