དངོས་མཚོན་གློག་བརྙན༼ཤམ་བྷ་ལ་མཇལ་བ༽ཞེས་པར་ལ་ཐེ་ཝེ་ཡའི་ལྟད་མོ་བའི་དགའ་བསུ་ཆེན་པོ་ཐོབ།

བདེ་ཆེན་གྱིས་བསྒྱུར།        2019-05-16

  

དངོས་མཚོན་གློག་བརྙན༼ཤམ་བྷ་ལ་མཇལ་བ༽ཞེས་པར་ལ་ཐེ་ཝེ་ཡའི་ལྟད་མོ་བའི་དགའ་བསུ་ཆེན་པོ་ཐོབ།

    ལ་ཐེ་ཝེ་ཡར་བཅའ་སྡོད་བྱེད་པའི་ཀྲུང་གོའི་གཞུང་ཚབ་ཁང་གིས་ཚེས8ཉིན་རི་ཀིར་ཡོད་པའི་ལ་ཐེ་ཝེ་ཡའི་རྒྱབ་ཁབ་དཔེ་མཛོད་ཁང་དུ༼ཤམ་བྷ་ལ་མཇལ་བ༽ཞེས་པའི་གློག་བརྙན་སྣེ་ལེན་ཚོགས་འདུ་འཚོགས་ཏེ། གློག་བརྙན་དེར་ལ་ཐེ་ཝེ་ཡའི་ལྟད་མོ་བའི་དགའ་བསུ་ཆེན་པོ་ཐོབ་པ་རེད།

    ༼ཤམ་བྷ་ལ་མཇལ་བ༽ཞེས་པར་བོད་ཁུལ་གྱི་མི་རིགས་ཁག་གི་མི་དམངས་ཚོའི་བདེ་སྐྱིད་ལྡན་པའི་འཚོ་བ་ངོ་སྤྲོད་བྱས་པའི་དངོས་མཚོན་གློག་བརྙན་ཞིག་ཡིན་ཞིང་། ལ་ཐེ་ཝེ་ཡའི་རིག་གཞུང་ལས་རིགས་དང་རིག་རྩལ་ལས་རིགས། ཀྲུང་གོའི་མཛའ་གྲོགས་མི་སྣ300ཙམ་ལྟད་མོ་ལྟ་སར་ཡོང་བ་རེད།

   ལ་ཐེ་ཝེ་ཡའི་རྒྱ་རིག་པ་མཁས་ཅན་དང་ལ་ཐེ་ཝེ་ཡ་སློབ་གྲྭ་ཆེན་མོའི་མི་རིག་སློབ་གླིང་གི་དགེ་རྒན་ཆེན་མོ་ཨ་ཅེ་ཐ●པའོ་ཀོ་ཝེ་ཡིས་སྣེ་ལེན་ཚོགས་འདུའི་ཐོག་ཤིས་ཚིག་བརྗོད་སྐབས༼ཤམ་བྷ་ལ་མཇལ་བ༽ཞེས་པ་ལས་ང་ཚོས་བོད་ལྗོངས་དང་དེ་གར་འཚོ་བ་སྐྱེལ་མཁན་ཚོའི་གནས་ཚུལ་ཤེས་རྟོགས་དེ་བས་ལེགས་པོ་བྱེད་པའི་གོ་སྐབས་ཐོབ་ཡོད། ལ་ཐེ་ཝེ་ཡ་མི་ཚོ་འཛམ་གླིང་ཐོག་གི་ཐུན་མོང་མ་ཡིན་པའི་ས་ཁུལ་དུ་ཡུལ་སྐོར་བསྐྱོད་པའི་གོ་སྐབས་ཀྱང་ཇེ་མང་དུ་འགྲོ་བ་རེད་ཅེས་གསུངས་པ་རེད།

ལ་ཐེ་ཝེ་ཡར་བཅའ་སྡོད་བྱེད་པའི་ཀྲུང་གོའི་གཞུང་ཚབ་ཁང་གི་གནས་སྐབས་ལས་ཚབ་སུན་ཡིང་གིས་སྣེ་ལེན་ཚོགས་འདུའི་ཐོག་ཤིས་ཚིག་སྒྲོན་སྐབས། ད་ལོ་ནི་བོད་ལྗོངས་དམངས་གཙོའི་བཅོས་བསྒྱུར་བྱས་ནས་ལོ60འཁོར་བར་འཁེལ་ཡོད་ཅིང་། མི་རིགས་ཁག་གི་མི་དམངས་ཀྱིས་དཀའ་སྤྱད་འབད་བརྩོན་འོག་བོད་རང་སྐྱོང་ལྗོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་ཆུ་ཚད་མཐོ་རུ་ཕྱིན་ཏེ། སྐྱེ་ཁམས་དང་ཆོས་ལུགས། རིག་གནས། འཚོ་བ་སྐྱེལ་སྟངས་བཅས་ཀྱི་ཐད་ལ་སྲུང་སྐྱོང་ཡག་པོ་བྱུང་བས། མི་དམངས་ཀྱི་འཚོ་བ་སྔར་ལས་བདེ་སྐྱིད་ལྡན་ཡོད་ཅེས་གསུངས་པ་རེད།།

 


  • ལེ་ཚན་སྔོན་མ།:བྲག་འགོ་རྫོང་རྩོམ་པ་པོའི་མཐུན་ཚོགས་ཀྱི་ལྗོན་བཟང་གསར་དུ་ཚུགས་སོང་།
  • ལེ་ཚན་རྗེས་མ།:བུ་མོ་མཛེས་མ་ཚོ་འདི་ན་འཛོམས་འདུག
  • དོ་སྣང་ཆེ་བའི་རྩོམ།