རྒྱལ་ཡོངས་དམངས་ཆེན་གྱི་འཐུས་མི་གཉའ་རྒྱལ་མཚན་གྱིས་བོད་ཀྱི་གསོ་བ་རིག་པ་འཕེལ་རྒྱས་མགྱོགས་པོ་བྱུང་ནས་གཡག་རིན་པའི་རིལ་བུ་རྦད་དེ་ལོ་རྒྱུས་སུ་གྱུར་ཡོད་ཅེས་བཤད།

ཨ་མགོན་གྱིས་བསྒྱུར།        2018-03-15

    གཉའ་རྒྱལ་མཚན་ལ་རྒྱལ་ཡོངས་དམངས་ཆེན་གྱི་འཐུས་མིའི་ཐོབ་ཐང་ཕུད་ཁ། ཁོ་ནི་དཀར་མཛེས་ཁུལ་བོད་སྨན་ཁང་གི་འགོ་གཙོ་གཞོན་པ། རྒྱལ་ཁབ་རིམ་པའི་གཟུགས་མེད་རིག་གནས་ཤུལ་བཞག་ཟུར་ལུགས་ཀྱི་བརྒྱུད་འཛིན་པ་ཡིན་པ་རེད། བོད་ཀྱི་གསོ་བ་རིག་པའི་ཁྱབ་ཁོངས་ནང་གི་སྔོན་ཁྲིད་མི་སྣ་ཡིན་ཕྱིར། རྒྱལ་ཡོངས་ཀྱི་ཚོགས་ཆེན་གཉིས་འཚོག་པའི་སྐབས་སུ་གཉའ་རྒྱལ་མཚན་གྱིས་བོད་ཀྱི་གསོ་བ་རིག་པའི་འཕེལ་ཕྱོགས་ལ་ལྷག་པར་དུ་དོ་ཁུར་བྱས་པ་རེད།

    གཉའ་རྒྱལ་མཚན་གྱིས་མྱོང་ཚོར་ཟབ་མོས་བཤད་དོན། བཅིངས་འགྲོལ་སྔོན་ལ་བོད་ཀྱི་སྨན་པ་ཧ་ཅང་དཀོན་པོ་ཡིན་ཞིང་། བོད་སྨན་གྱི་རིན་གོང་ཧ་ཅང་མཐོན་པོ་ཡིན་པ་རེད། ཞིང་འབྲོག་མི་སེར་ཡོངས་རྫོགས་ཀྱིས་བོད་སྨན་གྱི་ཞབས་ཕྱི་ལོངས་སུ་སྤྱོད་ཐུབ་ལེ་མ་རེད། དཔེར་ན་ད་ལྟའི་རྒྱུན་སྤྱོད་བོད་སྨན་རིལ་བུ་མུ་ཏིག་བདུན་བཅུ་ལྟ་བུར་ཆ་བཞག་ནས་བཤད་ན། བཅིངས་འགྲོལ་སྔོན་རིལ་བུ་གཅིག་ལ་གཡག་གཅིག་རི་བས་གཡག་རིན་རིལ་བུ་ཡང་ཟེར་སྲོལ་ཡོད་་པས་སྤྱིར་བཏང་གི་མི་སེར་ཚོས་ཉོ་ཐུབ་ལེ་མ་རེད། བཅོས་བསྒྱུར་སྒོ་འབྱེད་སྔོན་དུ་བོད་སྨན་གྱི་འཕེལ་རྒྱས་སྔར་བཞིན་དལ་པོ་ཡིན་ཞིང་། སྡེ་དགེ་རྫོང་ལ་ཐུན་མོང་ལ་དབང་བའི་མཉམ་ལས་བོད་སྨན་ཁང་ཞིག་ཡོད་པ་ཕུད་ཁ། དཀར་མཛེས་ཁུལ་ལ་བོད་སྨན་ཁང་གཅིག་ཀྱང་མེད་པ་རེད། བཅོས་བསྒྱུར་སྒོ་འབྱེད་བྱས་རྗེས། རྒྱལ་ཁབ་ཀྱིས་རྒྱ་ལུགས་སྨན་བཅོས་ལས་རིགས་འཕེལ་རྒྱས་གཏང་རྒྱུར་མཐོང་ཆེན་བྱས་ཏེ་མ་དངུལ་གཏོང་འཇོག་བྱེད་ཤུགས་ཆེ་རུ་གཏོང་བ་དང་ཆབས་ཅིག དཀར་མཛེས་ཁུལ་གྱིས་ཀྱང་སྦྲེལ་མཐུད་དུ་བོད་སྨན་ཁང་བཙུགས་ནས་བོད་སྨན་ཞིབ་འཇུག་གསར་བཟོ་བྱས་མཐར། ཞིབ་འཇུག་གསར་བཟོའི་ལས་རིགས་འཕེལ་རྒྱས་མགྱོགས་པོ་བྱུང་ནས་གཞི་ཁྱོན་ཅན་གྱི་ཐོན་སྐྱེད་རྣམ་པ་ཆགས་ཏེ་གཡག་རིན་པའི་རིལ་བུ་རྦད་དེ་ལོ་རྒྱུས་སུ་གྱུར་པ་འདི་ནི་བོད་ཀྱི་གསོ་བ་རིག་པ་འཕེལ་རྒྱས་མཚོན་ཚུལ་ཞིག་རེད།

