རང་རྒྱལ་གྱི་ཞིང་སྡེའི་སློབ་མའི་འཚོ་བཅུད་བཟའ་བཅའ་ཞིང་ཆེན29ལ་ཁྱབ་ནས་མི་ཁྲི3700ལ་ཕན་པ་ཐོབ།

ཡེ་ཤེས་ཀྱིས་བསྒྱུར།        2018-07-12

  ཞིན་ཧྭ་གསར་འགྱུར་ཁང་ཀུའེ་དབྱང་ནས་འབྱོར་བའི་གཏམ་གསར།  ཉེ་ཆར། སློབ་གསོ་པུའུ་ཡིས་ཀུའེ་དབྱང་དུ་སྤེལ་བའི་གསར་འགྱུར་ཁྱབ་བསྒྲགས་ཚོགས་འདུ་ཐོག་ནས་ཤེས་རྟོགས་བྱུང་བར་གཞིགས་ན། 2011ལོའི་སྤྱི་ཟླ11པར་འགོ་བཙུགས་པ་ནས་བཟུང་། ཞིང་སྡེའི་འོས་འགན་སློབ་གསོའི་དུས་རིམ་གྱི་སློབ་མའི་འཚོ་བཅུད་ལེགས་བཅོས་འཆར་གཞི་ལོ7ལ་ལག་བསྟར་བྱས་མཐར། མིག་སྔར་རྒྱལ་ཡོངས་ཀྱི་ཞིང་ཆེན29(པེ་ཅིན་དང་། ཐེན་ཅིན། ཧྲན་ཏུང་བཅས་ཀྱིས་སློབ་མ་བཟའ་བཅའ་ལས་གཞི་ཁེ་རྐྱང་སྤེལ་བ)ཡི་རྫོང1631ཁྱབ་ནས་ཕན་པ་ཐོབ་པའི་སློབ་མའི་མི་གྲངས་ཁྲི3700ལ་ཟིན་པ་རེད། 
  ངོ་སྤྲོད་བྱས་པར་གཞིགས་ན། མིག་སྔའི་བར་ཀྲུང་དབྱང་ནོར་སྲིད་ཀྱིས་རིམ་རྩིས་བྱས་ན་འཚོ་བཅུད་ལེགས་བཅོས་འཆར་གཞི་ལག་ལེན་བསྟར་བར་འཚོ་བཅུད་ཀྱི་ཁ་གསབ་རོགས་དངུལ་སྒོར་དུང་ཕྱུར1248བཀོད་སྒྲིག་བྱས་ཡོད་པར་མ་ཟད།  ཆེད་སྤྱོད་མ་དངུལ་སྒོར་དུང་དུང་ཕྱུར300བཀོད་སྒྲིག་བྱས་ཏེ་ཚོད་ལྟ་ས་ཁུལ་གྱི་སློབ་གྲྭའི་ཟ་ཁང་འཛུགས་སྐྲུན་བྱེད་པར་གཙོ་གནད་དུ་རྒྱབ་སྐྱོར་བྱས་པ་རེད།  ཚོད་ལྟ་ས་ཁུལ་གྱི་སློབ་གྲྭས་ལྟོ་ཆས་སྟེར་བའི་བསྡུར་ཚད་བརྒྱ་ཆ76ལ་ཟིན་པར་བརྟེན།   ཉེན་མེད་དང་འཕྲོད་བསྟེན། འཚོ་བཅུད་ཀྱི་བཟའ་བཅའ་འདོན་སྤྲོད་བྱེད་ནུས་ཆེ་རུ་ཕྱིན་པ་རེད།  

  དེ་དང་ཆབས་ཅིག  སློབ་གསོ་པུའུ་ཡིས་ད་དུང་ཧོ་པེ་དང་། ཧྲན་ཞི་སོགས་ཞིང་ཆེན1 0ཡི་རྒྱལ་ཁབ་ཀྱི་དབུལ་སྐྱོར་གསར་སྦོལ་གྱི་ལས་དོན་སྤེལ་སའི་གཙོ་གནད་རྫོང88ཀྱིས་འཚོ་བཅུད་ལེགས་བཅོས་འཆར་གཞིའི་ཚོད་ལྟ་ལས་ཀ་སྤེལ་བར་ཁྲིད་སྟོན་བྱས་ཡོད། 2017ལོའི་ལོ་མཇུག་ཏུ་སླེབས་དུས་རྒྱལ་ཁབ་ཀྱི་དབུལ་པོ་རྫོང་ཡོངས་ལ་འཚོ་བཅུད་ལེགས་བཅོས་བྱེད་པའི་འཆར་གཞི་ཡོངས་སུ་ཁྱབ་པའི་དམིགས་ཡུལ་མངོན་འགྱུར་བྱུང་ནས་ཁུལ་དབུལ་པོའི་སློབ་མ་ཁྲི300ཙམ་ལ་ཆབ་སྲིད་ཇུས་བཟང་པོའི་ལས་གྲྭ་དང་དམངས་སེམས་ཀྱི་ལས་གྲྭ་ལག་ལེན་བསྟར་བའི་གྲུབ་འབྲས་ལོངས་སུ་སྤྱོད་ཐུབ་ཡོད་པ་རེད།།


  • ལེ་ཚན་སྔོན་མ།:བོད་ལྗོངས་པ་སྣམ་རྫོང་གིས་སྤྱིལ་ཁང་ཆེན་པོའི་སྔོ་ཚལ་ཐོན་ལས་ལྡུམ་ར་མུའུ་ཁྲི་བསྐྲུན་རྒྱུ་ཡིན་པ།
  • ལེ་ཚན་རྗེས་མ།:རྒྱལ་ཡོངས་ཀྱི་རྩ་འཛུགས་བྱ་བའི་གྲོས་ཚོགས་པེ་ཅིན་ནས་ཚོགས་པ་དང་ཞི་ཅིན་ཕིང་གིས་གསུང་བཤད་གལ་ཆེན་གནང་།
  • དོ་སྣང་ཆེ་བའི་རྩོམ།