རང་ཁུལ་གྱིས་ཡུལ་གྲོང་ཤིན་ཏུ་དབུལ་ཕོངས་གཅིག་བསྡུས་འགག་སྒྲོལ་དང་ཞིང་སྡེའི་མི་སྡོད་ཁོར་ཡུག་དག་ཐེར་བཅོས་སྐྱོང་བྱེད་པའི་ཡུལ་དངོས་སྐུལ་འདེད་གྲོས་ཚོགས་འཚོགས།

སྐལ་ཐུབ་ཀྱིས་བསྒྱུར་ཞུས་བྱས།        2019-04-22

 རང་ཁུལ་གྱིས་ཡུལ་གྲོང་ཤིན་ཏུ་དབུལ་ཕོངས་གཅིག་བསྡུས་འགག་སྒྲོལ་དང་ཞིང་སྡེའི་མི་སྡོད་ཁོར་ཡུག་དག་ཐེར་བཅོས་སྐྱོང་བྱེད་པའི་ཡུལ་དངོས་སྐུལ་འདེད་གྲོས་ཚོགས་འཚོགས། 

  ལིའུ་ཁྲེང་མིང་གྲོས་ཚོགས་སུ་ཞུགས་ཤིང་གསུང་བཤད་གནང་། ལི་ཁང་གྲོས་ཚོགས་སུ་ཞུགས།

རང་ཁུལ་གྱིས་ཡུལ་གྲོང་ཤིན་ཏུ་དབུལ་ཕོངས་གཅིག་བསྡུས་འགག་སྒྲོལ་དང་ཞིང་སྡེའི་མི་སྡོད་ཁོར་ཡུག་དག་ཐེར་བཅོས་སྐྱོང་བྱེད་པའི་ཡུལ་དངོས་སྐུལ་འདེད་གྲོས་ཚོགས་འཚོགས།

  སྤྱི་ཟླ4པའི་ཚེས15ནས16ཉིན་གྱི་བར། རང་ཁུལ་གྱི་ཡུལ་གྲོང་ཤིན་ཏུ་དབུལ་ཕོངས་གཅིག་བསྡུས་འགག་སྒྲོལ་དང་ཞིང་སྡེའི་མི་སྡོད་ཁོར་ཡུག་དག་ཐེར་བཅོས་སྐྱོང་བྱེད་པའི་ཡུལ་དངོས་སྐུལ་འདེད་གྲོས་ཚོགས་དེ་དཀར་མཛེས་དང་སྡེ་དགེ་རྫོང་གཉིས་སུ་འཚོགས་པ་རེད། ཁུལ་ཨུའི་ཧྲུའུ་ཅི་ལིའུ་ཁྲེང་མིང་གྲོས་ཚོགས་སུ་ཞུགས་ཤིང་གསུང་བཤད་གནང་བ་དང་། ཁོང་གིས་ཁུལ་ཡོངས་ཀྱི་རིམ་ཁག་དང་སྡེ་ཁག་གིས་ངེས་པར་དུ་ཏང་དང་མི་དམངས་ལ་འགན་ཆེན་ཁུར་བའི་ཆབ་སྲིད་ཀྱི་ཁུར་སེམས་ཡོད་པར་བྱེད་ཅིང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པས་ཁྲིད་སྟོན་བྱེད་པ་དང་། ཁྱོན་ཡོངས་ནས་ཞིང་ཆེན་ཏང་ཨུ་དང་ཁུལ་ཨུའི་ཐབས་ཇུས་བཀོད་སྒྲིག་ལག་ལེན་བྱེད་ཅིང་། ཐོག་མའི་བསམ་འདུན་མི་བརྗེད་ཅིང་། འགན་འཁྲི་སེམས་ལ་བརྟན་པོར་བཅངས་པ་དང་། དཀའ་སྤྱད་འབད་འཐབ་བྱས་ནས་ཤིན་ཏུ་དབུལ་ཕོངས་ས་ཁུལ་འགག་སྒྲོལ་ཐུབ་པ་དང་། ཞིང་སྡེའི་མི་སྡོད་ཁོར་ཡུག་དག་ཐེར་བཅོས་སྐྱོང་ལས་ཀ་ཡོངས་སུ་འགྲུབ་ཐུབ་པར་བྱས་ནས། གྲུབ་འབྲས་ཕུལ་དུ་བྱུང་བས་ཀྲུང་གོ་གསར་པ་དབུ་བརྙེས་ནས་ལོ70འཁོར་བར་ལེགས་སྐྱེས་འབུལ་དགོས་ཞེས་ནན་གསུང་གནང་བ་རེད། 

