ཁུལ་ཨུས་རྒྱུན་ལས་ཨུ་ལྷན་ཚོགས་འདུ་འཚོགས་ཏེ། རྒྱལ་ཡོངས་ཚོགས་ཆེན་གཉིས་ཀྱི་སྙིང་དོན་སློབ་སྦྱོང་དང་བརྒྱུད་བསྒྲགས་བྱས།

ལྷ་འཛོམས་ཀྱིས་བསྒྱུར།        2019-03-25

    སྤྱི་ཟླ3པའི་ཚེས18ཉིན། ཁུལ་ཨུའི་ཧྲུའུ་ཅི་ལིའུ་ཁྲེང་མིང་གིས་གཙོ་འགན་བཞེས་ནས་སྐབས་བཅུ་གཅིག་པའི་ཁུལ་ཨུའི་རྒྱུ་ལས་ཨུ་ལྷན་ཚོགས་ཀྱི་གྲོས་ཚོགས་ཐེངས47འཚོགས་ཏེ《ཀྲུང་གུང་ཀྲུང་དབྱང་གི་ཏང་གི་ཆབ་སྲིད་འཛུགས་སྐྱོང་ལ་ཤུགས་སྣོན་བརྒྱག་རྒྱུའི་སྐོར་གྱི་བསམ་འཆར》དང《ཀྲུང་གུང་ཀྲུང་དབྱང་གིས<ཀྲུང་གོ་གུང་ཁྲན་ཏང་གི་གལ་ཆེའི་དོན་དག་ཆོག་མཆན་ཞུ་བའི་སྒྲིག་སྲོལ>དཔར་འགྲེམ་བྱ་རྒྱུའི་བརྡ་ཁྱབ》ཀྱི་སྙིང་དོན་སློབ་སྦྱོང་དང་བརྒྱུད་བསྒྲགས་བྱས་པ་དང་། སྐབས་བཅུ་གསུམ་པའི་རྒྱལ་ཡོངས་དམངས་ཆེན་གྲོས་ཚོགས་ཐེངས་གཉིས་པ་དང་རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་གཉིས་པའི་སྙིང་དོན་སློབ་སྦྱོང་དང་བརྒྱུད་བསྒྲགས་བྱས་པའི་དུས་མཚུངས་སུ། 《དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་གྱི་གྲོང་སྡེ་དར་རྒྱས་གཏང་རྒྱུའི་འཐབ་ཇུས་འཆར་འགོད(2018——2020ལོ)(ཞིབ་བཤེར་ཞུ་རྒྱུའི་མ་ཡིག)》དང《ཁྱོན་ཡོངས་ནས་དུས་རབས་གསར་པའི་དགེ་རྒན་དཔུང་སྡེ་འཛུགས་སྐྱོང་བཅོས་བསྒྱུར་ཇེ་ཟབ་ཏུ་གཏང་རྒྱུའི་སྐོར་གྱི་ལག་བསྟར་བསམ་འཆར(ཞིབ་བཤེར་ཞུ་རྒྱུའི་མ་ཡིག)》ཞིབ་བཤེར་གཏན་འབེབས་བྱས་པ་རེད།

