རང་ཁུལ་གྱི་སློབ་གྲྭ་ཁག་གིས་རྒྱལ་གཅེས་དང་གུས་ལུགས་སློབ་གསོ་སོགས་སློབ་ འགོ་བཙུགས་པའི་སློབ་ཐུན་དང་པོའི་འཁྲིད་བྱར་བྱས།

དབྱངས་ཅན་དང་ཀུན་དགས་བསྒྱུར།        2018-03-12

དར་མདོ་སློབ་འབྲིང་།

    ཟླ་བ3པའི་ཚེས5ཉིན་ནི་དར་མདོ་སློབ་འབྲིང་དང་སློབ་ཆུང་གཉིས་སློབ་འགོ་བཙུགས་པའི་དུས་ཚོད་ཡིན་པ་རེད།  ཞོགས་པར་སློབ་གྲྭ་དེ་གཉིས་ཀྱི་ལུས་རྩལ་ཐང་ཆེན་དུ་རྒྱལ་གླུའི་སྐད་གསང་སྙན་ཞིང་། སྐར་ལྔའི་དར་དམར་ལྷབ་ལྷུབ་ཏུ་བསྒྲེངས་ནས། སློབ་གྲྭ་གཉིས་ཀྱིས་ཁག་བགོས་ནས་སློབ་འགོ་བཙུགས་པ་དང་རྒྱལ་དར་སྒྲེང་པའི་མཛད་སྒོ་གཟབ་རྒྱས་ངང་སྤེལ་ཞིང་།  སློབ་གྲྭའི་དགེ་སློབ་ཡོངས་ཀྱི་མི་གྲངས5000ལྷག་སློབ་འགོ་བཙུགས་པའི་མཛད་སྒོ་ནང་ཞུགས་པ་རེད།

    ཉིན་དེར་སློབ་གྲྭའི་འཛིན་གྲྭ་སོ་སོས་ད་དུང་སློབ་འགོ་བཙུགས་པའི་སློབ་ཐུན་དང་པོས་བརྗོད་དོན་བྱས་པའི་འཛིན་གྲྭའི་གྲོས་ཚོགས་འཚོགས་ནས། སློབ་མ་རྣམས་ལ་སློབ་སྦྱོང་བྱེད་ཐབས་དང་གོམས་འདྲིས་བཟང་པོ་ཆགས་ཚུལ། སེམས་ཁམས་ཁྲིད་སྟོན་སོགས་ཀྱི་སློབ་གསོ་བྱས་པ་རེད།

རང་ཁུལ་གྱི་སློབ་གྲྭ་ཁག་གིས་རྒྱལ་གཅེས་དང་གུས་ལུགས་སློབ་གསོ་སོགས་སློབ་ འགོ་བཙུགས་པའི་སློབ་ཐུན་དང་པོའི་འཁྲིད་བྱར་བྱས།
དར་མདོ་གྲོང་ཁྱེར་མི་ཉག་ལྟག་སྒོ་སློབ་ཆུང་གིས་སློབ་མ་ཚོར་ཁྲིམས་ལུགས་སློབ་གསོ་བྱེད་བཞིན་པའི་ཚུལ།

     ཉིན་དེར་དར་མདོ་གྲོང་ཁྱེར་ཧུའེ་རིགས་སློབ་ཆུང་དང་མི་རིགས་སློབ་ཆུང་། གྲོང་ཁྱེར་གསར་པའི་ཚོད་ལྟའི་སློབ་ཆུང་། མི་ཉག་ལྟག་སྒོ་སློབ་ཆུང་སོགས་ཀྱིས་གཏམ་བཤད་རྣམ་པའི་ཐོག་ནས་རྒྱལ་གཅེས་སློབ་གསོ་དང་སྲོལ་རྒྱུན་རིགས་གནས་ཀྱི་བག་ཆགས།  སྐྱེ་ཁམས་དཔལ་ཡོན་དྲིལ་བསྒྲགས། བདེ་འཇགས་ཀྱི་ཤེས་བྱ། གོམས་གཤིས་ཡག་པོར་ཆགས་པ།་དང་ འགན་འཁྲི་ཡག་པོར་ཁུར་བ་བཅས་སྣ་མང་ཤེས་བྱ་ཁྱབ་གདལ་བཏང་ནས་ཐུན་མོང་ཐོག་འཚར་ལོངས་ཡོང་བ་དང་ནར་སོན་རྗེས་རྒྱལ་ཁབ་ལ་ཕན་ཐོགས་པའི་མི་ཞིག་ལ་འགྱུར་ཆེད་སློབ་མ་ཚོར་སློབ་འགོ་ཚུགས་པའི་སློབ་ཐུན་དང་པོ་ཡག་པོར་ཁྲིད་ཡོད་པ་རེད།


འབའ་ཐང་རྫོང་།

ཟླ་བ3པའི་ཚེས1ཉིན་གྱི་སྔ་དྲོར། འབའ་ཐང་རྫོང་འབའ་གཞས་སློབ་ཆུང་གིས་སློབ་མ་རྣམས་ལ་དོན་སྙིང་ལྡན་པའི་སློབ་ཐུན་དང་པོ་ཞིག་འཚོགས་ཤིང་། སློབ་གྲྭའི་ཀུན་སྤྱོད་སློབ་གསོ་ཁྲུའུ་ཡི་ཀྲུའུ་རེན་གྱིས《ཡ་རབས་ཚུལ་ལྡན་གྱི་གུས་སྲོལ་མཛད་སྒོའི་གྲོས་གཞི་འདོན་ཡིག》སྒྲོག་འགྲེལ་བྱས་ཏེ།  སློབ་གྲྭ་དེའི་སྐབས་དང་པོའི་ཡ་རབས་ཚུལ་ལྡན་གྱི་གུས་སྲོལ་མཛད་སྒོ་ཟླ་བའི་བྱ་སྤྱོད་སྤེལ་འགོ་བཙུགས་པ་རེད།།

ཕྱག་ཕྲེང་རྫོང་།

    ལོ་གཅིག་གི་འཆར་གཞི་འགྲུབ་མིན་དཔྱིད་ཀར་ཐུག ཉིན་གཅིག་འཆར་གཞི་འགྲུབ་མིན་ཞོགས་པར་ཐུག ཟླ་བ3པའི་ཚེས5ཉིན་ཕྲུ་གུ་ཚོའི་དགོད་སྒྲ་དང་སྦྲགས་ཏེ་ཕྱག་ཕྲེང་རྫོང་སྐད་གཉིས་བྱིས་པ་ཁང་གིས2018ལོའི་སློབ་དུས་གསར་པར་བསུ་མ་བྱས་པ་རེད།

   བྱིས་པ་ཁང་གིས་ཉེན་མེད་དོ་དམ་ཡོང་བའི་ལས་ཀ་སྔར་བས་ཇེ་དྲག་ཏུ་གཏོང་བ་དང་། དགེ་སློབ་ཡོངས་ཀྱི་བདེ་འཇགས་དང་། ཁོར་ཡུག་སྲུང་སྐྱོང་། ཡ་རབས་ཚུལ་ལྡན་གྱི་འདུ་ཤེས་སོགས་ཇེ་དྲག་ཏུ་གཏོང་ཆེད། བྱིས་པ་ཁང་དུ་བདེ་འཇགས་ནི་ངའི་གྲོགས་པོ་ཡིན་ལ། ཁོར་སྲུང་དང་གུས་ལུགས་མཛད་སྒོ་ངའི་ཕྱིར་བཞིན་འབྲང་ཞེས་བརྗོད་དོན་གཙོ་བོར་བྱས་པའི་སློབ་འགོ་བཙུགས་པའི་སློབ་ཐུན་དང་པོའི་བྱེད་སྒོ་སྤེལ་ནས། སློབ་མ་རྣམས་ལ་བདེ་འཇགས་དང་། འཕྲོད་བསྟེན། ཁོར་ཡུག་སྲུང་སྐྱོང་དང་བྱ་སྤྱོད་གོམ་འདྲིས་སོགས་ཀྱི་སློབ་གསོ་བརྒྱབ་པ་དང་། སློབ་མ་རྣམས་ལ་ཁྲིམས་ལུགས་བདེ་འཇགས་དང་། ཡ་རབས་ཚུལ་ལྡན་གྱིས་འགྲིམ་འགྲུལ་བྱེད་པ། བཟའ་བཅའ་ཉེན་མེད་ཡོང་བ། ཆམ་རིམ་དང་དཔྱིད་དུས་རིམས་ནད་སྔོན་འགོག་སོགས་ཀྱི་སློབ་གསོ་བྱས་ནས། ཉེན་མེད་བདེ་འཇགས་ཡོང་བར་དོགས་ཟབ་བྱ་རྒྱུ་དང་། མི་ཚང་མར་ཡ་རབས་ཚུལ་ལྡན་ཡིན་པ་དང་། མི་ཚང་མས་གུས་ལུགས་མཛད་སྒོ་ཤེས་པ། མི་ཚང་མར་ཉེན་མེད་བདེ་འཇགས་ཡོང་བར་ཁག་ཐེག་བྱེད་པའི་ཡ་རབས་ཚུལ་ལྡན་གྱི་སློབ་གྲྭའི་རྣམ་པ་ཞིག་ཆགས་ཐུབ་པར་བྱ་དགོས་པའི་སློབ་གསོ་བརྒྱབ་པ་རེད།