    ཁུལ་དམངས་ཆེན་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རེན་ལི་ཁང་གྲོས་ཚོགས་སུ་ཞུགས་ཡོད། ཁུལ་ཨུའི་ཧྲུའུ་ཅི་གཞོན་པ་ལི་ཅང་གིས་གྲོས་ཚོགས་གཙོ་འགན་བཞེས། བྱམས་བློ་དང་ལིའུ་ཅེ་ཞང་། སྐལ་བཟང་། ཧོ་པིའོ། ཞེ་ཧུའེ་བཅས་དང་ཁུལ་དམངས་ཆེན་རྒྱུན་ལས་ཨུ་ལྷན་དང་ཁུལ་སྲིད་གཞུང་། ཁུལ་སྲིད་གྲོས་བཅས་ཀྱི་ཡུལ་གྲོང་ཤིན་ཏུ་དབུལ་ཕོངས24ལ་འབྲེལ་བ་བྱེད་མཁན་ཁུལ་འགོ་ཁྲིད་གྲོས་ཚོགས་སུ་ཞུགས་པ་རེད། 

  ལིའུ་ཁྲེང་མིང་གིས་བསྟན་དོན། ན་ལོ་ནས་བཟུང་རང་ཁུལ་གྱིས་ཡུག་འབྲེལ་ཡུལ་གྲོང་ཤིན་ཏུ་དབུལ་ཕོངས24འཕེལ་རྒྱས་ཇེ་མགྱོགས་སུ་གཏོང་བའི་སྲིད་ཇུས་བྱེད་ཐབས་ལ་གྲུབ་འབྲས་རགས་ཙམ་ཐོབ་ཡོད་པ་སྟེ། རྨང་གཞིའི་སྒྲིག་ཆས་འཛུགས་སྐྲུན་དང་། ས་ཁང་འཛུགས་སྐྲུན་དང་ཐོན་ལས་འཕེལ་རྒྱས། གློག་རྡུལ་ཚོང་དོན། སྤྱི་ཚོགས་དོ་དམ། ནག་སེལ་གཤེད་འཇོམས། གཞི་རིམ་ཏང་འཛུགས་སོགས་ལ་གྲུབ་འབྲས་ཡག་པོ་ཐོབ་དང་འཐོབ་བཞིན་ཡོད་ལ། གནས་མང་གཞི་ཚུགས་དང་ཕྱོགས་མང་ཤུགས་འདོན་གྱི་རྣམ་པ་རགས་ཙམ་ཆགས་ཟིན་པ་རེད། དབུལ་ཐར་འགག་སྒྲོལ་གྱི་ལས་ཀ་སྤེལ་བ་ནས་བཟུང་། ཁུལ་ཡོངས་ཀྱི་གོང་འོག་ཚང་མས་བློ་བརྟན་འགྱུར་མེད་ཀྱིས་ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུ། ཁུལ་ཨུའི་ཐབས་ཇུས་བཀོད་སྒྲིག་ཁག་དོན་འཁྱོལ་འཕྱུགས་པ་མེད་པ་བྱས་ཏེ། ཚད་གཞི་ལས་མི་དམའ་བ་སེམས་ཁྲལ་བྱ་མི་དགོས་པ་གཉིས་དང་འགན་སྲུང་བྱ་དགོས་པ་གསུམ་གྱི་བླང་བྱར་དམིགས་ནས། སྔོན་རྗེས་སུ་ལྕགས་ཟམ་རྫོང་གི་དབུལ་ཞྭ་སྔོན་ལ་ཕུད་པ་དང་། དེ་ནས་དར་མདོ་དང་རོང་བྲག