ལས་གཞི་ལག་བསྟར་ཡག་པོ་བྱས་ནས་མཛེས་སྡུག་གི་ཁྱིམ་གཞིས་ཇེ་མགྱོགས་སུ་འཛུགས་སྐྱོང་བྱ་དགོས།

བདེ་སྐྱིད་ཀྱིས་བསྒྱུར།        2019-03-25

   སྤྱི་ཟླ3པའི་ཚེས15ནས18བར། ཁུལ་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་ལི་ཁང་ཉག་རོང་དང་དཀར་མཛེས། བྲག་འགོ རྟའུ་བཅས་རྫོང་ལ་ཕེབས་ནས་གྲོང་ཡུལ་རིམ་སྤོར་འཐབ་ཇུས་སྐུལ་འདེད་གཏོང་ཚུལ་ལ་བརྟག་ཞིབ་དང་ལྟ་སྐུལ་ཁྲིད་སྟོན་གནང་བ་རེད། ཁོང་གིས་ནན་གསུང་གནང་དོན། ཁུལ་ཨུའི་གྲོང་ཡུལ་རིམ་སྤོར་འཐབ་ཇུས་ཀྱི་བཀོད་སྒྲིག་ལ་དམ་པོར་དམིགས་ནས་རྫོང་མཁར་སྟོབས་ལྡན་གཏང་རྒྱུ་དང་ཡུལ་གྲོང་ལེགས་སུ་གཏང་རྒྱུ། གྲོང་སྡེ་ཇེ་མཛེས་སུ་གཏང་རྒྱུ་བཅས་ཀྱིས་དམིགས་འབེན་བྱ་རྒྱུ་རྒྱུན་འཁྱོངས་བྱས་མཐར། རིམ་སྤོར་བྱ་རྒྱུ་བདུན་དམ་འཛིན་བྱས་ཏེ་གྲོང་ཡུལ་འཛུགས་སྐྲུན་ལ་སྐུལ་འདེད་ཏན་ཏིག་གཏང་དགོས། ཡིད་དབང་འཕྲོག་པའི་རྫོང་མཁར་དང་གྲོང་རྡལ། མཛེས་སྡུག་ལྡན་པའི་གྲོང་སྡེ་བཅས་ཇེ་མགྱོགས་སུ་འཛུགས་སྐྱོང་བྱས་ཏེ་ལས་གཞི་ལག་བསྟར་གཙོ་གནད་དུ་དམ་འཛིན་ཡག་མོ་བྱས་ནས་མཛེས་སྡུག་ལྡན་པའི་ཁྱིམ་གཞིས་ཇེ་མགྱོགས་སུ་འཛུགས་སྐྱོང་བྱ་དགོས།།

  • ལེ་ཚན་སྔོན་མ།:ཁུལ་ཨུས་རྒྱུན་ལས་ཨུ་ལྷན་ཚོགས་འདུ་འཚོགས་ཏེ། རྒྱལ་ཡོངས་ཚོགས་ཆེན་གཉིས་ཀྱི་སྙིང་དོན་སློབ་སྦྱོང་དང་བརྒྱུད་བསྒྲགས་བྱས།
  • ལེ་ཚན་རྗེས་མ།:ཁུལ་སྲིད་གྲོས་ཀྱིས་བྲག་འགོ་རྫོང་གི་དབུལ་ཐར་འགག་སྒྲོལ་ལས་ཀར་ཆེད་དོན་བརྟག་ཞིབ་བྱས།
  • དོ་སྣང་ཆེ་བའི་རྩོམ།