གནས་མཆོག་དཀར་མཛེས་ཁུལ་གྱི་ཟས་མཆོག་སྣ་བརྒྱ་དང་ཞིང་ཞོར་ཐོན་རྫས་བཤམ་ཚོང་འདུ་ཚོགས་རོང་བྲག་ཏུ་སྤེལ།

གངས་སྐྱིད་ཀྱིས་བསྒྱུར།        2019-05-21

གནས་མཆོག་དཀར་མཛེས་ཁུལ་གྱི་ཟས་མཆོག་སྣ་བརྒྱ་དང་ཞིང་ཞོར་ཐོན་རྫས་བཤམ་ཚོང་འདུ་ཚོགས་རོང་བྲག་ཏུ་སྤེལ།

   ཟླ་བ5པའི་ཚེས18ཉིན། 2019ལོའི་སི་ཁྲོན་དཀར་མཛེས་ཁུལ་གྱི་རི་ཀླུང་ཡུལ་སྐོར་དང་རིག་གནས་དུས་ཆེན—གནས་མཆོག་དཀར་མཛེས་ཁུལ་གྱི་ཟས་མཆོག་དང་ཞིང་ཞོར་ཁྱད་ཆོས་ལྡན་པའི་ཐོན་རྫས་བཤམ་ཚོང་འདུ་ཚོགས་དེ་རོང་བྲག་རྫོང་དུ་སྤེལ་འགོ་ཚུགས་པ་རེད།དམིགས་བསལ་གྱི་ཁྱད་ཆོས་ལྡན་པའི་བོད་ཕག་ཤ་ཞིམ་པོ་དང་།སྐྱུར་ཚལ་མོག་མོགརྒྱུ་མ།བག་ལེབ་སོགས་རོང་བྲག་གི་ཟས་མཆོག་དང་།འབུ་སྦྲང་།ཚགས་ཤ།གཡེར་སྣུམ།སྟར་ཀ།སྲན་མ།མཐོ་སྒང་སྒོག་པ་སོགས་གཙོ་བོ་བྱེད་པའི་ས་གནས་དེ་གའི་ཞིང་ཞོར་ཁྱད་ཆོས་ལྡན་པའི་ཐོན་རྫས་དང་འཚེམ་དྲུབ།སྐེ་དཀྲིས། བོད་རྒྱན།བོད་ཆས་སོགས་རྒྱལ་རོང་ས་ཁུལ་གྱི་ལག་རྩལ་ཐོན་རྫས་ཐམས་ཅད་རོང་བྲག་རྫོང་གི་རྐང་ཐོག་ཁྲོམ་ལམ་དུ་བཤམ་ནས་ཡུལ་སྐོར་བའི་ཡིད་དབང་འཕྲོག་པ་རེད།

  ཤེས་རྟོགས་བྱུང་བར་གཞིགས་ན།ཟས་མཆོག་བཤམ་པའི་བྱེད་སྒོ་དེ2019ལོའི་སི་ཁྲོན་དཀར་མཛེས་ཁུལ་གྱི་རི་ཀླུང་ཡུལ་སྐོར་དང་རིག་གནས་དུས་ཆེན་གྱི་བྱེད་སྒོའི་ཡ་གྱལ་ཞིག་ཡིན་པ་དང་ཐེངས་འདིའི་བྱེད་སྒོ་དེ་ཟླ་བ5པའི་ཚེས19ཉིན་ནས་ཚེས21བར་སྤེལ་ཡོད།སྤྲོ་སྣང་ཤང་ཧ་རྩེ་ཐང་དང་རྫོང་མཁར་གྱི་རོང་བྲག་རྐང་ཐང་ཁྲོམ་ལམ་དུ་ཅ་ལག་འཚོང་ས46དང64བཙུགས་ཡོད།

   རོང་བྲག་རྫོང་དཔལ་འབྱོར་ཆ་འཕྲིན་དང་ཚོང་དོན་མཉམ་ལས་ཅུས་ཀྱི་འབྲེལ་ཡོད་འགན་ཁུར་པས་ཐེངས་འདིའི་ཟས་ཆོག་བཤམ་པའི་དུས་ཆེན་བརྒྱུད།རྒྱལ་རོང་ས་ཁུལ་དང་དཀར་མཛེས་ཁུལ་གྱི་ཟས་མཆོག་དང་ཞིང་སྡེའི་ཁྱད་ལྡན་ཐོན་རྫས།རོང་བྲག་གི་ལག་རྩལ་ཐོན་རྫས་སོགས་དེ་བས་རྒྱ་ཆེ་བའི་ཁྲོམ་རར་ཁྱབ་སྤེལ་བཏང་སྟེ།རོང་བྲག་རྫོང་གི་ཡུལ་སྐོར་དྲིལ་བསྒྲགས་གཉེར་འཚོང་ལ་སྐུལ་འདེད་གཏོང་ཐུབ་པ་དང་།རོང་བྲག་གི་རིག་གནས་ཡུལ་སྐོར་ཁྲོམ་ར་ཕྱི་ཕྱོགས་སུ་རྒྱ་སྐྱེད་གཏོང་བར་སྐུལ་འདེད་གཏོང་ཐུབ་པ་རེད་ཅེས་བཤད་པ་རེད།། 



  • ལེ་ཚན་སྔོན་མ།:མཛེས་མའི་ལུང་པའི་རོལ་དབྱངས་འདུ་ཚོགས་རོང་བྲག་ཏུ་བསྡུས།
  • ལེ་ཚན་རྗེས་མ།:སྐབས་རིམ་བྱུང་གི་དཀར་མཛེས་ཁུལ་རི་ཀླུང་ཡུལ་སྐོར་རིག་གནས་དུས་ཆེན་ལ་ཕྱི་མིག་བལྟས་པ།
  • དོ་སྣང་ཆེ་བའི་རྩོམ།