བརྒྱད་ཟིལ། ཕྱག་ཕྲེང་། འདབ་པ་བཅས་རྫོང་དང་གྲོང་ཁྱེར་ལྔ་ཡི་དབུལ་ཞྭ་ཕུད་པའི་ཡོངས་བསྒྲགས་བྱེད་ཐུབ་ཡོད། དཀར་མཛེས་ཁུལ་གྱི་དབུལ་སྐྱོར་ལོ་རྒྱུས་ཐོག་གི་གྲུབ་འབྲས་ཆེས་བཟང་བ་བསྐྲུན་ཡོད་ཅིང་། ཤིན་ཏུ་དབུལ་ཕོངས་ཀྱི་བཙན་འགག་ལས་སྒྲོལ་བར་རྨང་གཞི་སྲ་ཞིང་བརྟན་པ་ཞིག་བཏིང་ཡོད། 

   ལིའུ་ཁྲེང་མིང་གིས་བསྟན་དོན། ད་ལོ་ནི་ཀྲུང་གོ་གསར་པ་དབུ་བརྙེས་ནས་ལོ70འཁོར་བའི་ལོ་ཡིན་ཞིང་། ཁྱོན་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་ཐུབ་པའི་གནད་འགག་གི་ལོ་ཡིན་ལ། ཁྱོན་ཡོངས་ནས་དབུལ་ཐར་འགག་སྒྲོལ་ལས་རྒྱལ་ཁ་ཐོབ་པའི་མཐའ་མའི་གདོང་མཆོང་ལོ་ཡང་ཡིན་པས། ད་ལོའི་ལས་ཀ་ཡག་པོ་བསྒྲུབ་རྒྱུ་གལ་ཤིན་ཏུ་ཆེན་པོ་ཡིན་པ་རེད།  ང་ཚོས་དབུལ་ཐར་འགག་སྒྲོལ་བྱ་རྒྱུ་དེ་ཆེས་ཆེ་བའི་ཆབ་སྲིད་དང་ཆེས་ཆེ་བའི་དམངས་ཕན་ལས་གྲྭ། ཆེས་བཟང་བའི་འཕེལ་རྒྱས་ཀྱི་གོ་སྐབས་སུ་བརྩིས་ནས། སེམས་ཁྲལ་བྱ་མི་དགོས་པ་གཉིས་དང་འགན་སྲུང་བྱ་རྒྱུ་གསུམ་ལ་དམིགས་ནས་དབུལ་སྐྱོར་ངོ་མ་བྱེད་ཅིང་དབུལ་པོ་ངོ་མ་སྐྱོར་བར་རྒྱུན་འཁྱོངས་པ་དང་། འགན་ཁུར་ཕོད་པའི་སྙིང་སྟོབས་དང་མཇུག་འཐབ་ཀྱི་རྣམ་འགྱུར། དོན་གཉེར་གྱི་སྤྱོད་ཚུལ་བཅས་ཀྱིས་སྔ་ཡོད་རྨང་གཞིའི་ཐོག་རེས་གསར་པའི་འགག་སྒྲོལ་ཤུགས་ཆེན་བྱས་ཏེ་ཤིན་ཏུ་དབུལ་ཕོངས་ཀྱི་བཙན་རྫོང་གཏོར་ནས་ས་ཁོངས་ཡོངས་རྫོགས་དབུལ་ཞྭ་ཕུད་པའི་དམིགས་འབེན་འགྲུབ་པར་བྱ་དགོས།

བཞི་ནི་སྔར་ལྷག་གིས་སྤྱི་པའི་ཞབས་ཞུའི་ཆུ་ཚད་ཇེ་མཐོར་གཏང་དགོས། ཁྱོན་ཡོངས་ནས་དབུལ་ཕོངས་ས་ཁུལ་གྱི་འོས་འགན་སློབ་གསོའི་སློབ་གྲྭ་ཉམས་ཞན་བསྒྱུར་བཀོད་བྱས་ཏེ་སློབ་གསོའི་སྤུས་ཚད་མཐོ་རུ་གཏོང་གང་ཐུབ་བྱ་དགོས། ཆ་རྐྱེན་འཛོམས་པའི་རྫོང་དང་ཡུལ་ཤོག