རང་ཁུལ་གྱི་ཞིང་སྡེའི་སྤྱི་ཚོགས་ཞབས་ཞུའི་ནུས་པ་ཡར་ཐོན་མངོན་གསལ་བྱུང་།

དབྱངས་ཅན་གྱིས་བསྒྱུར།        2018-04-19

    རང་ཁུལ་གྱི་ཐེངས་གསུམ་པའི་རྒྱལ་ཡོངས་ཀྱི་ཞིང་ལས་ཡོངས་ཁྱབ་ཞིབ་བཤེར་གྱི་མཇུག་འབྲས་མཚོན་པ་ལྟར་ན། ཞིང་ལས་དཔལ་འབྱོར་འཕེལ་རྒྱས་ཡོང་བ་དང་སྦྲགས། རྒྱ་ཆེ་བའི་ཞིང་སྡེ་དང་ཡུལ་མིས་དངོས་པོའི་དགོས་མཁོ་བསྐངས་ཐུབ་པའི་རྨང་གཞིའི་ཐོག་རིག་གནས་འཚོ་བ་དང་བདེ་ཐང་སྐོར་དེ་བས་དོ་སྣང་བྱེད་བཞིན་པ་རེད། ཉེ་བའི་ལོ་ཤས་རིང་རྒྱལ་ཁབ་ཀྱིས་ཞིང་སྡེའི་སྤྱི་ཚོགས་ཞབས་ཞུའི་སྒྲིག་ཆས་རྒྱུན་ཆད་མེད་པར་འཛུགས་སྐྲུན་བྱེད་ཤུགས་ཆེ་རུ་བཏང་ནས། ཞིང་སྡེའི་སྤྱི་ཚོགས་ཞབས་ཞུའི་ནུས་པ་ཡོར་ཐོན་མངོན་གསལ་བྱུང་ཞིང་ལེ་ལག་ཆ་ཚང་བའི་སྒྲིག་ཆས་སྣ་ཚོགས་ཉིན་བཞིན་འཐུས་ཚང་དུ་བྱུང་ཡོད་པ་རེད།

    2016ལོའི་ལོ་མཇུག་ཏུ་ཤང་དང་གྲོང་རྡལ་བརྒྱ་ཆ74.8ལ་བྱིས་པ་ཁང་དང་བུ་བཅོལ་ཁང་ཡོད་པ་དང་། བརྒྱ་ཆ86.8ལ་དཔེ་མཛོད་ཁང་དང་རིག་གནས་ས་ཚུགས་ཡོད་པས2006ལོ་ལས་བརྒྱ་ཆའི་གྲངས72འཕར་ཡོད། ཤང་དང་གྲོང་རྡལ་བརྒྱ་ཆ96.9ལ་སློབ་ཆུང་ཡོད་པ་དང་བརྒྱ་ཆ86.8ལ་དཔེ་མཛོད་ཁང་དང་རིག་གནས་ས་ཚུགས་ཡོད་པས2006ལོ་ལས་བརྒྱ་ཆའི་གྲངས72འཕར་ཡོད། ཤང་དང་གྲོང་རྡལ་བརྒྱ་ཆ5.8ལ་ཟློས་གར་ཁང་དང་གློག་བརྙན་ཟློས་གར་ཁང་ཡོད་པས2006ལོ་ལས་བརྒྱ་ཆའི་གྲངས2.7འཕར་ཡོད། ཤང་དང་གྲོང་རྡལ་བརྒྱ་ཆ13.5ལ་ལུས་རྩལ་བྱེད་ས་ཡོད་པས2006ལོ་ལས་བརྒྱ་ཆའི་གྲངས11.3འཕར་ཡོད། ཤང་དང་གྲོང་རྡལ་བརྒྱ་ཆ8.6ལ་སྤྱི་གླིང་དང་ངལ་གསོ་ལུས་སྦྱོང་ཐང་ཡོད་པས2006ལོ་ལས་བརྒྱ་ཆའི་གྲངས7.4འཕར་ཡོད། གྲོང་སྡེ་བརྒྱ་ཆ10.2ལ་བྱིས་པ་ཁང་དང་བུ་བཅོལ་ཁང་ཡོད་པས2006ལོ་ལས་བརྒྱ་ཆའི་གྲངས9.2འཕར་ཡོད། གྲོང་སྡེ་བརྒྱ་ཆ15.9ལ་ཞིང་པའི་ལས་ཞོར་རིག་གནས་རྩ་འཛུགས་ཡོད་པས2006ལོ་ལས་བརྒྱ་ཆའི་གྲངས13.9འཕར་ཡོད།

    2016ལོའི་ལོ་མཇུག་ཏུ་ཤང་དང་གྲོང་རྡལ་བརྒྱ་ཆ99.4ལ་སྨན་བཅོས་འཕྲོད་བསྟེན་ལས་ཁུངས་ཡོད་པས2006ལོ་ལས་བརྒྱ་ཆའི་གྲངས0.6འཕར་ཡོད། ཤང་དང་གྲོང་རྡལ་བརྒྱ་ཆ79.4ལ་ལས་གཉེར་བྱེད་མཁན་སྨན་པ་དཀའ་བཅུ་པ་ཡོད། ཤང་དང་གྲོང་རྡལ་བརྒྱ་ཆ13.2ལ་སྤྱི་ཚོགས་ཕན་བདེའི་ཉར་གསོ་སྡེ་ཚན་ཡོད་པས2006ལོ་ལས་བརྒྱ་ཆའི་གྲངས4.3འཕར་ཡོད། ཤང་དང་གྲོང་རྡལ་བརྒྱ་ཆ6.5ལ་སྲིད་གཞུང་རང་གིས་གསར་འཛུགས་བྱས་པའི་རྒན་གསོ་ཁང་ཡོད། གྲོང་སྡེ་བརྒྱ་ཆ51.8ལ་འཕྲོད་བསྟེན་ཁང་ཡོད་པས2006ལོ་ལས་བརྒྱ་ཆའི་གྲངས37འཕར་ཡོད་པ་རེད།།


  • ལེ་ཚན་སྔོན་མ།:རང་ཁུལ་གྱི་ཞིང་སྡེ་ཡུལ་མིའི་སྤྱོད་ཡུན་རིང་བའི་འཛད་རྫས་ཀྱི་སྤུས་འབོར་མཉམ་སྤར་བྱུང་།
  • ལེ་ཚན་རྗེས་མ།:ཉག་རོང་རྫོང་གིས་ས་ཁོངས་ཡོངས་སུ་ཡུལ་སྐོར་འཕེལ་རྒྱས་གཏོང་བར་ཁོར་ཡུག་གཙང་མ་བསྐྲུན།
  • དོ་སྣང་ཆེ་བའི་རྩོམ།