    གྲོས་ཚོགས་ཐོག་བསྟན་དོན། 《ཀྲུང་གུང་ཀྲུང་དབྱང་གི་ཏང་གི་ཆབ་སྲིད་འཛུགས་སྐྱོང་ལ་ཤུགས་སྣོན་བརྒྱག་རྒྱུའི་སྐོར་གྱི་བསམ་འཆར》ནི་ཁྱོན་ཡོངས་ནས་ཏང་ནན་སྐྱོང་བྱ་རྒྱུ་སྔར་བས་མཐོར་འདེགས་བཏང་སྟེ། ཁྱོན་ཡོངས་ནས་ཏང་ནན་སྐྱོང་བྱ་རྒྱུ་གཏིང་ཟབ་ཏུ་འཕེལ་རྒྱས་གཏང་རྒྱུར་སྐུལ་འདེད་བཏང་སྟེ། རྒྱུན་ཆད་མེད་པར་ཏང་གི་སྲིད་སྐྱོང་ནུས་པ་དང་འགོ་ཁྲིད་ཆུ་ཚད་མཐོར་འདེགས་གཏང་རྒྱུའི་ཐད་དོན་སྙིང་ཧ་ཅང་གལ་ཆེན་ལྡན་པ་རེད། ཁུལ་ཡོངས་ཀྱི་གོང་འོག་ཚང་མས་སྙིང་དོན་གྱི་ཉིང་བཅུད་ལ་སློབ་སྦྱོང་ཟབ་མོ་དང་ཁོང་དུ་ཆུད་པ་བྱས་ཏེ་ཏང་གི་ཆབ་སྲིད་འཛུགས་སྐྱོང་གི་རང་རྟོགས་རང་བཞིན་དང་སྲ་བརྟན་རང་བཞིན་ལ་སྐུལ་འདེད་གཏོང་ཤུགས་ཆེ་རུགཏང་དགོས། ཏན་ཏིག་གིས་བསམ་བློ་དང་བྱ་སྤྱོད་དེ་ཏང་ཀྲུང་དབྱང་གི་བཀོད་སྒྲིག་དང་བླང་བྱ་ཐོག་གཅིག་གྱུར་ཡོང་བ་བྱས་ནས་སྔར་ལྷག་གིས་འདུ་ཤེས་བཞི་བརྟན་པོ་འཆང་བ་དང་གདེང་ཚོད་བཞི་སྲ་བརྟན་གཏོང་བ། མཐའ་གཅིག་ཏུ་སྲུང་སྐྱོང་གཉིས་སྒྲུབ་གང་ཐུབ་བྱས་ཏེ་དོན་འཁྱོལ་དང་ལག་བསྟར་བྱ་རྒྱུར་ཡག་མོ་འཛིན་དགོས།

    ཚོགས་འདུའི་ཐོག་བསྟན་དོན། ཆོག་མཆན་ཞུ་བའི་ལམ་ལུགས་ནི་ང་ཚོའི་ཏང་གི་གལ་ཆེའི་ཆབ་སྲིད་སྒྲིག་ལམ་དང་རྩ་འཛུགས་སྒྲིག་ལམ། ལས་དོན་སྒྲིག་ལམ་བཅས་ཡིན་ལ།དམངས་གཙོ་གཅིག་སྡུད་ལམ་ལུགས་ལག་བསྟར་བྱེད་པར་ཕན་ནུས་ལྡན་པའི་ལས་ཀའི་ལམ་སྲོལ་ཞིག་ཀྱང་ཡིན། དེས་མཐའ་གཅིག་ཏུ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ཏང་ཀྲུང་དབྱང་གི་སྲོག་ཤིང་དང་ཏང་ཡོངས་ཀྱི་སྲོག་ཤིང་བྱས་པའི་གོ་གནས་ལ་སྲུང་སྐྱོང་བྱེད་པ་དང་། མཐའ་གཅིག་ཏུ་ཏང་ཀྲུང་དབྱང་གི་དབང་གྲགས་དང་གཅིག་སྡུད་གཅིག་གྱུར་གྱི་འགོ་ཁྲིད་བྱེད་པར་སྲུང་སྐྱོང་བྱེད་པ། ཏང་ཡོངས་མཐུན་སྒྲིལ་གཅིག་གྱུར་དང་བྱ་སྤྱོད་གཅིག་མཐུན་ཡོང་བར་འགན་སྲུང་བྱ་རྒྱུ་བཅས་ལ་དོན་སྙིང་གལ་ཆེན་པོ་ལྡན་པ་རེད།