གྲོང་སྡེ་བཅས་སུ་ཞག་སྡོད་ལམ་ལུགས་ཀྱི་སློབ་གྲྭ་དང་ཡུལ་ཤོག་དང་གྲོང་རྡལ་ལྟེ་གནས་སློབ་གྲྭ། གྲོང་རྡལ་དང་གྲོང་སྡེའི་བྱིས་སློབ་ཁང་བཅས་རྒྱས་སྐྲུན་བྱ་དགོས། དགེ་རྒན་གྱི་དཔུང་ཤུགས་ཆེ་རུ་གཏོང་བ་དང་དགེ་རྒན་གྱི་དཔུང་སྡེ་འཛུགས་སྐྱོང་བྱེད་ཤུགས་ཆེ་རུ་གཏང་དགོས། འབྲིང་རིམ་ལས་རིགས་སློབ་གསོ་གོང་འཕེལ་མགྱོགས་པོར་གཏང་དགོས། བཤོལ་འགོག་སློབ་སྐྱོང་གི་འགན་འཁྲི་དོན་འཁྱོལ་ནན་པོ་བྱ་དགོས། སློབ་མའི་རོགས་སྐྱོར་སྲིད་ཇུས་དོན་འཁྱོལ་བྱ་དགོས། སློབ་རན་བྱིས་པ་སློབ་གྲྭར་འདོན་ཐུབ་པར་ཁག་ཐེག་བྱས་ཏེ་དབུལ་ཕོངས་མི་རབས་བརྒྱུད་པར་རྦད་དེ་འགོག་དགོས། ལོ་འདིའི་ནང་སྡེ་དགེ་རྫོང་ཨ་ཕྱུག་གྲོང་རྡལ་དང་། དབོན་ཐོག་ཡུལ་ཤོག སེར་ཤུལ་རྫོང་གི་དབོན་པོ་གྲོང་རྡལ། དཀར་མཛེས་རྫོང་གི་ཚྭ་ལུང་གྲོང་རྡལ། གསེར་ཐར་རྫོང་གི་ཉི་སྟོད་གྲོང་རྡལ་བཅས་ཀྱི་ལྟེ་གནས་འཕྲོད་བསྟེན་ཁང་འཛུགས་སྐྲུན་བྱ་དགོས། ལྔ་ནི་སྔར་ལྷག་གིས་ལས་ཞུགས་ལས་སྐྲུན་ལ་སྐུལ་སྤེལ་གཏང་དགོས། ལས་ཞུགས་དབུལ་སྐྱོར་གྱི་སྲིད་ཇུས་ཁག་བཅོ་ལྔ་དོན་ཐོག་འཁྱོལ་བར་བྱེད་ཅིང་། ལས་ཞུགས་ལག་རྩལ་གསོ་སྦྱོང་བྱེད་ཤུགས་ཆེ་རུ་གཏོང་བ། དབུལ་སྐྱོར་ཆེད་དམིགས་ལས་སྡུད་ཚོགས་འདུ་བསྡུས་པ། སྤྱི་ཕན་རང་བཞིན་གྱི་ལས་གནས་སུ་དབུལ་ཕོངས་རྩོལ་ཤུགས་བཀོད་སྒྲིག་བྱས་པ་སོགས་བྱས་ཏེ། ཡིག་ཚགས་དང་བྱང་བུ་བཟོས་པའི་དབུལ་ཕོངས་དུད་ཁྱིམ་ལ་ལས་ཞུགས་ཡོང་འཕར་བྱེད་མཁན་གྱི་ངལ་རྩོལ་པ་མ་མཐའ་ཡང་གཅིག་ཡོད་པར་ཁག་ཐེག་བྱ་དགོས། དྲུག་ནི་སྔར་ལྷག་གིས་སྐྱེ་ཁམས་ཁོར་ཡུག་དམ་འཛིན་བྱ་དགོས། རྒྱལ་ཁབ་ཀྱི་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྱོང་དཔེ་སྟོན་ཁུལ་གསར་འཛུགས་བྱེད་པར་སྐུལ་འདེད་ཧུར་ཐག་བྱ་དགོས་ཤིང་། རི་མགོར་ཤིང་འཛུགས་པ་དང་། རི་རྐེད་འབྲས་ཤིང་བཙུགས་པ། རི