ཁུལ་སྲིད་གྲོས་ཀྱིས་བྲག་འགོ་རྫོང་གི་དབུལ་ཐར་འགག་སྒྲོལ་ལས་ཀར་ཆེད་དོན་བརྟག་ཞིབ་བྱས།

བདེ་སྐྱིད་ཀྱིས་བསྒྱུར།        2019-03-25

    བྲག་འགོ་རྫོང་གི་དབུལ་ཐར་འགག་སྒྲོལ་ལས་ཀར་རོགས་སྐྱོར་བྱས་ནས་བདེ་བླག་ངང་ཞིབ་བཤེར་ལ་དང་ལེན་བྱེད་ཆེད། ཁུལ་སྲིད་གྲོས་ཀྱི་ཀྲུའུ་ཞི་བྱང་ཆུབ་ཀྱིས་ཁུལ་སྲིད་གྲོས་ཀྱི་ལས་ཁུངས་དང་ཁུལ་རིམ་པའི་འབྲེལ་ཡོད་སྡེ་ཁག བྲག་འགོ་རྫོང་དབུལ་ཐར་འགག་སྒྲོལ་གཞུང་ལས་ཁང་གི་མི་སྣ་བཅས་སྣེ་ཁྲིད་བྱས་ཏེ། ཆེད་དོན་བརྟག་ཞིབ་ལས་སྒྲུབ་ཚོ་ཆུང་བཙུགས་ནས་སྤྱི་ཟླ3པའི་ཚེས6ནས་ཚེས12ཉིན་གྱི་བར། དཔྱད་གཞིའི་ཡིག་རིགས་ལྟ་ཀློག་དང་ཡུལ་དངོས་སུ་བཅར་འདྲི་བྱེད་དུ་སྐྱོད་པ། རྟོག་ཞིབ། བཞུགས་མོལ་དང་ཉམས་མྱོང་སྤེལ་རེས་བཅས་ཀྱི་བྱ་ཐབས་སྤྱད་པར་བརྒྱུད། ཚོ་ཆུང6བགོས་ནས་བྲག་འགོ་རྫོང་གི་རྫོང་རིམ་པའི་སྡེ་ཚན18དང་ཡུལ་དང་གྲོང་རྡལ16གི་དུད་ཚང་དུ་བསྐྱོད་དེ་དབུལ་ཐར་འགག་སྒྲོལ་གྱི་ཆེད་དོན་བརྟག་ཞིབ་བྱས་པ་རེད།།

  • ལེ་ཚན་སྔོན་མ།:ལས་གཞི་ལག་བསྟར་ཡག་པོ་བྱས་ནས་མཛེས་སྡུག་གི་ཁྱིམ་གཞིས་ཇེ་མགྱོགས་སུ་འཛུགས་སྐྱོང་བྱ་དགོས།
  • ལེ་ཚན་རྗེས་མ།:མི་ཉག་རྡོ་ར་དཀར་མོ་སློབ་གྲྭའི་ཐོས་བསམ་བློ་འབྱེད་ཀྱི་དཔེ་ཀློག་ཉིན་མོ།
  • དོ་སྣང་ཆེ་བའི་རྩོམ།