    གྲོས་ཚོགས་ཐོག་ནན་གསུང་གནང་དོན། གྲོང་སྡེ་དར་རྒྱས་ཀྱི་འཐབ་ཇུས་ལག་བསྟར་བྱས་པ་ནི་དུས་རབས་གསར་པའི་ཞིང་ལས་སྐོར་གྱི་གནད་དོན་གསུམ་གྱི་ལས་དོན་གྱི་སྤྱི་ཁྱབ་འཛིན་བྱ་ཡིན་པས། ཁུལ་ཡོངས་ཀྱི་གོང་འོག་ཚང་མས་གྲོང་སྡེ་དར་རྒྱས་ཀྱི་ཐབ་ཇུས་ལག་བསྟར་བྱས་པའི་སྲིད་ཇུས་གོ་སྐབས་དམ་འཛིན་བྱས་ནས་ཞིང་ལས་སྐོར་གྱི་གནད་དོན་གསུམ་གྱི་ལས་དོན་དེ་ཡང་དུ་སྐས་རིམ་གསར་པ་ཞིག་གི་ཐོག་སླེབས་པར་སྐུལ་འདེད་གཏང་དགོས། ལོ་བརྒྱའི་ཐབས་ཇུས་གལ་ཆེན་པོའི་གཞི་རྩ་ནི་སློབ་གསོ་ཡིན་པ་དང་སློབ་གསོ་འཕེལ་རྒྱས་ཀྱི་གཞི་རྩ་ནི་དགེ་རྒན་ཡིན་པས། ཁུལ་ཡོངས་ཀྱི་རིམ་པ་ཁག་དང་སྡེ་ཁག་སོ་སོས་སློབ་གསོ་ལས་ཀར་མཐོང་ཆེན་ཚད་མཐོན་པོ་བྱས་ནས་སློབ་གསོ་ཇུས་འགོད་དང་ཐོན་ཁུངས་སྡེབ་སྒྲིག བྱང་ཚད་མཐོར་འདེགས། སྲིད་ཇུས་ཡག་མོ་སྤྱོད་པ་བཅས་ཕྱོགས་བཞི་ནས་འཛིན་ཞིང་། ནུས་ཤུགས་ཡོད་རྒུས་དུས་རབས་གསར་པའི་དགེ་རྒན་དཔུང་སྡེ་འཛུགས་སྐྱོང་བཅོས་བསྒྱུར་གྱི་ལས་ཀ་ཁག་ཡག་མོ་འཛིན་དགོས།

    གྲོས་ཚོགས་ཐོག་ད་དུང་ཀྲུང་དབྱང་སྒྲིག་ཁྲིམས་ཨུ་ལྷན་གྱི་རྒྱལ་ཁབ་ལྟ་སྐུལ་ཨུ་ལྷན་གྱིས་ཚོགས་པའི་སི་ཁྲོན་དབུལ་སྐྱོར་ཁྱབ་ཁོངས་སུ་རུལ་སུངས་དང་སྤྱོད་ཚུལ་གནད་དོན་ཆེད་དོན་བཅོས་སྐྱོང་ལས་ཀའི་བཞུགས་མོལ་ཚོགས་འདུའི་སྙིང་དོན་གཙོ་བོ་སོགས་བརྒྱུད་བསྒྲགས་བྱས་པ་རེད།།


  • ལེ་ཚན་སྔོན་མ།:རང་ཁུལ་གྱི་འགུལ་སྤོ་བྱེད་མི་རུང་བའི་རིག་གནས་ཤུལ་བཞག14ལ་ཞིང་ཆེན་སྲིད་གཞུང་གི་ཞིབ་བཤེར་ཆོག་མཆན་ཐོབ།
  • ལེ་ཚན་རྗེས་མ།:ལས་གཞི་ལག་བསྟར་ཡག་པོ་བྱས་ནས་མཛེས་སྡུག་གི་ཁྱིམ་གཞིས་ཇེ་མགྱོགས་སུ་འཛུགས་སྐྱོང་བྱ་དགོས།
  • དོ་སྣང་ཆེ་བའི་རྩོམ།