འབའ་སློབ་འབྲིང་གི་དགེ་སློབ་ཚོ་ལ་བསྟོད་བསྟོད་བསྟོད།

སྐལ་བཟང་ནོར་བུ་ནས།        2018-04-13

   འབའ་སློབ་འབྲིང་གི་དགེ་སློབ་ཚོ་ལ་བསྟོད་བསྟོད་བསྟོད།

  2018ལོའི་ཟླ4པའི་ཚེས12ཉིན་གྱི་ཕྱི་དྲོར།འབའ་ཐང་རྫོང་སློབ་འབྲིང་གིས་བོད་ཡིག་ཡིག་གཟུགས་འགྲན་བསྡུར་སྤེལ་བ་རེད།ཐེངས་འདིའི་ཡིག་གཟུགས་འགྲན་བསྡུར་ནང་དུ་སློབ་མ75དང་དགེ་རྒན27བཅས་ཁྱོན་བསྡོམས་མི་སྣ102ཞུགས་ཡོད།  

 འབའ་སློབ་འབྲིང་གི་དགེ་སློབ་ཚོ་ལ་བསྟོད་བསྟོད་བསྟོད།
འབའ་སློབ་འབྲིང་གི་དགེ་སློབ་ཚོ་ལ་བསྟོད་བསྟོད་བསྟོད།
འབའ་སློབ་འབྲིང་གི་དགེ་སློབ་ཚོ་ལ་བསྟོད་བསྟོད་བསྟོད།

 ཉིན་དེའི་ཕྱི་དྲོར་དགེ་སློབ་རྣམས་སྐས་ཐེམ་སློབ་ཁང་ནང་འཛོམས་ཏེ་ཡུལ་དངོས་ལ་ཡིག་གཟུགས་བྲིས་པ་དང་། མཐར་དགེ་རྒན་དང་སློབ་མའི་ཡིག་གཟུགས་ཁག་གཉིས་སུ་ཕྱེ་སྟེ། ཡུལ་དངོས་སུ་ཡིག་གཟུགས་ལེགས་པ་ཚོ་ལ་དཔྱད་བསྡུར་བྱས་ནས་ཨང་དང་པོ་གཅིག་དང་།   ཨང་གཉིས་པ་གཉིས། ཨང་གསུམ་པ་གཉིས་བཅས་བདམས་པ་རེད། བྱ་དགའ་ཐོབ་པའི་དགེ་སློབ་རྣམས་ལ་རྟེན་འབྲེལ་གྱི་ཚབ་ཏུ་བཀྲ་ཤིས་ལྷ་རེག་དཀར་པོ་ཡུག་རེ་མགུལ་དུ་བསྒྲོན་པ་དང་དངོས་པོའི་གཟེངས་རྟགས་ཕུལ། 

འབའ་སློབ་འབྲིང་གི་དགེ་སློབ་ཚོ་ལ་བསྟོད་བསྟོད་བསྟོད།
འབའ་སློབ་འབྲིང་གི་དགེ་སློབ་ཚོ་ལ་བསྟོད་བསྟོད་བསྟོད།
འབའ་སློབ་འབྲིང་གི་དགེ་སློབ་ཚོ་ལ་བསྟོད་བསྟོད་བསྟོད།
འབའ་སློབ་འབྲིང་གི་དགེ་སློབ་ཚོ་ལ་བསྟོད་བསྟོད་བསྟོད།

  མཇུག་ཏུ་སློབ་གཙོ་ལགས་ཀྱིས་བོད་ལ་བྲིས་ཀྱི་རིག་གནས་རྒྱ་ཆེ་བ་དང་གཏིང་ཟབ་པ་ཞིག་ཡོད་པས་ང་ཚོ་རྗེས་རབས་པ་ཚོས་མེས་པོའི་ཤུལ་བཞག་རིག་གནས་འདི་ཚོ་ངེས་པར་དུ་མ་ཉམས་གོང་འཕེལ་དང་ཉམས་པ་སོར་ཆུད་བྱེད་དགོས་ཞེས་གསུངས། ཐེངས་འདིའི་ཡིག་གཟུགས་བྱ་འགུལ་ལ་འབའ་སློབ་འབྲིང་གི་སློབ་གཙོ་དང་འབའ་ཐང་རྫོང་བཙལ་བ་གྲོང་སྡེའི་རྒན་མགོན་པོ་གཉིས་ཀྱིས་མི་རེ་རེས་སྒོར་སྟོང་གཅིག་ཞལ་འདེབས་ཕུལ་བ་རེད།།


  • ལེ་ཚན་སྔོན་མ།: ཉག་རོང་རྫོང་སྲིད་གྲོས་ཀྱིས་བརྟན་བརླིང་སྲུང་སྐྱོང་བྱེད་ཤུགས་ཆེ་རུ་བཏང་། 
  • ལེ་ཚན་རྗེས་མ།:གནའ་བྲོ་ཡག གནའ་བྲོ་ཡག མི་ཉག་གནའ་བྲོའི་ལྟད་མོ་ཡག
  • དོ་སྣང་ཆེ་བའི་རྩོམ།