དཔལ་ཡུལ་རྫོང་གིས་ཐུམ་བུའི་ནད་ཀྱི་ཞིབ་བཤེར་དང་བདེ་ཐང་སློབ་གསོའི་བྱ་འགུལ་སྤེལ་བ།

    ཕུན་ཚོགས་སྒྲོལ་མས་བྲིས་ཤིང་པར་བླངས།    2018-04-17

ཐུམ་བུའི་ནད་ཞིབ་བཤེར་དང་བདེ་ཐང་སློབ་གསོའི་ལས་དོན་སྔར་ལས་ལྷག་པར་ཤུགས་རྒྱག་ཅིང་།ནན་ཏན་གྱིས་ཐུམ་བུའི་ནད་འགོས་པའི་མི་ངོས་འཛིན་དང་། དོ་དམ། ནད་བཅོས་བཅས་ཀྱི་ལས་ཀ་དམ་འཛིན་བྱེད་པ་དང་། ཐུམ་འབུའི་ནད་སྔ་མོ་ནས་ཞིབ་བཤེར་དང་། ངོས་འཛིན། ནད་བཅོས་སོགས་བྱེད་ཐུབ་པར་བྱས་ནས། རྒྱ་ཆེ་བའི་ཞིང་འབྲོག་མང་ཚོགས་ཀྱི་ལུས་པོའི་བདེ་ཐང་ལ་འགན་ལེན་དང་། ཐུམ་འབུའི་ནད་ཀྱིས་སྤྱི་ཚོགས་འཕེལ་རྒྱས་ལ་བཟོས་པའི་གནོད་པ་འགོག་ཐུབ་པའི་ཆེད་དུ། ཉེ་ཆར། དཔལ་ཡུལ་རྫོང་གིས་རྫོང་ནད་འགོག་ལྟེ་གནས་ཀྱི་མི་སྣ་སྒྲིག་འཛུགས་བྱས་ཏེ། ཨ་འཛི་དང་འདམ་ཐར་སོགས་སུ་སྨན་པ་མང་ཙམ་མངགས་ནས་ཁྱོན་ཡོངས་ནས་ཐུམ་འབུའི་ནད་ཞིབ་བཤེར་ཡང་ཡང་བྱས་པ་དང་ཆབས་ཅིག་བདེ་ཐང་སློབ་གསོའི་བྱེད་སྒོ་སྤེལ་བ་རེད།

བྱ་འགུལ་ཁྲོད་དུ། ནད་འགོག་ལྟེ་གནས་ཀྱི་ལས་སྒྲུབ་མི་སྣ་ཚོ་ཡུལ་ཚོ་རེ་དང་གྲོང་པ་རེ་རེར་བརྒྱུད་ནས། ས་དེ་གའི་ཞིང་འབྲོག་མང་ཚོགས་ལ་རིན་པ་མི་དགོས་པ་འདས་སྒྲའི་བརྟག་ཆས་ཀྱིས་བརྟག་དཔྱད་བྱས་པ་དང་། མི་རེ་རེ་བཞིན་དུ་ཐོ་འགོད་བྱས་པར་མ་ཟད་བརྟག་དཔྱད་ཁྲོད་ཀྱི་དོགས་པ་ཡོད་པ་དང་ནད་གཞི་གཏན་འཁེལ་བྱས་པའི་ནད་པ་གསར་རྙིང་གི་མི་སྣའི་གནས་ཚུལ་ལ་ཡང་ཡང་ཞིབ་བསྡུར་དང་པར་ལེན་པ་རེད། ནད་པ་ལ་དུས་ཐོག་ཏུ་སྨན་འཐུང་རྒྱུར་ལྟ་སྐུལ་དང་དུས་ཚོད་གཏན་འཁེལ་ནང་དུ་བསྐྱར་བཅོས་བྱས་པ་རེད། དུས་མཚུངས་སུ། སྐད་གཉིས་སྨན་པས་ས་གནས་དེ་གའི་ལུགས་སྲོལ་གོམས་གཤིས་དང་བསྟུན་ནས། ཐུམ་འབུའི་ནད་ཀྱི་ཁྱད་ཆོས་དང་བཅས་པ་ནན་ཏན་ངང་བདེ་ཐང་སློབ་གསོ་གཏོང་བ་དང་། རྒྱལ་ཁབ་ཀྱིས་ཐུམ་འབུའི་ནད་འགོག་བཅོས་ཐད་ཀྱི་སྲིད་ཇུས་དྲིལ་བསྒྲགས་བྱས་པར་བརྒྱུད། རྒྱ་ཆེ་བའི་མང་ཚོགས་མ་སྐུལ་དང་བླངས་ཀྱིས་ཐུམ་འབུའི་ནད་ཕྱོགས་བསྡུས་འགོག་བཅོས་ཀྱི་ལས་ཀའི་ནང་དུ་ཞུགས་པར་སྣེ་ཁྲིད་བྱསཔ་རེད།

ཤེས་རྟོགས་བྱུང་བར་གཞིགས་ན། ཐེངས་འདིའི་བྱ་འགུལ་ནང་དུ། མི་སྣ606ལ་ཞིབ་བཤེར་བྱས་པར་མ་ཟད། བྱ་འགུལ་དེ་རྒྱུན་མཐུད་དུ་སྤེལ་བཞིན་པའི་སྒང་རེད།།


  • ལེ་ཚན་སྔོན་མ།:སེར་ཤུལ་རྫོང་མི་དམངས་ཞིབ་དཔྱོད་ཁང་གིས2018ལོའི་བོད་རྒྱ་སྐད་གཉིས་ཀྱི་གསོ་སྦྱོང་ལས་དོན་གྲོས་ཚོགས་འཚོགས།
  • ལེ་ཚན་རྗེས་མ།:ཁུལ་ཡོངས་ཀྱི་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ལས་དོན་གྱི་ཚོགས་འདུ་འཚོགས།
  • དོ་སྣང་ཆེ་བའི་རྩོམ།