རང་ཁུལ་གྱིས་ནག་ཚོགས་ཚར་གཅོད་ཆེད་དོན་འཐབ་རྩོད་ཀྱི་སྐུལ་འདེད་ཚོགས་འདུ་འཚོགས།

བདེ་སྐྱིད་ཀྱིས་བསྒྱུར།        2018-06-14

    སྤྱི་ཟླ6པའི་ཚེས7ཉིན་གྱི་སྔ་དྲོར། ཁུལ་ཡོངས་ཀྱི་ནག་ཚོགས་ཚར་གཅོད་ཆེད་དོན་འཐབ་རྩོད་ཀྱི་སྐུལ་འདེད་གྲོས་ཚོགས་དར་མདོར་འཚོགས་པ་རེད། ཁུལ་ཨུའི་ཧྲུའུ་ཅི་ལིའུ་ཁྲེང་མིང་གྲོས་ཚོགས་ནང་ཞུགས་པར་མ་ཟད་གསུང་བཤད་ཀྱང་གནང་བ་རེད།

    ལིའུ་ཁྲེང་མིང་གིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་ལག་ལེན་གཏིང་ཟབ་དང་། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཐབས་ཇུས་བཀོད་སྒྲིག་གལ་ཆེན་ཁྱོན་ཡོངས་ནས་དོན་འཁྱོལ་བྱས་ཏེ་ནག་ཚོགས་ཚར་གཅོད་ཆེད་དོན་འཐབ་རྩོད་ཀྱི་ལས་ཀ་ཏན་ཏིག་བསྒྲུབ་རྒྱུ་དང་། དུས་ཐོག་ཏུ་ཁྱོན་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་ཐུབ་པ་དང་མཛེས་སྡུག་སྐྱེ་ཁམས་དང་འཆམ་མཐུན། འབྱོར་འབྲིང་གི་དཀར་མཛེས་ཁུལ་འཛུགས་སྐྱོང་བྱ་རྒྱུར་དེ་བས་བདེ་འཇགས་དང་བརྟན་ལྷིང་གི་སྤྱི་ཚོགས་ཁོར་ཡུག་འཛུགས་སྐྱོང་བྱ་དགོས།

   ལིའུ་ཁྲེང་མིང་གིས་ནན་གསུང་གནང་དོན། གཅིག་ནི་ཆབ་སྲིད་ཀྱི་ལངས་གནས་མཐོ་རུ་བཏང་ནས་འགན་འཁྲི་ཁུར་སེམས་དང་དགོས་གཏུག་ཆེན་སེམས་སྔར་བས་ཇེ་དྲག་ཏུ་གཏང་དགོས། གཉིས་ནི་བཅའ་ཁྲིམས་ལྟར་རྡུང་རྡེག་དྲག་པོ་གཏོང་བའི་བྱེད་ཕྱོགས་རྒྱུན་འཁྱོངས་བྱས་ནས་དྲག་གནོན་བྱེད་ཚུལ་སྲུང་འཛིན་བྱ་དགོས། གསུམ་ནི་དཔེ་འཐེན་གནད་འཁེལ་དང་ནུས་ལྡན་གྱི་དམིགས་ཡུལ་ཡོད་པ་བྱ་དགོས། བཞི་ནི་བཅའ་ཁྲིམས་ལྟར་རྡུང་རྡེག་དང་ཕྱོགས་བསྡུས་བཅོས་སྐྱོང་། རྩ་ལག་མཉམ་བཅོས། མངོན་མེད་ཀྱི་རྐྱེན་ངན་མེད་པ་བཟོ་རྒྱུ་རྒྱུན་འཁྱོངས་བྱ་དགོས།

ལིའུ་ཁྲེང་མིང་གིས་ནན་གསུང་གནང་དོན། ཁུལ་ཡོངས་ཀྱི་གོང་འོག་ཚང་མས་ད་ལྟར་སྤེལ་བཞིན་པའི་སློབ་སྦྱོང་ཆེན་པོ་དང་གྲོས་བསྡུར་ཆེན་པོ། བརྟག་ཞིབ་ཆེན་པོའི་བྱེད་སྒོ་དང་ཟུང་འབྲེལ་བྱས་ཏེ། ལས་ཀ་ཁག་དོན་འཁྱོལ་གནད་དུ་འཁེལ་བར་སྐུལ་འདེད་ཏན་ཏིག་གཏང་དགོས། མིག་སྔར་གཙོ་བོ་དབྱར་རྩྭ་དགུན་འབུ་རྐོ་བའི་དུས་ཚིགས་ཀྱི་དོ་དམ་ལས་ཀར་དམ་འཛིན་ཡག་པོ་བྱས་ནས་བརྟན་ཞིང་གོ་རིམ་ལྡན་པ་བྱ་དགོས། ཡུལ་སྐོར་མཛེས་ལྗོངས་ཁུལ་གྱི་མཛེས་ལྗོངས་ས་ཚུགས་དང་གཞུང་ལམ་འགྲིམ་འགྲུལ། ཚོང་རའི་སྒྲིག་ལམ་གྱི་དོ་དམ་ལས་ཀ་ཡག་པོ་བསྒྲུབས་ནས་ཡུལ་སྐོར་བ་འབེལ་བའི་དུས་ཚིགས་སླེབས་པར་བསུ་མ་བྱ་དགོས། ས་གཤིས་གནོད་འཚེ་ལྟ་ཞིབ་ཚད་ལེན་བྱ་རྒྱུར་ཤུགས་སྣོན་བརྒྱབ་ནས་མི་དམངས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་ཉེན་མེད་ཡོང་བར་འགན་སྲུང་བྱ་དགོས་པ་བཅས་རེད།། 


  • ལེ་ཚན་སྔོན་མ།:དཀར་མཛེས་ཀྱི་རྒྱལ་ཁྲལ་ཁོངས་གཏོགས་སུ“ཡུལ་དངོས་ལ་ཡོང་མི་དགོས་པར”དཔྱ་ཁྲལ་འཇལ་བའི་བསྡུར་ཚད་ལྡབ་འཕར་བྱུང་བ།
  • ལེ་ཚན་རྗེས་མ།: རང་ཁུལ་གྱི་ཚན་པ་དང་པོའི་དབུལ་སྐྱོར་གནད་སྨིན་གྱི་ཚོང་རྟགས་སྟེར་བའི་བྱེད་སྒོ་མཇུག་བསྒྲིལ་ནས་རྨང་གཞིའི་ཚོང་རྟགས་ཁྱོན་བསྡོམས26སྟེར་ཡོད།
  • དོ་སྣང་ཆེ་བའི་རྩོམ།