ལི་ཐང་རྫོང་གིས2019ལོའི་སློབ་གསོ་ལས་དོན་ཚོགས་ཆེན་འཚོགས།

བཀྲ་ཤིས་ཆོས་འཕེལ་གྱིས་བསྒྱུར།        2019-06-12

    སྤྱི་ཟླ6པའི་ཚེས6ཉིན་ལི་ཐང་རྫོང་གིས2019ལོའི་སློབ་གསོའི་ལས་དོན་ཚོགས་ཆེན་འཚོགས་པ་རེད།

    ཚོགས་འདུའི་ཐོག་ཁུལ་ཡོངས་ཀྱི་སློབ་གསོ་ལས་དོན་ཚོགས་ཆེན་གྱི་དགོངས་དོན་བརྒྱུད་བསྒྲགས་བྱས་ནས2018ལོའི་སློབ་གསོའི་ལས་དོན་ལ་ཕྱིར་དྲན་དང་ཕྱོགས་བསྡོམས་བྱས་པར་མ་ཟད། སླད་ཕྱིན་གྱི་སློབ་གསོའི་ལས་དོན་བཀོད་སྒྲིག་བྱས་པ་རེད།

ཚོགས་འདུའི་ཐོག་རྫོང་ཡོངས་ཀྱི་གོང་འོག་ཚང་མས་ཆབ་སྲིད་ཀྱི་ལངས་གནས་སྔར་བས་མཐོ་རུ་གཏོང་ཞིང་།ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པར་རྒྱུན་འཁྱོངས་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སློབ་གསོའི་ལས་དོན་ལ་གནང་བའི་རྒྱས་བཤད་གལ་ཆེན་གྱིས་ཁྲིད་སྟོན་བྱས་ཏེ།“འདུ་ཤེས་བཞི”བརྟན་པོ་འཆང་བ་དང་། “གདེང་ཚོད་བཞི”སྲ་བརྟན་གཏོང་བ། “སྲུང་སྐྱོང་གཉིས”བྱེད་པ། “མི་གང་འདྲ་ཞིག་གསོ་སྐྱོང་དང་། མི་ཇི་ལྟར་གསོ་སྐྱོང་། མི་སུ་ཞིག་གསོ་སྐྱོང་བཅས་བྱེད་པའི”རྩ་བའི་གནད་དོན་དེར་དམ་པོར་དམིགས་ནས་ཏང་དང་མི་དམངས་ཀྱི་ཡི་རང་བའི་སློབ་གསོ་ཡག་པོ་གཉེར་དགོས་པའི་བླང་བྱ་བཏོན་པ་རེད།

    ཚོགས་འདུའི་ཐོག་ནན་བཤད་བྱས་ཏེ་གཅིག་ནས་སློབ་གསོ་སྔོན་དུ་སྤེལ་བའི་འདུ་ཤེས་བཅངས་ནས་སྤྱི་ཚོགས་ཡོངས་ཀྱིས“དགེ་རྒན་ལ་བརྩི་འཇོག་དང་སློབ་གསོར་མཐོང་ཆེན་བྱེད་པའི”རྣམ་པ་བཟང་པོ་ཞིག་བཏོད་དེ་དགེ་རྒན་རྣམས་སྤོབས་པ་ཆེ་ཤོས་དང་བླ་ན་མེད་པའི་ལས་རིགས་ཤིག་ཏུ་འགྱུར་བ་བྱ་དགོས་པ་དང་། གཉིས་ནས་སློབ་གསོ་སྔོན་ལ་འཕེལ་རྒྱས་གཏོང་རྒྱུར་རྒྱབ་སྐྱོར་བྱེད་པ་དང་། རྫོང་ཡོངས་ཀྱི་སྟོབས་ཤུགས་ལ་བརྟེན་ནས་སློབ་གསོའི་ཆ་རྐྱེན་ལེགས་སུ་གཏོང་བ། སློབ་གསོའི་ནོར་སྲིད་མ་དངུལ་སྔོན་ལ་སྤྲོད་པ། སློབ་གསོའི་འཛུགས་སྐྲུན་རྣམ་གྲངས་སྔོན་ལ་འཆར་འགོད་བྱེད་པ། སློབ་གསོའི་རོགས་སྐྱོར་ཐེབས་རྩ་རྒྱ་སྟོབས་ཆེ་རུ་གཏོང་བ། གསུམ་ནས་དགེ་རྒན་དཔུང་སྡེ་ལ་དོ་དམ་ནན་པོ་བྱེད་པ་དང་། དཔྱད་ཞིབ་ལམ་ལུགས་ནན་དུ་གཏོང་བ། སློབ་ཁྲིད་ནུས་པ་ཆེ་རུ་གཏོང་བ། སེམས་ཁུར་དང་གཅེས་སྐྱོང་བྱེད་ཤུགས་རྒྱུན་ཆད་མེད་པར་ཆེ་རུ་གཏོང་བ་བཅས་བྱས་ནས་དགེ་རྒན་དཔུང་སྡེའི་ཐོབ་ཐང་རིམ་བཞིན་མཐོ་རུ་གཏང་དགོས།།


  • ལེ་ཚན་སྔོན་མ།:ཁམས་མི་ཉག་ཕྱོགས་ལ་ལོ༢༠༠༠སྔོན་གྱི་རིག་དངོས་རྙེད་འདུག
  • ལེ་ཚན་རྗེས་མ།:ཁུལ་གནམ་གཤིས་ཅུས་ཀྱིས་ཆུ་འབྲུབ་དུས་སྐབས་ཀྱི་གནམ་གཤིས་ཞབས་ཕྱིའི་སྤུས་ཀ་འགན་ལེན་བྱས།
  • དོ་སྣང་ཆེ་བའི་རྩོམ།

    རྩོམ་གསར། 10