རང་ཁུལ་གྱི་ལས་གཞིར་མ་རྩ་འཇོག་ཤུགས་ཆེ་རུ་སོང་ཡོད།

སྐལ་ཐུབ་ཀྱིས་བསྒྱུར།        2018-08-15

   ཉེ་ཆར། གསར་འགོད་པས་ཁུལ་འཕེལ་རྒྱས་བཅོས་བསྒྱུར་ཨུ་ལྷན་ནས་ཤེས་རྟོགས་བྱུང་དོན། ད་ལོའི་ལོ་སྟོད་ལ། ཁུལ་ཡོངས་ཀྱིས་གོང་འོག་ཚང་མས་ཁྱབ་ཁོངས་གཙོ་བོར་དམིགས་ནས་མ་དངུལ་གཏོང་འཇོག་དམ་འཛིན་དང་གནད་འགག་ཐུག་སར་དམིགས་ནས་མ་དངུལ་གཏོང་འཇོག་དམ་འཛིན། ལས་ཀར་འགན་སྲུང་ཡོད་པར་དམིགས་ནས་མ་དངུལ་གཏོང་འཇོག་དམ་འཛིན་བཅས་བྱས་ནས་ཕྱོགས་སོ་སོ་ནས་ཤུགས་བརྒྱབ་སྟེ། ཐབས་བརྒྱ་ཇུས་སྟོང་གིས་མ་རྩ་འཇོག་པ་དང་ལས་གཞི་གལ་ཆེན་འཛུགས་སྐྲུན་བྱེད་ཤུགས་ཆེ་རུ་བཏང་ཞིང་། ལོ་སྟོད་ཀྱི་སྤྱི་ཚོགས་ཡོངས་ཀྱི་གཏན་འཇགས་རྒྱུ་ནོར་ཐད་མ་དངུལ་གཏོང་འཇོག་དང་འཁོར་སྐྱོད་བྱེད་ཚུལ་སྤྱི་ཁོག་ཐོག་བརྟན་ཁྲོད་ཡར་འཕེལ་གྱི་འཕེལ་རྣམ་རྒྱུན་མཐུད་ནས་སྐུལ་འདེད་བཏང་བར་བརྟེན། ད་ལོའི་ཟླ་བ་དང་པོ་ནས་བདུན་པའི་བར་ཁུལ་ཡོངས་ཀྱི་གཏན་འཇགས་རྒྱུ་ནོར་ཐད་མ་དངུལ་སྒོར་དུང་ཕྱུར233བཏང་ཡོད་ཅིང་། སྔ་མའི་བསྡོམས་བརྩིས་ལྟར་ན་བརྒྱ་ཆ15.5འཕར་བ་དང་། ཟླ་བ་དང་པོ་ནས་དྲུག་པའི་བར་དང་བསྡུར་ན་བརྒྱ་ཆའི་གྲངས0.7མར་ཆག་ཡོད་པ་རེད།

    དམངས་འཚོ་གལ་ཆེན་ལ་དམིགས་ནས་མ་དངུལ་འཇོག་ཤུགས་ཆེ་རུ་བཏང་བའི་ཐད་ལ། དམངས་འཚོ་ལས་གྲྭ་ཆེན་པོ་བཅུ་དང་དམངས་འཚོའི་དོན་དངོས20 བོད་ཁུལ་གྱི་དམངས་འཚོའི་ལས་གྲྭ་འཆར་གཞི་དྲུག་བཅས་གཙོ་བོར་བཟུང་ནས། རིག་གནས་སློབ་གསོ་དང་སྨན་བཅོས་འཕྲོད་བསྟེན། སྤྱི་ཚོགས་འགན་སྲུང་བཅས་ཁྱབ་ཁོངས་ཀྱི་ལས་གཞི་འཛུགས་ཤུགས་ཆེ་རུ་བཏང་ཡོད། ནུས་ཤུགས་ཡོད་དགུས་དབུལ་ཕོངས་གྲོང་ཡུལ་དང་མཐའ་ཁུལ་དུ་རྩ་བའི་སྤྱི་པའི་ཞབས་ཞུ་སྤེལ་ཤུགས་ཆེ་རུ་བཏང་ཞིང་། དམངས་འཚོའི་མི་འདང་ས་ཆད་གསབ་བྱས་ཤིང་ལས་གཞིའི་ལས་ཀའི་ཆབ་སྲིད་ཀྱི་ཕན་འབྲས་དང་སྤྱི་ཚོགས་ཀྱི་ཕན་འབྲས་ཇེ་ཆེར་བཏང་བ་རེད།

   ལས་གཞིར་སྐུལ་འདེད་བྱེད་ཤུགས་ཆེ་རུ་བཏང་བའི་ཐད། ཁུལ་གྱི་ལས་གཞི་གཙོ་བོ200དང་། ཆེས་གལ་ཆེ་བའི་ལས་གཞི60སྐུལ་འདེད་བྱེད་ཤུགས་སྔར་བས་ཇེ་ཆེར་བཏང་བ་དང་། ཆ་རྐྱེན་ཡོངས་སུ་འཛོམས་པའི་ལས་གཞི་དམ་འཛིན་ནན་འཛིན་བྱས་ཏེ་སྤེལ་འགོ་མགྱོགས་པར་བཙུགས་ཤིང་། ཆ་རྐྱེན་དེ་ཙམ་འཛོམས་མེད་པའི་ལས་གཞིའི་སྔོན་བཀོད་གྲ་སྒྲིག་ཚགས་ཚུད་བྱས་ཏེ་དུས་ཐོག་ལས་འགོ་ཚུགས་ཐུབ་པར་བྱས་ཡོད། ལས་འགོ་བཙུགས་ཟིན་པའི་ལས་གཞིའི་ཨར་ལས་དུས་ཚོད་དམ་འཛིན་བྱས་ཏེ་ཨར་ལས་ཀྱི་འཕེལ་རིམ་ཇེ་མགྱོགས་སུ་བཏང་ཡོད།།


  • ལེ་ཚན་སྔོན་མ།:དཀར་མཛེས་ཁུལ་གྱི་དབུལ་སྒྲོལ་འགག་སྒྲོལ་གྱི་ནགས་བཟོའི་ཆེད་ལས་མཉམ་ལས་ཁང་གིས་ཁྱིམ་ཚང་དབུལ་པོར་འབབ་འཕར་གཏོད་རོགས་བྱས་པ།
  • ལེ་ཚན་རྗེས་མ།:སྡེ་དགེ་རྫོང་གིས་ཆེད་དོན་དག་ཐེར་བཅོས་སྐྱོང་བྱ་སྤྱོད་སྤེལ་ནས་ཡུལ་སྐོར་ཁོར་ཡུག་ཇེ་ཡག་ཏུ་བཏང་། 
  • དོ་སྣང་ཆེ་བའི་རྩོམ།