རྩ་ཁྲིམས་ཀྱི་སྙིང་སྟོབས་དར་སྤེལ་བཏང་ནས་བཅའ་ཁྲིམས་ཀྱི་དབང་གྲགས་འཛུགས་སྐྱོང་བྱས།

        2018-12-10

    སྔར་ལས་ལྷག་པར་ལས་ཁུངས་དང་སྡེ་ཚན་གྱི་ཁྲིམས་སྐྱོང་འདུ་ཤེས་ཇེ་དྲག་དང་བཅའ་ཁྲིམས་ཀྱི་བྱང་ཚད་མཐོར་གཏོང་བ། བཅའ་ཁྲིམས་ལྟར་སྲིད་འཛིན་ཚད་ལྡན་བྱེད་ཆེད། ཉེ་ཆར། དཀར་མཛེས་རྫོང་གིས་འགོ་ཁྲིད་ལས་བྱེད་པས་གཅིག་བསྡུས་ཀྱིས་རྩ་ཁྲིམས་སྦྱོང་བའི་གསོ་སྦྱོང་གྲོས་ཚོགས་འཚོགས། རྫོང་ཡོངས་ཀྱི་ཁུའོ་རིམ་པའི་ལས་བྱེད་པ་ཁྱོན་བསྡོམས200ལྷག་གསོ་སྦྱོང་ནང་ཞུགས་པ་རེད།

    གསོ་སྦྱོང་གྲོས་ཚོགས་ཐོག རྫོང་ཁྲིམས་འཛིན་ཅུས་ཀྱི་སྒྲོག་འགྲེལ་པ་པད་མ་ཆོས་སྒྲོན་གྱིས་ཚང་མ་ལ་རྩ་ཁྲིམས་བཟོ་བཅོས་བྱས་པའི་རྒྱུ་མཚན་དང་། རྒྱལ་ཁབ་ཀྱི་རྩ་ཁྲིམས་ཉིན་མོ་དང་ལོ་ལྔའི་ཁྲིམས་ལུགས་ཁྱབ་གདལ་གཏོང་ཐེངས་བདུན་པའི་རྨང་གཞིའི་ཤེས་བྱ་འགྲེལ་བཤད་ཞིབ་ཕྲ་བྱས་པ་དང་སྦྲགས། དཀར་མཛེས་རྫོང་གི་དོན་དངོས་དང་ཟུང་འབྲེལ་བྱས་ནས། གོ་བདེ་ཤེས་སླ་བའི་དཔེ་མཚོན་གྱོད་གཞིའི་ཐོག་ནས་རྩ་ཁྲིམས་འགྲེལ་བཤད་བྱས་པ་དང་། ཁྲིམས་ལུགས་ཀྱི་ཐོག་ནས་བྱ་བ་འགྲེལ་བཤད་བྱས་པ་རེད། གསོ་སྦྱོང་ལ་བརྟེན་ནས་རྩ་ཁྲིམས་དྲིལ་བསྒྲགས་བྱེད་ཁྱོན་དང་ཤུགས་རྐྱེན་ཐེབས་ནུས་རྒྱ་སྐྱེད་བཏང་ནས། ལས་ཁུངས་ཀྱི་ལས་བྱེད་པའི་རྩ་ཁྲིམས་ཀྱི་འདུ་ཤེས་ཇེ་དྲག་ཏུ་ཕྱིན་པ་དང་། རྫོང་ཡོངས་སུ་ཁྲིམས་ལུགས་སློབ་སྦྱོང་དང་། ཁྲིམས་ལུགས་ཤེས་པ། ཁྲིམས་ལུགས་ལ་བརྩི་སྲུང་བྱེད་པ། ཁྲིམས་ལུགས་བེད་སྤྱོད་གཏོང་བ་སོགས་ཀྱི་རྣམ་པ་བཟང་པོ་ཆགས་ཐུབ་པའི་ཆེད་དུ་རེད།

ཤེས་རྟོགས་བྱུང་བར་གཞིགས་ན། ཐེངས་འདིའི་དྲིལ་བསྒྲགས་བྱེད་སྒོའི་ཁྲོད་བསྡོམས་པས《རྩ་ཁྲིམས》དང་ 《ནག་སེལ་གཤེད་འཇོམས》། 《ལས་བྱེད་པ་དང་ལས་བཟོའི་ཀློག་དེབ》། 《སྤྱི་དམངས་ཀྱི་རྒྱུན་སྤྱོད་ཁྲིམས་ལུགས་ཤེས་བྱ་ཕྱོགས་བསྒྲིགས》དེབ624བཀྲམ་པ་དང་ཁྲིམས་ལུགས་དྲིལ་བསྒྲགས་ཡིག་རིགས156བཀྲམ་པ་རེད།།


  • ལེ་ཚན་སྔོན་མ།:སངས་འཁོར་ཚང་གི་དྲོད་ཁོལ་གྱི་ཁྱིམ་གཞིས།
  • ལེ་ཚན་རྗེས་མ།:རང་ཁུལ་གྱིས་རྒྱལ་ཡོངས་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་སྟོན་ཁུལ་འཛུགས་སྐྱོང་བྱ་རྒྱུའི་བརྗོད་བྱ་གཙོ་བོའི་བྱེད་སྒོ་སྤེལ།
  • དོ་སྣང་ཆེ་བའི་རྩོམ།