མཚོ་སྔོན་ཞིང་ཆེན་གྱིས་ཚགས་ཤའི་ཐོན་ལས་ལས་སྣོན་ཞིབ་ཚགས་སུ་གཏོང་བའི་བྱ་སྤྱོད་སྤེལ་རྒྱུ་ཡིན་པ།

    མི་དམངས་ཉིན་རེའི་ཚགས་པར་ནས་དྲངས།    2018-07-12

    ཞིན་ཧྭ་གསར་འགྱུར་ཁང་ལྷ་ས་ནས་གནས་ཚུལ་འབྱོར་གསལ། མཚོ་སྔོན་ཞིང་ཆེན་ཞིང་འབྲོག་ཐིང་ནས་ཤེས་རྟོགས་བྱུང་བརགཞིགས་ན། ཞིང་ཆེན་དེས་ཚགས་ཤའི་ཐོན་ལས་ལས་སྣོན་ཞིབ་ཚགས་སུ་གཏོང་བའི་བྱ་སྤྱོད་སྤེལ་ནས2025ལོར་སླེབས་སྐབས་ཞིང་ཆེན་ཡོངས་ཀྱི་འབྲི་གཡག་གསོ་ཚགས་བྱེད་ཚད་ཁྲི500ཡི་ནང་ཚུན་དུ་ཚོད་འཛིན་དང་རང་བྱུང་རྩྭ་རར་གསོ་ཚགས་བྱེད་ཚད་ཁྲི350ཙམ་དུ་ཚོད་འཛིན་བྱས་ནས་ཚགས་ཤའི་ཐོན་རྫས་རིན་ཐང་སྒོར་དུང་ཕྱུར70ནས་སྒོར་དུང་ཕྱུར90བར་མང་དུ་གཏང་རྒྱུ་རེད།

    ཉེ་བའི་ལོ་ཤས་རིང་། མཚོ་སྔོན་ཞིང་ཆེན་གྱིས་རྩྭ་རའི་བྱ་དགའི་ཁ་གསབ་སྲིད་ཇུས་དང“འབྲུ་རིགས་གཟན་རྩྭར་སྒྱུར་བའི”ཚོད་ལྟ་བྱས་པས་ཚགས་ཤའི་ཐོན་ལས་འཕེལ་རྒྱས་གཏོང་བའི་གཟན་རྩྭའི་རྟེན་གཞི་སྔར་བས་བརྟན་དུ་སོང་ཡོད། ཚགས་ཤའི་ཐོན་རྫས་ལས་སྣོན་ལག་རྩལ་གྱི་ཞིབ་འཇུག་གསར་སྤེལ་མ་ལག་བཙུགས་ཤིང་། ཞིང་ཆེན་རིམ་པའི་ངོས་ནས་ཚགས་ཤའི་ཐོན་རྫས་ལས་སྣོན་ཞིབ་ཚགས་ཀྱི་ལག་རྩལ་ཞིབ་འཇུག་གསར་སྤེལ་གྱི་ཆེད་ལས་ལྟེ་གནས་བཙུགས་ཏེ་རྒྱལ་ཁབ་རིམ་པའི་ལག་རྩལ་ཞིབ་འཇུག་གསར་སྤེལ་ལྟེ་གནས་འདུན་ཞུ་ཧུར་ཐག་དང་། ཁུལ་དང་རྫོང་རིམ་པའི་ངོས་ནས་ཚགས་ཤའི་ཐོན་རྫས་ཐོན་ཡུལ་གྱི་ལས་སྣོན་ལག་རྩལ་གྱི་མཛུབ་ཁྲིད་ལམ་སྲོལ་འཛུགས་པ་དང་ཁེ་ལས་ཀྱི་ལས་སྣོན་གྱིས་ཐོན་ལས་ལ་སྣེ་འཁྲིད་པ་དང་ཞིང་དུད་ལ་སྣེ་ཁྲིད་པའི་ནུས་པར་ཚོད་སྐོར་བྱེད་པའི་བྱ་ཐབས་བཟོ་བ། སྣེ་འདྲེན་ཁེ་ལས་ཀྱིས་ཚགས་ཤ་དུམ་བུར་གཅོད་པ་དང་དྲོད་ཚད་དམའ་བའི་ཚགས་ཤའི་ཐོན་རྫས་ལས་སྣོན་གཙོ་གནད་བྱས་ཏེ་ཞོར་ཐོན་ཐོན་རྫས་ལས་སྣོན་ཕྱོགས་བསྡུས་གསར་སྤེལ་བེད་སྤྱོད་བྱས་ནས་ཚགས་ཤ་ལས་སྣོན་ཐོན་རྫས་ཞིབ་འཇུག་གསར་སྤེལ་གྱི་ཚོགས་པ་འཛུགས་པ་བཅས་བྱས་ཡོད་པ་རེད།

