ཨན་ཧུའེ་རུ་བོད་ལྗོངས་ལྷོ་ཁའི་རིག་དངོས་འགྲེམས་སྟོན་བྱས་པ།

    མི་དམངས་དྲ་བ།    2018-09-11

ཨན་ཧུའེ་རུ་བོད་ལྗོངས་ལྷོ་ཁའི་རིག་དངོས་འགྲེམས་སྟོན་བྱས་པ།

 མི་དམངས་དྲ་བའི་འཕྲིན། ཟླ9ཚེས3ཉིན། 2018ལོའི་ཀྲུང་གོའི་བོད་ལྗོངས་ཡར་ཀླུང་རིག་གནས་དུས་ཆེན་ཏེ་ལྷོ་ཁའི་རིག་དངོས་འགྲེམས་སྟོན་ཨན་ཧུའེ་ཧོ་ཧྥེ་རུ་འགོ་ཚུགས་ཤིང་།འགྲེམས་སྟོན་འདི་ནི2018ལོའི་ཀྲུང་གོའི་བོད་ལྗོངས་ཡར་ཀླུང་རིག་གནས་དུས་ཆེན་གྱི་སྒྲིག་འཛུགས་ཨུ་ཡོན་ལྷན་ཁང་གིས་གཙོ་གཉེར་བྱས་པ་དང། ཨན་ཧུའེ་དངོས་མང་བཤམས་སྟོན་ཁང་དང་། ལྷོ་ཁ་གྲོང་ཁྱེར་དངོས་མང་བཤམས་སྟོན་ཁང་གིས་གཉེར་འགན་འཁུར་ཡོད།
 ཤེས་རྟོགས་བྱུང་བ་ལྟར་ན། ཐེངས་འདིའི་འགྲེམས་སྟོན་ནི2018ལོའི་ཀྲུང་གོའི་བོད་ལྗོངས་ཡར་ཀླུང་རིག་གནས་དུས་ཆེན་གྱི་གྲས་ཞིག་ཡིན་པ་དང་། འགྲེམས་སྟོན་དེ་ཟླ10ཚེས7ཉིན་བར་བྱ་རྒྱུ་རེད། འགྲེམས་སྟོན་དེ་ཕུད་ད་དུང་ཨན་ཧུའེ་རུ་ལྷོ་ཁ་གྲོང་ཁྱེར་གྱི་སྒྱུར་བཅོས་སྒོ་དབྱེ་བྱས་ནས་ལོ་ངོ40རིང་གི་གྲུབ་འབྲས་འགྲེམས་སྟོན་དང་། ལྷོ་ཁ་གྲོང་ཁྱེར་གྱི་མི་རིགས་ལག་ཤེས་བཟོ་ལས་ཀྱི་ཁྱད་ཆོས་ལྡན་པའི་ཐོན་རྫས་འགྲེམ་སྟོན་སོགས་ཀྱི་བྱེད་སྒོ་སྤེལ་རྒྱུ་རེད་འདུག

ཨན་ཧུའེ་རུ་བོད་ལྗོངས་ལྷོ་ཁའི་རིག་དངོས་འགྲེམས་སྟོན་བྱས་པ།


  • ལེ་ཚན་སྔོན་མ།:སི་ཁྲོན་ཞིང་ཆེན་གྲངས་ཉུང་མི་རིགས་ཀྱི་སྲོལ་རྒྱུན་ལུས་རྩལ་འགྲན་ཚོགས་སྐབས་བཅོ་ལྔ་པ་དར་མདོར་མཇུག་བསྒྲིལ།
  • ལེ་ཚན་རྗེས་མ།:རྒྱལ་ཁབ་མི་རིགས་ལས་དོན་ཨུ་ལྷན་གྱིས་མི་རིགས་ལས་དོན་གྱི་ཕུལ་བྱུང་ཤེས་ལྡན་པ32ལ་བྱ་དགའ་སྤྲད་པ།
  • དོ་སྣང་ཆེ་བའི་རྩོམ།