ད་ལོའི་ལོ་སྟོད་དུ་རྒྱལ་ཡོངས་ཀྱི་བཟོ་སྐྲུན་ལས་རིགས་ཀྱི་ཐོན་རྫས་རིན་ཐང་ཚད་ལོན་བྱུང་ཚད་བརྒྱ་ཆ93.9ལ་ཟིན།

        2018-09-20

    ཞིན་ཧྭ་གསར་འགྱུར་ཁང་པེ་ཅིན་ནས་འབྱོར་བའི་གཏམ་གསར། ཀྲུང་གུང་ཀྲུང་དབྱང་རྩ་འཛུགས་པུའུ་དང་། ཀྲུང་གོ་ཕུའུ་ཏུང་ལས་བྱེད་པའི་སློབ་གླིང་། རྒྱལ་ཁབ་ཁྲོམ་རའི་ལྟ་སྐུལ་དོ་དམ་སྤྱི་ཁྱབ་ཅུས་བཅས་ཀྱིས་མཉམ་དུ་གཉེར་བའི་ཞིང་ཆེན་དང་པུའུ་རིམ་པའི་ལས་བྱེད་པས་སྤུས་ཚད་ལྡན་པའི་སྟོབས་ལྡན་རྒྱལ་ཁབ་སྐྲུན་པའི་ཆེད་དོན་བགྲོ་གླེང་འཛིན་གྲྭ་ཉིན་ཤས་གོང་ཧྲང་ཧའེ་རུ་འཚོགས་པ་རེད།

    རྒྱལ་ཁབ་ཁྲོམ་རའི་ལྟ་སྐུལ་དོ་དམ་སྤྱི་ཁྱབ་ཅུས་ཀྱི་ཅུས་ཀྲང་ཀྲང་མའོ་ཡིས་བགྲོ་གླེང་འཛིན་གྲྭའི་ཐོག 2018ལོའི་ལོ་སྟོད་དུ་རྒྱལ་ཡོངས་ཀྱི་བཟོ་སྐྲུན་ལས་རིགས་ཀྱི་ཐོན་རྫས་རིན་ཐང་ཚད་ལོན་བྱུང་ཚད་བརྒྱ་ཆ93.9ལ་ཟིན་པ་དང་། སྐྱོན་ལྡན་འཛད་རྫས་ཁྲི3625བསྡུས་པ་དེ་དུས་མཚུངས་ལས་ལྡབ11ལྷག་ཙམ་མང་དུ་ཕྱིན་ཡོད་ཅེས་ངོ་སྤྲོད་བྱས་པ་རེད།

    དྲ་སྦྲེལ་གྱི་གཞི་གྲངས་ཆེན་མོའི་དབྱེ་ཞིབ་བྱས་འབྲས་ལས་མཚོན་པར་གཞིགས་ན། 2018ལོའི་ལོ་སྟོད་དུ་དྲ་དམངས་ཀྱིས་ཞབས་ཞུའི་འཛད་སྤྱོད་དང་། ཚོང་ཟོག་འཛད་སྤྱོད། འཛད་སྤྱོད་ཁེ་དབང་སྲུང་སྐྱོང་བཅས་ལ་ཡི་རང་ཚད་ཁག་བགོས་ནས་བརྒྱ་ཆ93.9དང་། བརྒྱ་ཆ88.2 བརྒྱ་ཆ72.3ལ་ཟིན་ཏེ་སྤྱིའི་ཆ་ནས་བརྟན་པོའི་ངང་འཕར་བའི་རྣམ་པ་རྒྱུན་མཐུད་ཐུབ་ཡོད་པ་རེད།།


  • ལེ་ཚན་སྔོན་མ།:རྒྱལ་ཡོངས་ཀྱི་ཞིང་ལས་ལས་རིགས་ཀྱི་རྩལ་ནུས་འགྲན་བསྡུར་ཆེན་མོའི་མཐའ་བསྡུར་བྱས།
  • ལེ་ཚན་རྗེས་མ།:ཀྲུང་དབྱང་ཁེ་ལས་དབུལ་སྐྱོར་ཐེབས་རྩས་སི་ཁྲོན་གྱི་ཐོན་ལས་དབུལ་སྐྱོར་གྱི་ལས་གཞི14ལ་མ་དངུལ་གཏོང་འཇོག་བྱས།
  • དོ་སྣང་ཆེ་བའི་རྩོམ།