སློབ་འབྲིང་སློབ་མ་ཞིག་གི་བློ་རྩལ་ལས་ཐོན་པའི་ཤེས་རབ།

    ནས་སོན་དཔེ་ཁང་འཕྲིན་སྟེགས།    2019-05-09

སློབ་འབྲིང་སློབ་མ་ཞིག་གི་བློ་རྩལ་ལས་ཐོན་པའི་ཤེས་རབ།

རྐང་ལམ་ཕྲ་མོའི་ཟོལ་བརྙན། 

ཁམས་སྐྱིད་ཀྱིས་བརྩམས།

   《རྐང་ལམ་ཕྲ་མོའི་ཟོལ་བརྙན》ཞེས་པའི་དེབ་གསར་འདི་ནི་སི་ཁྲོན་ཞིང་ཆེན་སེར་ཤུལ་རྫོང་སློབ་འབྲིང་གི་སྐབས་དང་པོའི་བོད་ཡིག་གཙོ་སྦྱོང་འཛིན་གྲྭའི་སློབ་མ་ཁམས་སྐྱིད་ལ གས་ཀྱི་སྒེར་དེབ་ཐོག་མ་ཡིན་ལ། འདི་ལ་སེར་ཤུལ་རྫོང་སློབ་གསོ་ལུས་རྩལ་ཅུས་དང་རྫོང་སློབ་འབྲིང་གི་སློབ་སྤྱི་རྒན་གཞོན་རྣམ་གཉིས་སློབ་གླིང་དེ་གའི་དགེ་རྒན་རྣམས་ཀྱིས་ཐུགས་ཁུར་དང་རྒྱབ་སྐྱོར་ཚད་མེད་གནང་བ་དང་ཁྲེང་ཏུའུ་བོད་ཀྱི་བྲིན་རྩོམ་པར་སྐྲུན་རིག་གནས་ཁྱབ་སྤེལ་ཚད་ཡོད་སྤྱི་གཉེར་ཁང་གིས་ཀྱང་གཞོན་ཆུང་དག་ལ་རྒྱབ་སྐྱོར་དང་སྐུལ་འདེད་ཀྱི་ཚུལ་དུ་བྲིན་རྩོམ་རབས་བཅོ་ལྔ་བར་བདམས་ནས་དཔར་སྐྲུན་བྱས།

སློབ་འབྲིང་སློབ་མ་ཞིག་གི་བློ་རྩལ་ལས་ཐོན་པའི་ཤེས་རབ།

   དེབ་འདི་ནི་སེར་ཤུལ་རྫོང་སློབ་འབྲིང་གི་སློབ་མ་ཁམས་སྐྱིད་ལགས་ཀྱིས་མི་ལོ་དུ་མའི་རིང་ལ་སློབ་གཉེར་གྱི་ཞོར་དུ་དཀའ་སྤྱད་འབད་བརྩོན་གྱིས་བྲིས་པའི་རྩོམ་ཡིག་དག་ཕྱོགས་གཅིག་ཏུ་གཅེས་བཏུས་བྱས་ཏེ་གྲུབ་པ་ཞིག་ཡིན། འདི་ནི་སློབ་འབྲིང་སློབ་མ་ཞིག་གི་བློ་རྩལ་ལས་ཐོན་པའི་ཤེས་རབ་ཀྱི་འོད་སྣང་ཡིན་ལ། འདི་ནི་འབྲོག་མོ་རྣལ་མ་ཞིག་གི་ལྷག་བསམ་ལས་རྡོལ་བའི་སྙིང་གཏམ་གྱི་མཆོད་པ་ཡིན། འདི་ནི་ན་ཆུང་གཞོན་སྐྱེས་ཤིག་གི་རྣམ་དཔྱོད་ལས་ཕབ་པའི་ལང་ཚོ་ཡི་རི་མོ་ཡིན་ལ། འདི་ནི་མཐོ་སྒང་བུ་མོ་ཞིག་གི་ཕ་སྐད་ལས་འཁྲུངས་པའི་བླ་སྲོག་གི་འབོད་སྐུལ་ཡིན། དེ་ལས་ཀྱང་། དེབ་འདི་ནི་སེར་ཤུལ་རྫོང་སློབ་འབྲིང་གི་སློབ་མའི་རྩོམ་རིག་ལོ་རྒྱུས་ཀྱི་སྒོ་མོ་གསར་དུ་འབྱེད་པའི་གསེར་གྱི་ལྡེ་མིག་ཡིན་ལ། མ་འོངས་སློབ་གྲོགས་ཀུན་གྱིས་མདུན་ལམ་བསྙེག་པའི་སེམས་ཤུགས་དང་བློ་སྤོབས་ཀྱི་རྒྱབ་རྟེན་དུ་འགྲེང་ཆོག་པར་སྙམ། ད་དུང་ཡང་། རྒྱུན་རིང་བའི་སློབ་གྲྭའི་འདས་སོང་གི་ལོ་རྒྱུས་ཁྲོད་ནས་དགེ་སློབ་ཀུན་གྱིས་བསྣམས་མ་མྱོང་བའི་ལེགས་སྐྱེས་ཀྱི་ཐོག་མའང་འདི་ཉིད་ཅི་ལ་མིན།  

