རང་ཁུལ་གྱིས་རྒྱལ་ཡོངས་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་སྟོན་ཁུལ་འཛུགས་སྐྱོང་བྱ་རྒྱུའི་བརྗོད་བྱ་གཙོ་བོའི་བྱེད་སྒོ་སྤེལ།

བདེ་སྐྱིད་ཀྱིས་བྲིས།        2018-12-10

    སྤྱི་ཟླ11པ་ནི་དཀར་མཛེས་ཁུལ་གྱིས་རྒྱལ་ཡོངས་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་སྟོན་ཁུལ་འཛུགས་སྐྱོང་བྱ་རྒྱུའི་བརྗོད་བྱ་གཙོ་བོའི་དྲིལ་བསྒྲགས་ཟླ་བ་ཡིན་པ་རེད། སྤྱི་ཟླ11པའི་ཚེས20ཉིན་རྒྱལ་ཡོངས་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་སྟོན་ཁུལ་འཛུགས་སྐྱོང་གཞུང་ལས་ཁང་གིས་ཁུལ་རིམ་པའི་འབྲེལ་ཡོད་སྡེ་ཁག དར་མདོ་གྲོང་ཁྱེར་དང་མཉམ་དུ་དར་མདོའི་མཛའ་གཞས་ཐང་ཆེན་ཐོག་ལ་ཐེངས་ལྔ་པའི་དཀར་མཛེས་ཁུལ་གྱིས་རྒྱལ་ཡོངས་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་སྟོན་ཁུལ་འཛུགས་སྐྱོང་བྱ་རྒྱུས་བརྗོད་བྱ་གཙོ་བོ་བྱས་པའི་དྲིལ་བསྒྲགས་ཉིན་མོའི་དྲིལ་བསྒྲགས་བྱེད་སྒོ་སྤེལ་བ་རེད།

    ཐེངས་འདིའི་བརྗོད་བྱ་གཙོ་བོའི་དྲིལ་བསྒྲགས་བྱེད་སྒོ་ནི་ཐུན་མོང་ཐོག་མཐུན་སྒྲིལ་འབད་འཐབ་དང་ཐུན་མོང་ཐོག་དར་རྒྱས་གོང་འཕེལ་གྱི་བརྗོད་བྱ་གཙོ་བོར་བྱེད་པ་རེད། ཁུལ་དབུལ་ཐར་འགག་སྒྲོལ་གཞུང་ལས་ཁང་དང་ཁུལ་ཁྲིམས་ལྟར་ཁུལ་སྐྱོང་གཞུང་ལས་ཁང་། ཁུལ་གྲོང་གསེབ་རིམ་སྤར་གཞུང་ལས་ཁང་། ཁུལ་འགྲིམ་འགྲུལ་སྔོན་སྤེལ་གཞུང་ལས་ཁང་། ཁུལ་ཐོན་ལས་དམངས་ཕྱུག་གཞུང་ལས་ཁང་། ཁུལ་སྐྱེ་ཁམས་དཔལ་ཡོན་གཞུང་ལས་ཁང་། ཁུལ་སེམས་མཐུན་ཕྱོགས་མཐུན་གཞུང་ལས་ཁང་། ཁུལ་སྤྱི་བདེ་ཅུས། དར་མདོའི་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་སྟོན་རྫོང་གི་གསར་སྐྲུན་གཞུང་ལས་ཁང་སོགས་བྱེད་སྒོའི་ནང་ཞུགས་པའི་སྡེ་ཁག་གིས་དྲིལ་བསྒྲགས་ཡིག་རིགས་བཀྲམ་པ་དང་། གྲོས་དྲིས་དང་ལེན། འགྲེམས་པང་སྟོན་པ། ངག་ཐོག་ནས་དྲིལ་བསྒྲགས། དྲན་རྟེན་དངོས་རྫས་སྦྱིན་པ་སོགས་ཀྱི་བྱེད་ཐབས་སྤྱད་ནས་ཏང་གི་མི་རིགས་ལས་ཀའི་བྱེད་ཕྱོགས་དང་སྲིད་ཇུས། མི་རིགས་སྐོར་གྱི་བཅའ་ཁྲིམས་དང་ཁྲིམས་སྲོལ། གཞི་རྩའི་ཤེས་བྱ་བཅས་དྲིལ་བསྒྲགས་བྱས་པ་རེད། བྱེད་སྒོ་འདིའི་ནང་རིམ་རྩིས་བྱས་ན་རིགས་སྣ་ཚོགས་ཀྱི་དྲིལ་བསྒྲགས་ཡིག་རིགས3000ལྷག་ཙམ་བཀྲམ་ཡོད་པ་རེད།། 


  • ལེ་ཚན་སྔོན་མ།:རྩ་ཁྲིམས་ཀྱི་སྙིང་སྟོབས་དར་སྤེལ་བཏང་ནས་བཅའ་ཁྲིམས་ཀྱི་དབང་གྲགས་འཛུགས་སྐྱོང་བྱས།
  • ལེ་ཚན་རྗེས་མ།:སྐབས་བཅུ་གཅིག་པའི་ཁུལ་ཨུའི་རྒྱུན་ལས་ཨུ་ལྷན་གྱིས་གྲོས་ཚོགས་ཐེངས་སོ་བདུན་པ་འཚོགས།
  • དོ་སྣང་ཆེ་བའི་རྩོམ།