དཀར་མཛེས་ཁུལ་གྱི་འགུལ་སྤོ་བྱེད་མི་རུང་བའི་རིག་གནས་ཤུལ་བཞག14ལ་ཞིང་ཆེན་སྲིད་གཞུང་གི་ཞིབ་བཤེར་ཆོག་མཆན་ཐོབ།

    ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན།    2019-03-21

    ད་ལོའི་ལོ་འགོར་ཞིང་ཆེན་མི་དམངས་སྲིད་གཞུང་གིས〔2019ལོའི〕ཡིག་ཆ་ཨང8པའི《སི་ཁྲོན་ཞིང་ཆེན་མི་དམངས་སྲིད་གཞུང་གི་ཚན་པ་དགུ་པའི་ཞིང་ཆེན་རིམ་པའི་རིག་གནས་ཤུལ་བཞག་སྲུང་སྐྱོང་སྡེ་ཚན་གྱི་མིང་ཐོ་ཁྱབ་བསྒྲགས་བྱེད་པའི་སྐོར་གྱི་བརྡ་ཐོ》ལ་གཞིགས་ན། ཞིང་ཆེན་ཡོངས་ཀྱི་ཚན་པ་དགུ་པའི་ཞིང་ཆེན་རིམ་པའི་རིག་གནས་ཤུལ་བཞག་སྲུང་སྐྱོང་གི་སྡེ་ཚན196ལ་ཞིབ་བཤེར་ཆོག་མཆན་ཐོབ་ནས་ཁྱབ་བསྒྲགས་བྱས་པའི་ནང་དཀར་མཛེས་ཁུལ་གྱི་འགུལ་སྤོ་བྱེད་མི་རུང་བའི་རིག་གནས་ཤུལ་བཞག་རྩ་ཆེན14དེའི་གྲས་སུ་ཡོད་པ་རེད།

  《བརྡ་ཐོའི》བླང་བྱ་དོན་འཁྱོལ་ཟབ་མོ་བྱ་ཆེད། རྒྱལ་ཡོངས་ཀྱི་ཐེངས་གསུམ་པའི་རིག་གནས་ཤུལ་བཞག་ཡོངས་ཁྱབ་ཞིབ་བཤེར་བྱས་པའི་གྲུབ་འབྲས་དང་ཟུང་འབྲེལ་བྱས་ནས། 2017ལོར་ཁུལ་རིག་གནས་ཤུལ་བཞག་སྲུང་སྐྱོང་ཅུས་ཀྱིས་སྒྲིག་འཛུགས་བྱས་ཏེ་སི་ཁྲོན་ཞིང་ཆེན་གྱི་ཚན་པ་དགུ་པའི་ཞིང་ཆེན་རིམ་པའི་རིག་གནས་ཤུལ་བཞག་སྲུང་སྐྱོང་བྱེད་མཁན་སྡེ་ཚན་དུ་ཡིག་ཐོག་སྙན་ཞུ་འབུལ་རྒྱུའི་ལས་ཀ་ཧུར་ཐག་བསྒྲུབས་པ་རེད། སྒྲིག་འཛུགས་ནན་ཏན་དང་གདམ་གསེས་ཞིབ་ཕྲ་བྱས་པར་རྒྱུད། མཐར་ཐུག་དམག་དཔུང་བཅོ་བརྒྱད་པའི་ས་དོང་ཚོགས་སྤྱིའི་རྗེས་ཤུལ་སོགས་ཁུལ་དང་རྫོང་གི་རིག་གནས་ཤུལ་བཞག་སྲུང་སྐྱོང་སྡེ་ཚན་དང་རིག་གནས་ཤུལ་བཞག་ཡོད་ས21དེ་ཚན་པ་དགུ་པའི་ཞིང་ཆེན་རིམ་པའི་རིག་གནས་ཤུལ་བཞག་སྲུང་སྐྱོང་སྡེ་ཚན་གྱི་གྲས་སུ་ཡིག་ཐོག་སྙན་ཞུ་འབུལ་གྲབས་ཡོད་པའི་རིག་གནས་ཤུལ་བཞག་དེ་དག་ཞིང་ཆེན་རིག་གནས་ཤུལ་བཞག་སྲུང་སྐྱོང་ཅུས་ལ་དཔྱད་བསྡུར་ངོ་སྤྲོད་བྱ་རྒྱུའི་གཏན་འཁེལ་བྱས་པ་རེད། ཞིང་ཆེན་རིག་གནས་ཤུལ་བཞག་སྲུང་སྐྱོང་ཅུས་ཀྱིས་ཆེད་རམས་པ་སྒྲིག་འཛུགས་བྱས་ཏེ་བསྐྱར་ཞིབ་དང་དཔྱད་བསྡུར་བྱས་པར་བརྒྱུད། དཀར་མཛེས་ཁུལ་གྱི་དམག་དཔུང་བཅོ་བརྒྱད་པའི་ས་དུང་ཚོགས་སྤྱིའི་ཤུལ་བཞག་དང་འབར་ངྷ་དགོན་སོགས་འགུལ་སྤོ་བྱེད་མི་རུང་བའི་རིག་གནས་ཤུལ་བཞག14དེ་ཞིང་ཆེན་སྲིད་གཞུང་གིས་ཚན་པ་དགུ་པའི་ཞིང་ཆེན་རིམ་པའི་རིག་གནས་ཤུལ་བཞག་སྲུང་སྐྱོང་སྡེ་ཚན་དུ་ཞིབ་བཤེར་གཏན་འབེབས་བྱ་རྒྱུའི་ཡོངས་བསྒྲགས་བྱས་པ་རེད།