སློབ་འབྲིང་སློབ་མ་ཞིག་གི་བློ་རྩལ་ལས་ཐོན་པའི་ཤེས་རབ།

 ཁམས་སྐྱིད་ནི་སྤྱི་ལོ1998ལོར་ཐར་ཤུལ་སྡེ་བའི་འབྲོག་ཁྱིམ་ཕལ་བ་ཞིག་ནས་སྐྱེས་ཤིང་། 2010ལོར་ཐར་ཤུལ་ཕན་བདེ་གཅེས་སྐྱོང་སློབ་གྲྭ་ནས་སློབ་ཆུང་བཏོན། 2016ལོར་སེར་ཤུལ་རྫོང་སློབ་འབྲིང་དུ་ཞུགས་ཏེ་སློབ་སྦྱོང་བྱེད་མུས་སུ་མཆིས། 

   康机: 出生于1998,四川省甘孜藏族自治州石渠县虾扎塔须村牧民家庭出生。2010.7—2016.7塔须村小就读毕业。 2016.7—-至今石渠县中学2016级藏单班就读。

དེབ་མིང་། རྐང་ལམ་ཕྲ་མོའི་ཟོལ་བརྙན། 

རྩོམ་པ་པོ།  ཁམས་སྐྱིད།

བློ་འདྲི་ཡུལ།   སེར་ཤུལ་རྫོང་སློབ་གསོ་ལུས་རྩལ་ཅུས་ཀྱི་ཅུས་ཀྲང་གཞོན་པ།  སེར་ཤུལ་སློབ་འབྲིང་གི་སློབ་སྤྱི་བསོད་ཆེན་རྡོ་རྗེ་བཀྲ་ཤིས། སློབ་སྤྱི་གཞོན་པ་བསོད་ནམས་ཆོས་འཕེལ།

སྤྱིའི་རྩོམ་སྒྲིག་པ།   སད•བསམ་དགའ་བ།

རྩོམ་སྒྲིག་འགན་ཁུར་བ།   ལྷག་པ་དཀར།

ཕྱི་ཤོག་ཇུས་འགོད་པ།   ཨ་ཁྲི།

ཞུ་དག་པ།  རྫ་བསོད་ནམས་རྡོ་རྗེ།   སད•བསམ་དགའ།

པར་སྐྲུན་འགྲེམ་སྤེལ། ཁྲེང་ཏུའུ་བོད་ཀྱི་བྲིན་རྩོམ་པར་སྐྲུན་རིག་གནས་ཁྱབ་སྤེལ་ཚད་ཡོད་སྤྱི་གཉེར་ཁང་།




  • ལེ་ཚན་སྔོན་མ།:ཡུལ་གྲོང་གསར་འགྱུར།
  • ལེ་ཚན་རྗེས་མ།:བྲག་འགོ་རྫོང་རྩོམ་པ་པོའི་མཐུན་ཚོགས་ཀྱི་ལྗོན་བཟང་གསར་དུ་ཚུགས་སོང་།
  • དོ་སྣང་ཆེ་བའི་རྩོམ།