རང་རྒྱལ་གྱིས་སྤྱི་པའི་ཁྲིམས་ལུགས་ཞབས་ཞུའི་སྟེགས་བུ་འཛུགས་རྒྱུར་ནུས་ཤུགས་ཡོད་རྒུས་སྐུལ་འདེད་བཏང་བ་དང་། ཁྲིམས་ལུགས་ཀྱི་བློ་འདྲི་གཞི་རྩའི་ཆ་ནས་ཁྱོན་ཡོངས་ལ་ཁེབས་པ།

སྐལ་བཟང་བདེ་སྐྱིད་ཀྱིས་བསྒྱུར།    ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།    2019-01-15

    ཀྲུང་དབྱང་རླུང་འཕྲིན་ལས་ཁུངས་ནས་སྤེལ་བའི་གནས་ཚུལ། སྤྱི་ལོ་༢༠༡༨ལོར། རང་རྒྱལ་གྱིས་སྤྱི་པའི་ཁྲིམས་ལུགས་ཞབས་ཞུའི་སྟེགས་བུ་འཛུགས་རྒྱུར་སྐུལ་འདེད་བཏང་ཡོད་པ་དང་། མིག་སྔར། སྤྱི་པའི་ཁྲིམས་ལུགས་ཞབས་ཞུའི་ལྟེ་གནས་དང་། གྲོང་ཚོ་དང་སྡེ་ཁུལ་གྱི་ཁྲིམས་ལུགས་བློ་འདྲི་གཞི་རྩའི་ཆ་ནས་ཁྱོན་ཡོངས་ལ་ཁེབས་ཡོད། ཁྲིམས་ལུགས་ཀྱིས་མི་དམངས་མང་ཚོགས་ལ་ཞབས་ཞུ་སྒྲུབ་པའི་མཐའ་མའི་སྤྱི་ལེ་གཅིག་ཤར་གཏོང་ཐུབ་པའི་དམིགས་འབེན་མངོན་འགྱུར་བྱེད་བཞིན་ཡོད་པ་རེད།

    ཉེ་ཆར། ཨན་ཧུའེ་ཐུང་ལིན་གྲོང་ཁྱེར་དབྱི་ཨན་ཁུལ་ཝུ་སུང་གྲོང་རྡལ་ཁྲེང་ཏུང་གྲོང་ཚོའི་གྲོང་མིའི་འཐུས་མི་ཀྲང་ཅུན་གྲོང་མིའི་ཚོགས་ཆུང་གི་ས་ཞིང་དངུལ་བགོ་འགྲེམ་གནད་དོན་ཐད་ཀྱི་བར་འདུམ་ལས་དོན་ལ་ཞུགས་པར་འཕེལ་རིམ་གསར་པ་ཐོན་ཡོད་པ་དང་། གྲོང་ཚོའི་ཁྲིམས་ལུགས་བློ་འདྲི་དང་འཕྲིན་ཕྲན་ཚོགས་པའི་ནང་སྤེལ་རེས་བྱས་པ་དེས་རོགས་རམ་ཆེན་པོ་ཐོབ་ཡོད་པ་རེད། སྤྱི་ལོ་༢༠༡༨ལོར་ས་གནས་ཁག་གིས་ཁྲིམས་རྩོད་པ་དང་གཞི་རིམ་གྱི་ཁྲིམས་ལུགས་ཞབས་ཞུའི་ལས་དོན་པ་སྒྲིག་འཛུགས་བྱས་ཏེ་རྒྱལ་ཡོངས་ཀྱི་གྲོང་ཚོ་དྲུག་འབུམ་ལྔ་ཁྲིར་ཁྲིམས་ལུགས་བློ་འདྲིའི་འགན་འཁུར་བ་དང་། གཞི་རྩའི་ཆ་ནས་གྲོང་ཚོ་དང་སྡེ་ཁུལ་གྱི་ཁྲིམས་ལུགས་བློ་འདྲི་ཁྱོན་ཡོངས་ལ་ཁེབས་ཐུབ་པ་བྱུང་ཡོད། བང་རིམ་མི་འདྲ་བའི་ཁྲིམས་ལུགས་བློ་འདྲིའི་འཕྲིན་ཕྲན་ཚོགས་པ་བཙུགས་པ་དེས་མང་ཚོགས་ཀྱིས་ཁྲིམས་ལུགས་ཀྱི་ཞབས་ཞུ་ཉེ་འགྲམ་དུ་ལོངས་སྤྱོད་ཐུབ་པ་བྱུང་ཡོད་པ་རེད།

