ཁུལ་ཡོངས་ཀྱི་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ལས་དོན་གྱི་ཚོགས་འདུ་འཚོགས།

བདེ་སྐྱིད་ཀྱིས་བསྒྱུར།        2018-04-19

   སྤྱི་ཟླ4པའི་ཚེས12ཉིན། ཁུལ་ཡོངས་ཀྱི་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ལས་དོན་གྱི་ཚོགས་འདུ་དར་མདོར་འཚོགས་པ་རེད།

   ཚོགས་འདུའི་ཐོག་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་ཁུལ་ཡོངས་ཀྱི་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ལས་དོན་ཁྱོན་ཡོངས་ནས་ཕྱོགས་བསྡོམས་བྱས་པར་མ་ཟད། ད་ལོའི་ལས་དོན་ཁག་གི་ལས་འགན་བཀོད་སྒྲིག་བྱས་པ་རེད། ཁུལ་ཨུའི་རྒྱུན་ཨུ། ཁུལ་སྲིད་གཞུང་གི་རྒྱུན་ལས་ཁུལ་དཔོན་གཞོན་པ་ཀྲའོ་པོ་ཚོགས་འདུར་ཞུགས་པར་མ་ཟད་གསུང་བཤད་གནང་བ་རེད།

   ཀྲའོ་པོས་ཁུལ་ཡོངས་ཀྱི་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཁོངས་གཏོགས་ཀྱིས་ལས་ཀ་བསྒྲུབ་རྒྱུའི་གཞི་འཛིན་ས་དང་ཤུགས་རྒྱག་སར་གནད་དུ་འཁེལ་བར་བྱས་ཏེ། ནུས་ཤུགས་ཡོད་རྒུས་ད་ལོའི་ལས་དོན་ཁག་དམ་འཛིན་ཡག་པོ་བྱ་དགོས། གཅིག་ནི་དབུལ་ཐར་དངོས་གནས་བྱེད་ཐུབ་པར་སྟོབས་ཤུགས་གཅིག་ཏུ་བསྒྲིལ་ཏེ། ནུས་ཤུགས་ཡོད་རྒུས་དབུལ་ཐར་འགག་སྒྲོལ་ལ་སྐུལ་འདེད་གཏང་དགོས། གཉིས་ནི་ཁྱོན་ཡོངས་སུ་ཁྱབ་པ་བྱ་རྒྱུར་སྟོབས་ཤུགས་གཅིག་ཏུ་བསྒྲིལ་ཏེ། དམངས་ཡོངས་འགན་བཅོལ་ནང་ཞུགས་པའི་ཐོ་འགོད་བྱ་རྒྱུའི་ཐད་སྐུལ་འདེད་གཏང་དགོས། གསུམ་ནི་ཉེན་ཁ་ཟོན་འགོག་བྱ་རྒྱུར་སྟོབས་ཤུགས་གཅིག་ཏུ་བསྒྲིལ་ཏེ། སྤྱི་ཚོགས་འགན་བཅོལ་ཐེབས་རྩར་ལྟ་སྐུལ་བྱེད་ཤུགས་ཆེ་རུ་གཏང་དགོས། བཞི་ནི་འཆམ་མཐུན་ཡོང་བར་སྐུལ་འདེད་གཏང་རྒྱུར་སྟོབས་ཤུགས་གཅིག་ཏུ་བསྒྲིལ་ཏེ། ངལ་རྩོལ་པ་དང་མ་རྩ་ཅན་བར་གྱི་འབྲེལ་བ་འཆམ་མཐུན་ཡོང་བར་སྲུང་སྐྱོང་བྱ་དགོས། ལྔ་ནི་དམངས་ཕན་བྱ་བར་སྟོབས་ཤུགས་གཅིག་ཏུ་བསྒྲིལ་ཏེ། ཞབས་ཞུའི་མ་ལག་འཐུས་སྒོ་ཚང་དུ་གཏང་དགོས། དྲུག་ནི་གཏོད་བརྒལ་བརྩོན་ལེན་བྱ་རྒྱུར་སྟོབས་ཤུགས་གཅིག་ཏུ་བསྒྲིལ་ཏེ། གཅིག་གྱུར་གྱིས་བཅོས་བསྒྱུར་གསར་གཏོད་ཟབ་ཏུ་སྤེལ་དགོས་ཞེས་བླང་བྱ་བཏོན་པ་རེད།

   ཚོགས་འདུའི་ཐོག་དར་མདོ་དང་རྟའུ། འདབ་པ་བཅས་རྫོང﹙གྲོང་ཁྱེར་﹚3གྱིས་ཁག་བགོས་ནས་ལས་གྲྭ་ཨང་དང་པོའི་འཛུགས་སྐྲུན་དང་ངལ་རྩོལ་འགན་སྲུང་ལྟ་ཞིབ། ལས་ཞུགས་དབུལ་སྐྱོར་ལས་དོན་སོགས་ལ་དམིགས་ནས་ཉམས་མྱོང་སྤེལ་རེས་བྱས་པ་རེད།། 


  • ལེ་ཚན་སྔོན་མ།:དཔལ་ཡུལ་རྫོང་གིས་ཐུམ་བུའི་ནད་ཀྱི་ཞིབ་བཤེར་དང་བདེ་ཐང་སློབ་གསོའི་བྱ་འགུལ་སྤེལ་བ།
  • ལེ་ཚན་རྗེས་མ།:ཉག་རོང་རྫོང་གིས་དཔྱིད་རྨོད་དང་དབུལ་ཐར་ལས་ཀ་མཉམ་སྤེལ་བྱས།
  • དོ་སྣང་ཆེ་བའི་རྩོམ།