གཉའ་རྒྱལ་མཚན་གྱིས་གོང་རིམ་གྱི་ཐུགས་ཁུར་དང་རྒྱབ་སྐྱོར་འོག མིག་སྔར་དཀར་མཛེས་ཁུལ་གྱི་ཤང(གྲོང་རྡལ)བརྒྱ་ཆ80ཡི་འཕྲོད་བསྟེན་ཁང་དུ་བོད་སྨན་ཁང་ཡོད་པ་དང་བརྒྱ་ཆ50གྲོང་སྡེའི་ནང་བོད་སྨན་ཞབས་ཕྱི་བྱེད་མཁན་ཡོད་པས་མང་ཚོགས་ཀྱི་བདེ་ཐང་ལ་གཞི་རྩའི་འགན་སྲུང་ཡོད་པ་རེད། མིག་སྔར་བོད་ཀྱི་གསོ་བ་རིག་པ་འཕེལ་རྒྱས་གཏོང་བར་ཐེབས་པའི་ཚོད་འཛིན་ཆེས་ཆེ་ཤོས་ནི་ཤེས་ལྡན་མི་སྣའི་གནད་དོན་ཡིན་ཞིང་། སློབ་མ་ཚོ་སློབ་གྲྭ་ཆེན་པོ་ནས་སློབ་མཐར་ཕྱིན་རྗེས་ཐོབ་ཆ་དང་ཡང་ན་རྒྱང་རིང་ཡིན་པར་དོགས་ནས་བོད་ཁུལ་དུ་ལས་དོན་སྒྲུབ་ས་འོང་འདོད་མེད་པས་བོད་ཀྱི་གསོ་བ་རིག་པའི་ཆེད་ལས་མི་སྣ་གསོ་སྐྱོང་བྱས་ནས་ཤེས་ལྡན་མི་སྣ་གསོག་འཇོག་བྱ་རྒྱུར་གནོན་ཤུགས་ཆེན་པོ་ཡོད་པ་རེད། དཀར་མཛེས་ཁུལ་ལ་མིག་སྔར་གཞུང་འཛུགས་བོད་སྨན་ཁང19ཡོད་མོད། བོད་ཀྱི་གསོ་བ་རིག་པའི་ཆེད་ལས་མི་སྣའི་བསྡོམས་འབོར་མི426མ་གཏོགས་མེད་པ་རེད། ང་ཚོས་ལོ་ཆུང་དེ་བས་མང་པོ་དཔུང་སྡེ་འདིའི་ནང་ཞུགས་རྒྱུའི་རེ་སྒུག་དང་དགའ་བསུ་བྱེད་ངེས་ཡིན་ཞེས་བཤད་པ་རེད།། 


  • ལེ་ཚན་སྔོན་མ།:རང་ཁུལ་གྱི་ས་གནས་དང་སྡེ་ཁག་སོ་སོས་ཚ་ཚ་འུར་འུར་གྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་སི་ཁྲོན་དུ་རྟོག་ཞིབ་ཕེབས་སྐབས་གནང་བའི་གསུང་བཤད་ཀྱི་དགོངས་དོན་སློབ་སྦྱོང་དང་ལག་ལེ
  • ལེ་ཚན་རྗེས་མ།:རང་བཤེར་བྱས་ཏེ་ཞན་ཆ་གསབ། དབུལ་ཐར་འགག་སྒྲོལ་ཤུགས་ཀྱིས་སྤེལ།
  • དོ་སྣང་ཆེ་བའི་རྩོམ།