དར་མདོ་གྲོང་ཁྱེར་གྱིས་དགོངས་དོན་གཞི་རིམ་དུ་སྒྲོག་འགྲེལ་གྱི་བྱེད་སྒོ་སྤེལ།

ཨ་མགོན་གྱིས་བསྒྱུར།        2018-03-13

ཉིན་ཤས་བསྟུད་མའི་རིང་ལ་དར་མདོ་གྲོང་ཁྱེར་གྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སི་ཁྲོན་དུ་རྟོག་ཞིབ་མཛད་སྐབས་གནང་བའི་གལ་ཆེ་བའི་གསུང་བཤད་ཀྱི་དགོངས་དོན་གཞི་རིམ་དུ་ཆེད་དོན་སྒྲོག་འགྲེལ་བྱེད་པའི་བྱེད་སྒོ་སྤེལ་བ་རེད།

དར་མདོ་གྲོང་ཁྱེར་གྱིས་ཐེངས་འདིར་སྤེལ་བའི་ཆེད་དོན་སྒྲོག་འགྲེལ་ནི་གྲོང་ཁྱེར་དང་ཤང(གྲོང་རྡལ) ། གྲོང་གསེབ(འདུས་སྡེ་ཁུལ)བཅས་རིམ་པ་གསུམ་ལ་ཁྱབ་པ་བྱས་ཡོད། གཅིག་ནི་གྲོང་ཁྱེར་རིམ་པའི་འགོ་ཁྲིད་ཀྱིས་ཉེ་བའི་དུས་རིམ་ནང་གི་གཙོ་གནད་ལས་ཀ་དང་ཟུང་འབྲེལ་བྱས་ཏེ་རང་རང་སོ་སོའི་འབྲེལ་བ་བྱེད་སར་ཕྱིན་ནས་ཞིང་འབྲོག་མང་ཚོགས་ལ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སི་ཁྲོན་དུ་རྟོག་ཞིབ་མཛད་སྐབས་གནང་བའི་གསུང་བཤད་ཀྱི་དགོངས་དོན་སྒྲོག་འགྲེལ་བྱས་པ་རེད། གཉིས་ནི་གྲོང་ཁྱེར་ཐད་གཏོགས་ལས་ཁུངས་ནས་རིགས་པའི་གཞུང་ལུགས་ཀྱི་རྨང་གཞི་ཡོད་པ་དང་སྒྲོག་འགྲེལ་བྱེད་པའི་འཇོན་ཐང་ཡོད་པའི་ཏང་སྲིད་འགོ་ཁྲིད་ལས་བྱེད་པ31སྐོང་འཐེན་བྱས་ནས་སྒྲོག་འགྲེལ་ཚོ་ཆུང་བཞི་སྒྲིག་འཛུགས་བྱས་མཐར། གྲོང་ཁྱེར་རིམ་པའི་ལས་ཁུངས་དང་དགོན་སྡེ། ཤང(གྲོང་རྡལ་དང་འདུས་སྡེ་ཁུལ)། གྲོང་སྡེ་བཅས་རིམ་པ་བཞི་ལ་སྒྲོག་འགྲེལ་བྱས་པ་རེད། གསུམ་ནི་ལས་ཁུངས་སོ་སོས་རང་ཉིད་ལས་རིགས་ཀྱི་ཁྱད་ཆོས་དང་ཟུང་འབྲེལ་བྱས་ཏེ་སློབ་སྦྱོང་བྱེད་པའི་དུས་ཚོད་བཀོལ་སྤྱོད་བྱས་ནས་སྒྲོག་འགྲེལ་བྱ་རྒྱུའི་བརྗོད་གཞི་ཞིབ་འཇུག་བྱས་པ་རེད།

བསྡོམས་རྩིས་རགས་ཙམ་བྱས་པར་གཞིགས་ན། མིག་སྔའི་བར་དུ་སྒྲོག་འགྲེལ་བྱེད་སྒོ་ཐེངས37སྤེལ་ཡོད་པ་དང་། ཞིང་འབྲོག་མང་ཚོགས་མི4300ལྷག་གིས་སྒྲོག་འགྲེལ་ལ་ཉན་འཇོག་བྱས་ཡོད་པ་རེད།།


  • ལེ་ཚན་སྔོན་མ།:ལིའུ་ཁྲེང་མིང་གིས་རྟའུ་རྫོང་དུ་བརྟག་དཔྱད་ཞིབ་འཇུག་དང་ལྟ་སྐུལ་ཁྲིད་སྟོན་གནང་།
  • ལེ་ཚན་རྗེས་མ།:རང་ཁུལ་གྱིས་ད་ལོར་ཡུལ་སྐོར་ཐད་བྱེད་ཐབས་བཞི་སྤྱད་དེ་ས་ཁོངས་ཡོངས་ཀྱི་ཡུལ་སྐོར་འཕེལ་རྒྱས་སྐས་རིམ་གསར་པར་བསླེབ་པར་སྐུལ་འདེད་བཏང་།
  • དོ་སྣང་ཆེ་བའི་རྩོམ།