སྒོག་པ་བཙུགས་ཏེ་འབྱོར་འབྲིང་ལམ་བུར་བསྐྱོད།

        2019-05-20

   

སྒོག་པ་བཙུགས་ཏེ་འབྱོར་འབྲིང་ལམ་བུར་བསྐྱོད།

  ཉེ་བའི་ལོ་ཁ་ཤས་རིང་སྡེ་དགེ་རྫོང་གིས་ཐོན་ལས་ཀྱི་འགག་གནད་བསྒྲལ་ནས་ཕྱོགས་མང་དང་རིམ་གྲས་མང་པོ། གོ་རིམ་ཡོད་པ། དུས་རིམ་བགོས་པ་བཅས་ཀྱིས་དབུལ་སྐྱོར་ཐོན་ལས་འཕེལ་རྒྱས་ལ་སྐུལ་འདེད་བཏང་བ་རེད། ཉག་ཆུ་འབབ་རྒྱུད་ཀྱི་དབོན་ཐོག་དང་ཉ་འགུག རྫ་ཁོག་བར་མ་ཤང་བཅས་ལ་མཐོ་སྒང་གི་སྐྱེ་ལྡན་འདེབས་གསོ་དང་སྒོག་པ་གཞི་ཁྱོན་ཅན་གྱི་འདེབས་འཛུགས་ཤུགས་ཆེན་བྱས་ནས་མང་ཚོགས་ཀྱི་ཡོང་འབབ་འཕར་སྣོན་བཏང་བ་རེད། པར་འདི་ནི་ཉ་འགུག་ཞིང་ལས་ལྡུམ་ཁུལ་གྱི་བཟོ་པས་སྒོག་སོན་འཛུགས་བཞིན་པའི་ཚུལ་རེད།།


  • ལེ་ཚན་སྔོན་མ།:རང་ཁུལ་གྱི་རྫོང﹙གྲོང་ཁྱེར﹚ལྔའི་དབུལ་ཞྭ་དངོས་སུ་ཕུད།
  • ལེ་ཚན་རྗེས་མ།:ཞིམ་མངར་ལྡན་པའི་འབྲི་ཏ་ས་འཛིན་ལ་བརྟེན་ནས་བདེ་སྐྱིད་ཀྱི་འཚོ་བ་བསྐྲུན།
  • དོ་སྣང་ཆེ་བའི་རྩོམ།