པེ་ཅིན་ཞེ་ཧོ་སྨན་ཁང་གིས་གསོ་སྐྱོང་རང་བཞིན་གྱི་བོད་སྐྱོར་སྨན་བཅོས་ལ་འཚོལ་ཞིབ་བྱས་ཏེ་ལོ་རྟག་པར་བོད་རིགས་ས་ཁུལ་གྱི་སྨན་པ་སྟོང་ཙམ་ལ་ཕན་པ་ཐོབ།

ཡེ་ཤེས་ཀྱིས་བསྒྱུར།        2018-08-09

   ཞིན་ཧྭ་གསར་འགྱུར་ཁང་པེ་ཅིན་ནས་འབྱོར་བའི་གཏམ་གསར། པེ་ཅིན་ཞེ་ཧོ་སྨན་ཁང་ནས་ཤེས་རྟོགས་བྱུང་བར་གཞིགས་ན། པེ་ཅིན་ཞེ་ཧོ་སྨན་ཁང་གིས་སྣེ་ཁྲིད་བྱས་པའི་སྨན་བཅོས་ཤེས་ལྡན་མི་སྣའི“ཚོགས་སྒྲིག་རྣམ་པའི”བོད་སྐྱོར་ལས་འགན་ལག་བསྟར་བྱས་ནས་ལོ་གསུམ་གྱི་རིང་ལ། བྱེད་ཐབས་སྣ་མང་བརྒྱུད་ནས་བོད་སྐྱོར་སྨན་བཅོས་རུ་ཁག་གཅིག་གསོ་སྐྱོང་བྱས་ཏེ་ལོ་ལྟར་བོད་རིགས་ས་ཁུལ་གྱི་སྨན་པ་སྟོང་ཙམ་ལ་དེ་ནས་ཕན་པ་ཐོབ་པ་རེད།

   ངོ་སྤྲོད་བྱས་པར་གཞིགས་ན། ལོ་གསུམ་གྱི་རིང་དུ་པེ་ཅིན་ཞེ་ཧོ་སྨན་ཁང་གིས་རང་ཉིད་ཀྱི་སྔོན་ཐོན་དོ་དམ་མ་དཔེ་བེད་སྤྱོད་བྱས་ཏེ་སྔོན་རྗེས་སུ་བོད་ལྗོངས་ཀྱི་སྦྲིད་སྨན་དང་། གཤག་བཅོས་ཁང་གི་སྤུས་ཚད་ཚོད་འཛིན་ལྟེ་གནས། བོད་ལྗོངས་ཀྱི་ནད་ལུགས་ཀྱི་རྒྱང་ཁྲིད་ནད་བརྟག་ལྟེ་གནས་སོགས་བཙུགས་ཡོད་ཅིང་། བོད་ལྗོངས་ཀྱི་ནད་ཐོག་ཞིབ་བཤེར་ལྟེ་གནས་སོགས་ཀྱི་འཛུགས་སྐྲུན་བྱེད་ཤུགས་རྒྱུན་ཆད་མེད་པར་ཇེ་དྲག་ཏུ་ཕྱིན་ཡོད་པ་རེད། ལོ་གསུམ་གྱི་རིང་ལ་ཁྱོན་བསྡོམས་ཁག3གྱི་ཁག་རེར་ལས་སྒོའི་རྐང་འཛིན་པ29མངགས་ནས་བོད་ལྗོངས་མི་དམངས་སྨན་ཁང་དུ་གསོ་སྐྱོང་རང་བཞིན་སྨན་བཅོས་རོགས་སྐྱོར་གྱི་ལས་སྤེལ་ཡོད་པ་རེད།

   ཤེས་རྟོགས་བྱུང་བར་གཞིགས་ན། བོད་སྐྱོར་ལས་དོན་སྤེལ་བ་ནི་པེ་ཅིན་ཞེ་ཧོ་སྨན་ཁང་གི་སྲོལ་རྒྱུན་བཟང་པོ་དང་ལས་འགན་གལ་ཆེན་གྱི་གྲས་ཤིག་ཡིན། དུས་རབས20པའི་ལོ་རབས50པའི་དུས་ནས་པེ་ཅིན་ཞེ་ཧོ་སྨན་ཁང་གི་ཕྱི་བཅོས་རིག་པ་ཚན་ཁག་གི་ཀྲུའུ་རེན་ཞུས་ལེ་ཐེན་ནི་ཐོག་མའི་བོད་དུ་སྨན་བཅོས་རོགས་སྐྱོར་བྱེད་པའི་སྨན་པ་ཞིག་ཡིན་པ་དང་བཅིངས་འགྲོལ་དམག་དང་མཉམ་དུ་བོད་དུ་བསྐྱོད་དེ་བོད་ཀྱི་སྨན་བཅོས་འཕྲོད་བསྟེན་བྱ་གཞག་དེ་མེད་པ་ནས་ཡོད་པ་དང་། འཕེལ་རྒྱས་དང་འཛུགས་སྐྲུན་བྱེད་པར་གསར་གཏོད་རང་བཞིན་ཀྱི་ལེགས་སྐྱེས་ཕུལ་ཡོད་པ་རེད།།


  • ལེ་ཚན་སྔོན་མ།:ཁྱུང་མཆུ་རྫོང་སྤང་ལྗོངས་ཆེན་མོའི་ནོར་གནག་རོལ་དབྱངས་དུས་སྟོན་དང་ནོར་གནག་རིག་གནས་དུས་སྟོན་སྤེལ།
  • ལེ་ཚན་རྗེས་མ།:མཚོ་སྔོན་གྱིས་བྱེད་ཐབས་སྣ་མང་སྤྱད་དེ་བོད་ལུགས་གསོ་རིག་དང་སྨན་རྫས་ཀྱི་སྟོབས་ལྡན་ཞིང་ཆེན་འཛུགས་སྐྱོང་ཇེ་མགྱོགས་བྱས།
  • དོ་སྣང་ཆེ་བའི་རྩོམ།