་འདབས་སུ་ལོ་ཏོག་འདེབས་པའི་སྐྱེ་ཁམས་ཆགས་ཚུལ་ཆགས་པར་བྱས་ཤིང་། རིར་ཤིང་འཛུགས་པ་དང་ལམ་ཁར་མེ་ཏོག་འདེབས་པ། ཆུ་བོ་མཚེའུ་རུ་བསྒྱུར་བ་སོགས་ལྗང་འགྱུར་མཛེས་འགྱུར་བྱ་སྤྱོད་ཤུགས་ཆེན་སྤེལ་དགོས། བྱེར་འགྱུར་ས་ཞིང་བཅོས་སྐྱོང་བྱེད་པ་དང་མི་བཟོས་ནགས་སྐྲུན། ཁོར་ཡུག་ལྗང་འགྱུར་མཛེས་འགྱུར། ནགས་ཚལ་གསོ་སྐྱོང་བཅས་བྱ་དགོས། དབུལ་ཐར་འགག་སྒྲོལ་གྱི་ནགས་སྐྲུན་ཆེད་ལས་མཉམ་ལས་ཁང་འཛུགས་དགོས། བདུན་ནི་སྔར་ལྷག་གིས་ཆོས་ལུགས་དོ་དམ་བྱེད་ཤུགས་ཆེ་རུ་གཏང་དགོས། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ཕེང་ཆིང་ཧྭ་རང་ཁུལ་དུ་རྟོག་ཞིབ་ཕེབས་པའི་མཆན་བཀོད་མཛུབ་སྟོན་གྱི་སྙིང་དོན་གལ་ཆེན་ལག་ལེན་མཐར་ཕྱིན་བྱེད་ཅིང་། དགོན་པ་དོ་དམ་གྱི་གནད་དམ་པ་བཟུང་ཞིང་། ཁྲིམས་སྐྱོང་གི་དར་ཆ་མཐོན་པོར་བསྒྲེངས་ཤིང་ཁྲིམས་ལྟར་བོད་བརྒྱུད་ནང་བསྟན་ཆོས་ལུགས་དང་དགོན་པ་དོ་དམ་བྱེད་པ། རིགས་བགོས་དོ་དམ་ཚད་ལོན་རིམ་སྤར་དང་ཡ་རབས་འཆམ་མཐུན་དགོན་པ་གསར་འཛུགས་བྱེད་ཤུགས་ཆེ་རུ་བཏང་སྟེ། བོད་བརྒྱུད་ནང་བསྟན་ཆོས་ལུགས་དང་སྤྱི་ཚོགས་རིང་ལུགས་སྤྱི་ཚོགས་འཕྲོད་མཐུན་ཡོང་བར་བྱ་དགོས། བརྒྱད་ནི་སྔར་ལྷག་གིས་སྤྱི་ཚོགས་བཅོས་སྐྱོང་བྱེད་སྟངས་གསར་སྐྲུན་བྱ་དགོས། གཞི་རིམ་སྤྱི་ཚོགས་བཅོས་སྐྱོང་གསར་སྐྲུན་དང་སྤྱི་ཚོགས་ཀྱི་ཉེན་ཁ་ཚབས་ཆེན་འགོག་སྲུང་བྱ་རྒྱུ་ཟུང་འབྲེལ་བྱས་ཏེ། སྔར་ལྷག་གིས་མངག་གཏོང་ཁང་དང་ཁྲིམས་འཛིན་ཁང་འཛུགས་སྐྲུན་ཚད་ལྡན་དུ་གཏོང་བ་དང་། ནུས་ཤུགས་ཡོད་དགུས་མི་དམངས་ཉེན་རྟོག་པ་དང་ཁྲིམས་འཛིན་ལས་རོགས་པའི་སྒྲིག་ཁོངས་དང་འགྲོ་སོང་། འཁོར་རིགས་བཅས་འགན་སྲུང་བྱ་དགོས། མི་དམངས་ཀྱི་བར་འདུམ་ཨུ་ཡོན་ལྷན་ཁང་འཛུགས་སྐྲུན་ཚད་ལྡན་བཟོས་ཏེ། འགལ་བ་རྩོད་གླེང་འདུམ་འགྲིག་ནུས་པ་རྒྱུན་ཆད་མེད་པར་ཇེ་ཆེར་བཏང་ནས། སྤྱི་ཚོགས་བརྟན་བརླིང་གི་འགོག་ར་དང་པོ་སྲུང་སྐྱོང་བརྟན་པོ་བྱ་དགོས། དགུ་ནི་སྔར་ལྷག་གིས་ནང་གནས་སྒུལ་ཤུགས་བསླང་དགོས། དབུལ་ཕོངས་མང་ཚོགས་ཀྱི་བྱེད་པོའི་ནུས་པ་པ་འདོན་སྤེལ་གང་ལེགས་བྱེད་ཅིང་། དབུལ་ཕོངས་མང་ཚོགས་ཀྱི་ཆོད་སེམས་དང་ནུས་ཤུགས་བསླངས་ཏེ། ཤིན་ཏུ་དབུལ་ཕོངས་ས་ཁུལ་གྱི་ཞིང་འབྲོག་དམངས་ཀྱི་ནང་གནས་སྒུལ་ཤུགས་ཇེ་དྲག་ཏུ་གཏང་དགོས། བཅུ་ནི་སྔར་ལྷག་གིས་སྲིད་འཛིན་རྨང་གཞི་ཇེ་བརྟན་དུ་གཏང་དགོས། ཁུལ་ཡོངས་ཀྱི་གོང་འོག་ཚང་མས་ངེས་པར་དུ་མི་བརྒྱ་སེམས་གཅིག་དང་འགག་སྒྲོལ་དཀའ་སེལ་བྱ་དགོས། དབུལ་ཐར་འགག་སྒྲོལ་བྱེད་ཤུགས་ཞན་ནས་ཁུལ་ཡོངས་ཀྱི་ཞིབ་དཔྱད་ཚད་ལེན་དང་དབུལ་ཞྭ་ཕུད་པའི་ལས་འགན་ལ་ཤུགས་རྐྱེན་ཐེབས་པ་དང་། སླད་ཕྱིན་གྱི་ལས་ཀའི་ཁྲོད་དུ་མི་བདེན་རྫུན་སྒྲིག་དང་ཕྱི་ཚུལ་རིང་ལུགས་བྱེད་མཁན། དབུལ་སྐྱོར་མ་དངུལ་བཟུང་སྤྱོད་དང་གཞན་སྤྱོད། བཀག་ཉར། རྔན་ཟ་བཅས་བྱེད་པའི་ཁྲིམས་འགལ་སྒྲིག་འགལ་གྱི་བྱ་སྤྱོད། མང་ཚོགས་ཀྱིས་ཡར་ཞུ་བྱས་པའི་རྫུན་མ་ཅན་གྱི་དབུལ་ཐར་དང་། རྩིས་རྒྱག་རྣམ་པའི་དབུལ་ཐར། དམིགས་ཚད་ཅན་གྱི་དབུལ་ཐར། འཁྱམ་རྒྱུག་ཅན་གྱི་དབུལ་ཐར་བཅས་ཀྱི་གནད་དོན་ཡོད་ཚེ། སེམས་ཐག་གཙང་བཅད་ཀྱིས་གཅིག་རིག་ན་གཅིག་ལ་ཆད་གཅོད་ནན་པོ་བྱ་རྒྱུ་ལས་རང་དགར་གཏན་ནས་གཏང་རྒྱུ་མིན། 

ཚོགས་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་རྒྱལ་ཡོངས་ཚོགས་ཆེན་གཉིས་ཀྱི་ཐོག་གསུངས་པའི་དབུལ་ཐར་འགག་སྒྲོལ་སྐོར་གྱི་གསུང་བཤད་གལ་ཆེན་གྱི་དགོངས་དོན་དང་། ཀྲུང་དབྱང་སྒྲིག་ཨུ་རྒྱལ་ཁབ་ལྟ་ཞིབ་ཨུ་ལྷན་གྱིས་སི་ཁྲོན་དབུལ་སྐྱོར་ཁྱབ་ཁོངས་ཀྱི་རུལ་སུངས་དང་སྤྱོད་ཚུལ་གནད་དོན་ཆེད་དོན་བཅོས་སྐྱོང་ལས་ཀའི་