    སྔར། རྒྱལ་ཡོངས་སུ་རྫོང་དང་དང་གྲོང་ཁྱེར། ཁུལ་བཅས་ཀྱི་སྤྱི་པའི་ཁྲིམས་ལུགས་ཞབས་ཞུའི་ལྟེ་གནས་༢༨༧༨དང་། ཤང་དང་གྲོང་རྡལ། སྲང་ལམ་བཅས་ཀྱི་སྤྱི་པའི་ཁྲིམས་ལུགས་ཞབས་ཞུའི་ལས་དོན་ས་ཚིགས་༣ཁྲི་༧སྟོང་བསྐྲུན་ཟིན་པ་དང་། ཁེབས་ཚད་ཁག་སོ་སོར་བརྒྱ་ཆ་༩༩དང་བརྒྱ་ཆ་༩༡ཟིན་ཡོད་པ། ཞིང་ཆེན་༢༦གྱི་ཐད་སྦྲེལ་ཁ་པར་སྟེགས་བུར་ཞིང་ཆེན་རིམ་པའི་གཅིག་གྱུར་འཆར་འགོད་བྱུང་བ་དང་། ཞིང་ཆེན་༣༠འི་དྲ་ཐོག་སྟེགས་བུ་ཕན་ཚུན་ཁྱོན་ཡོངས་ནས་འབྲེལ་མཐུད་ཐུབ་ཡོད། སྤྱི་ལོ་༢༠༡༨ལོའི་ཟླ་༥པའི་ཚེས་༢༠ཉིན་བེད་སྤྱོད་བྱེད་འགོ་ཚུགས་པའི་ཀྲུང་གོའི་ཁྲིམས་ལུགས་ཞབས་ཞུའི་དྲ་བས་མང་ཚོགས་ཀྱིས་ཁྲིམས་རྩོད་པ་གདན་འདྲེན་ཞུ་རྒྱུ་དང་། གཞུང་དཔང་ལེན་རྒྱུ། ཁྲིམས་ལུགས་ཀྱི་རོགས་རམ་ཐོབ་རེ་ཞུ་རྒྱུ། བར་འདུམ་འཚོལ་རྒྱུ། གསལ་འབྱེད་འཚོལ་རྒྱུ་སོགས་ལ་སྟབས་བདེ་སྐྲུན་ཡོད་པ་དང་། དྲ་ཐོག་ལ་སླེབས་ཚད་མིའི་ཐེངས་གྲངས་བྱེ་བ་དགུ་དང་ས་ཡ་ལྔ་ལྷག་ཟིན་ཡོད་པ་རེད།


  • ལེ་ཚན་སྔོན་མ།:2018ལོར་མཚོ་བོད་ལྕགས་ལམ་ཐོག་འགྲུལ་པ་སྐྱེལ་འདྲེན་བྱེད་ཚད་ལོ་རྒྱུས་ཀྱི་ཟིན་ཐོ་མཐོ་ཤོས་གཏོད་པ།
  • ལེ་ཚན་རྗེས་མ།:སི་ཁྲོན་ཞིང་ཆེན་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་གཉིས་པ་ཁྲེན་ཏུའུ་རུ་ཚོགས་འགོ་བརྩམས་པ།
  • དོ་སྣང་ཆེ་བའི་རྩོམ།