  དཀར་མཛེས་ཁུལ་གྱི་ཞིབ་བཤེར་ཆོག་མཆན་སྤྲད་ནས་ཡོངས་བསྒྲགས་བྱས་པའི་ཚན་པ་དགུ་པའི་ཞིང་ཆེན་རིམ་པའི་རིག་གནས་ཤུལ་བཞག་སྲུང་སྐྱོང་སྡེ་ཚན14ཡི་ནང་གནའ་བོའི་ཨར་ལས་བཟོ་བཀོད་ཀྱི་ཤུལ་བཞག་ཁྱོན་བསྡོམས13ཡོད་པ་དང་། དེང་རབས་ཀྱི་ལོ་རྒྱུས་རྗེས་ཤུལ་གཙོ་ཆེན་དང་འཐུས་ཚབ་རང་བཞིན་གྱི་བཟོ་བཀོད་གཅིག་ཡོད་པ་རེད། མིག་སྔའི་བར་དུ་དཀར་མཛེས་ཁུལ་གྱི་ཞིང་ཆེན་རིམ་པའི་རིག་གནས་ཤུལ་བཞག་སྲུང་སྐྱོང་གི་སྡེ་ཚན73ཡོད་པས་ཞིང་ཆེན་ཡོངས་ཀྱི་ཨང་དང་པོའི་གྲས་སུ་བསླེབས་ཡོད་པ་རེད།།


  • ལེ་ཚན་སྔོན་མ།:ལན་ཀྲོའུ་ནས་གཙོས་བར་དང་ཟི་ལིང་ནས་ཁྲིན་ཏུའུ་བར་གྱི་ལྕགས་ལམ་ལས་གཞིའི་དུས་འགོའི་བྱ་བའི་མཐུན་སྦྱོར་སྐུལ་སྤེལ་གྲོས་ཚོགས་བསྡུས་པ།
  • ལེ་ཚན་རྗེས་མ།:ཀྲུང་གོ་ཁྲིམས་རིག་ཚོགས་པའི་རྒྱལ་ཡོངས་ཨུ་ཡོན་འཐུས་མིའི་ཚོགས་ཆེན་ཐེངས་བརྒྱད་པ་པེ་ཅིན་ནས་ཚོགས་འགོ་བརྩམས།
  • དོ་སྣང་ཆེ་བའི་རྩོམ།