    ཚགས་ཤའི་ཐོན་ལས་མཉམ་འདྲེས་གོང་འཕེལ་མ་ལག་བཙུགས་ཤིང་། ཚགས་ཤའི་ཐོན་ལས་མཉམ་འབྲེལ་སྒྲིག་གཞི་བཙུགས་པ་དང་ཞིང་ཆེན་རིམ་པའི་ངོས་ནས་ལས་སྣོན་ཁེ་ལས་དང་ཕྱིར་ཚོང་ཚོང་པ་དང་མཉམ་ལས་ཁང་གི་རྩ་འཛུགས་གཙོ་བོར་བྱེད་པའི་མཚོ་སྔོན་གྱི་ཚགས་ཤའི་ཐོན་ལས་མནའ་མཐུན་བཙུགས་ནས་ཐོན་ལས་འཕེལ་རྒྱས་ཀྱི་ཐོན་ཁུངས་བཀོད་སྒྲིག་དང་། ཐོན་ལས་འཁོར་སྦྲེལ་ཡོང་བ་དང་ཞན་ཆ་གསབ་པ། ཞིང་ཆེན་ཡོངས་ཀྱི་ཚགས་ཤའི་ཐོན་ལས་འཕེལ་རྒྱས་ལ་སྣེ་ཁྲིད་དང་། ཁུལ་དང་རྫོང་རིམ་པའི་ངོས་ནས་ཚགས་ཤའི་ཐོན་ལས་མཐུན་ཚོགས་བཙུགས་པ་དང་ཤང་དང་གྲོང་རྡལ་གྱིས་ཚགས་ཤའི་ཐོན་ལས་འཕེལ་རྒྱས་ཀྱི་མཉམ་འབྲེལ་སྒྲིག་གཞི་བཙུགས་ནས་ཚགས་ཤའི་ཐོན་ལས་མཉམ་འབྲེལ་དང་། དཔུང་སྒྲིལ། ལེགས་བསྡུས་ཞིབ་གཉེར། གཞི་ཁྱོན་ལྡན་པའི་འཕེལ་རྒྱས་བཅས་ཀྱི་ལམ་སྲོལ་གསར་པ་ཆགས་པར་བྱ་རྒྱུ་རེད། ཞིང་ལས་ཐོན་རྫས་ལས་སྣོན་ལས་རིགས་མཐོར་གཏོང་གི་བྱ་སྤྱོད་སྤེལ་ནས་ཁེ་ལས་ཟླ་སྒྲིལ་བསྐྱར་སྒྲིག་ལ་ལྕག་སྐུལ་གཏོང་བ་དང་། རྗེས་ལུས་ཀྱི་ཐོན་ནུས་འདོར་བ། ཚགས་ཤ་ཐོན་ཁུལ་གཙོ་བོའི་ཞིང་ལས་ཐོན་རྫས་རང་སར་ལས་སྣོན་གཞན་སྒྱུར་གྱི་རིན་ཐང་འཕར་རྒྱུར་རྒྱབ་སྐྱོར་བྱ་རྒྱུ་རེད།

ཚགས་ཤ་ལས་སྣོན་གྱི་ཚད་གཞི་གཏན་འཁེལ་བྱས་པ་དང་ཞིང་ཆེན་ཡོངས་ཀྱིས་གཅིག་གྱུར་ཐོག་ཚགས་ཤ་ཉོ་བ་དང་། ལས་སྣོན། འབྲི་གཡག་བཤས་གཏོང་བ། རིམ་དབྱེ། དུམ་བུར་གཅོད་པ། ཐུམ་རྒྱག སྐྱེལ་འདྲེན། རྟགས་རྒྱག་པ་སོགས་ཀྱི་ཚད་གཞི་བཟོ་བ་དང་ཚད་ལྡན་ཡོང་བར་བྱ་རྒྱུ་རེད།

   མཚོ་སྔོན་ཞིང་ཆེན་ནི་རང་རྒྱལ་གྱི་འབྲོག་ཁུལ་ཆེ་གྲས་བཞིའི་གྲས་ཤིག་ཡིན་པ་དང་འབྲོག་ལས་ནི་རྐང་འཛིན་ཐོན་ལས་ཤིག་རེད། དེའི་ནང་ཚགས་ཤའི་ཐོན་ལས་དེ་མཚོ་སྔོན་ཞིང་ཆེན་གྱི་ས་ཁུལ་ཕལ་ཆེ་བར་ཁྱབ་ཡོད། བསྡོམས་རྩིས་ལ་གཞིགས་ན། 2017ལོའི་ལོ་མཇུག་ཏུ་མཚོ་སྔོན་དུ་འབྲི་གཡག་ལག་ཡོད་མགོ་གྲངས་ཁྲི481ཡོད་པ་དེས་འཛམ་གླིང་ཡོངས་ཀྱི་གསུམ་ཆ་གཅིག་ཙམ་བཟུང་ནས་ཞིང་ཆེན(རང་སྐྱོང་ལྗོངས)བང་སྒྲིག་ནང་རྒྱལ་ཡོངས་ཀྱི་ཨང་དང་པོར་སླེབས་ཡོད། འབྲི་གཡག་ནི་མཚོ་སྔོན་གྱི་གཙོ་ཁྲིད་ཐོན་ལས་དང་ས་ཁོངས་ཀྱི་ཁྱད་ལྡན་ལེགས་ལྡན་ཐོན་ལས་འཕེལ་རྒྱས་གཏང་ཡུལ་ཞིག་ཡིན་ལ་མཚོ་སྔོན་གྱི་ཞིང་འབྲོག་མང་ཚོགས་ཀྱི་འཚོ་རྟེན་དུ་གྱུར་པའི་དམངས་འཚོའི་ཐོན་ལས་འཕེལ་རྒྱས་གཏང་ཡུལ་ཞིག་ཀྱང་དེ་བས་རེད།།


  • ལེ་ཚན་སྔོན་མ།:བོད་ལྗོངས་ཀྱི་དངུལ་ལོར་མཉམ་འགྲེམས་ལས་གནའ་བོའི་དངུལ་ལོར་རིག་གནས་སླར་ཡང་མངོན་པ།
  • ལེ་ཚན་རྗེས་མ།:བོད་ལྗོངས་པ་སྣམ་རྫོང་གིས་སྤྱིལ་ཁང་ཆེན་པོའི་སྔོ་ཚལ་ཐོན་ལས་ལྡུམ་ར་མུའུ་ཁྲི་བསྐྲུན་རྒྱུ་ཡིན་པ།
  • དོ་སྣང་ཆེ་བའི་རྩོམ།