བཞུགས་མོལ་གྲོས་ཚོགས་འཚོགས་པའི་སྙིང་དོན། ཞིང་ཆེན་ཡོངས་ཀྱི་དབུལ་ཐར་འགག་སྒྲོལ་གྱི་དན་གྲངས་ཆེན་པོའི་ལས་སྟེགས་བཀོལ་སྤྱོད་གསོ་སྦྱོང་དང་དབུལ་སྐྱོར་བྱ་ཡུལ་འགྱུར་ཚུལ་ཡོད་པའི་ལེགས་སྒྲིག་ལས་ཀའི་གྲོས་ཚོགས་ཀྱི་སྙིང་དོན། ཞིང་ཆེན་ཡོངས་ཀྱི་དབུལ་ཐར་དབུལ་ཞྭ་ཕུད་པའི་ཡུལ་དངོས་སྐུལ་འདེད་གྲོས་ཚོགས་དང་ཞིང་ཆེན་ཡོངས་ཀྱི་འཚོ་སྡོད་བྱེད་འཚམ་པའི་ཡུལ་གྲོང་གི་མི་སྡོད་ཁོར་ཡུག་དག་ཐེར་བཅོས་སྐྱོང་ལས་ཀའི་གྲོས་ཚོགས་ཀྱི་སྙིང་དོན་བཅས་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་ཤིང་། 2018ལོར་དབུལ་ཞྭ་ཕུད་པའི་འཆར་གཞིར་ཚུད་པའི་རྫོང་གིས་དབུལ་ཕོངས་རྫོང་དབུལ་གྲས་ནས་ཕྱིར་འབུད་པའི་ཆེད་དོན་དཔྱད་དཔོག་ཞིབ་བཤེར་གནས་ཚུལ་ཁྱབ་བསྒྲགས་བྱས་ཡོད། དར་མདོ་རྫོང་དང་སྡེ་དགེ་རྫོང་། དཀར་མཛེས་རྫོང་། དུང་དཀར་ལུང་པ་དོ་དམ་ཅུས། སེར་ཤུལ་རྫོང་དབོན་པོ་གྲོང་རྡལ། གསེར་ཐར་རྫོང་སྟག་རྩེ་ཡུལ་ཤོག་གྲོ་རྒན་ཐང་གྲོང་སྡེའི་འགན་ཁུར་བ་གཙོ་བོས་བསམ་བློ་བརྗེ་རེས་ཀྱི་གཏམ་བཤད་བྱས་པ་རེད།   

ཁུལ་གྱི་འབྲེལ་ཡོད་འགོ་ཁྲིད་དང་སྡེ་ཚན་ཁག་གི་འགོ་ཁྲིད། རྫོང་དང་ཡུལ་གྲོང་གི་འགོ་ཁྲིད། གྲོང་སྡེའི་ཧྲུའུ་ཅི་དང་པོ་སོགས་གྲོས་ཚོགས་སུ་ཞུགས་པ་རེད། གྲོས་ཚོགས་འཚོག་རིང་ཚོགས་ཞུགས་མི་སྣ་ཚང་མ་ཚོ་ཆུང་གསུམ་དུ་བགོས་ནས་སྡེ་དགེ་དང་དཀར་མཛེས་རྫོང་གི་ཡུལ་གྲོང་ཁག་དང་ཐོན་ལས་རྟེན་གཞི་སོགས་སུ་རྟོག་ཞིབ་བྱེད་དུ་ཕྱིན་པ་རེད།།


  • ལེ་ཚན་སྔོན་མ།:མཐོ་སྒང་མི་སེར་གྱིས་སྤུས་བཟང་ཤིང་ཏོག་དང་སྔོ་ཚལ་ལོངས་སུ་སྤྱོད།
  • ལེ་ཚན་རྗེས་མ།:རང་ཁུལ་གྱིས་དཔྱ་ཁྲལ་ཆག་ཡང་དང་འགྲོ་གྲོན་ཉུང་དུ་གཏོང་བའི་སྲིད་ཇུས་བྱེད་ཐབས་དོན་འཁྱོལ་བྱེད་པར་འགན་སྲུང་བྱས།
  • དོ་སྣང་ཆེ་བའི་རྩོམ།