རང་ཁུལ་གྱི་སློབ་གྲྭ་ཁག་གིས་རྒྱལ་གཅེས་དང་གུས་ལུགས་སློབ་གསོ་སོགས་སློབ་ འགོ་བཙུགས་པའི་སློབ་ཐུན་དང་པོའི་འཁྲིད་བྱར་བྱས།
ལྕགས་ཟམ་རྫོང་གངས་དཀར་སློབ་ཆུང་གིས་སློབ་མ་ཚོར་སློབ་འགོ་ཚུགས་པའི་སློབ་ཐུན་དང་པོ་འཁྲིད་བཞིན་པའི་ཚུལ།

རང་ཁུལ་གྱི་སློབ་གྲྭ་ཁག་གིས་རྒྱལ་གཅེས་དང་གུས་ལུགས་སློབ་གསོ་སོགས་སློབ་ འགོ་བཙུགས་པའི་སློབ་ཐུན་དང་པོའི་འཁྲིད་བྱར་བྱས།
དར་མདོ་སློབ་འབྲིང་དུ་སློབ་འགོ་བཙུགས་པའི་མཛད་སྒོ་སྤེལ་བཞིན་པའི་ཚུལ།

རང་ཁུལ་གྱི་སློབ་གྲྭ་ཁག་གིས་རྒྱལ་གཅེས་དང་གུས་ལུགས་སློབ་གསོ་སོགས་སློབ་ འགོ་བཙུགས་པའི་སློབ་ཐུན་དང་པོའི་འཁྲིད་བྱར་བྱས།

འབའ་ཐང་རྫོང་འབའ་གཞས་སློབ་ཆུང་གི་སློབ་མ་ཚོས་གུས་སྲོལ་སྦྱར་ཡིག་ཐོག་རང་མིང་འགོད་ བཞིན་པའི་ཚུལ།


    ཉིན་དེར་རྫོང་དེའི་ཁྲེང་ཀོན་སློབ་ཆུང་དང་། ཕྲེང་སྟོད་ཞག་སྡོད་ལམ་ལུགས་ཀྱི་སློབ་ཆུང་། ཉི་སེར་ཞག་སྡོད་ལམ་ལུགས་ཀྱི་སློབ་ཆུང་། རྫོང་སློབ་འབྲིང་སོགས་ལ་ཡ་རབས་ཚུལ་ལྡན་དང་། ཁྲིམས་སྐྱོང་། གུས་ལུགས་ཚུལ་ལྡན། གོམས་སྲོལ་བཟང་པོ་དང་ཁྱིམ་སྲོལ་བཟང་པོ་སོགས་ཀྱིས་བརྗོད་དོན་གཙོ་བོ་བྱས་པའི་སློབ་འགོ་བཙུགས་པའི་སློབ་ཐུན་དང་པོའི་བྱེད་སྒོ་སྤེལ་ནས། སློབ་གྲྭའི་དགེ་སློབ་ཡོངས་ཀྱི་ཉེན་མེད་བདེ་འཇགས་ཡོང་བའི་འདུ་ཤེས་ཇེ་དྲག་ཏུ་གཏོང་བ་དང་། ཁོ་ཚོའི་བདེ་འཇགས་དང་། ཁོར་སྲུང་། གུས་ལུགས་མཛད་སྒོ། ཡ་རབས་ཚུལ་ལྡན། བསྙེན་བཀུར། ཁྲིམས་སྐྱོང་ལས་ཀའི་གལ་ཆེན་རང་བཞིན་དང་ཛ་དྲག་གི་རང་བཞིན་བཅས་ལ་ངོས་འཛིན་ཇེ་དྲག་ཏུ་བྱུང་ནས། བདེ་འཇགས་ཀྱི་སློབ་གྲྭའི་ཁོར་ཡུག་བསྐྲུན་ཐུབ་པར་བསམ་བློའི་རྨང་གཞི་བཏིང་ཡོད་པ་རེད།།


དཀར་མཛེས་རྫོང་།

     ཟླ་བ3པའི་ཚེས5ཉིན་གུང་གསེང་དུས་རིམ་དུ་འཇམ་ཐིང་ཐིང་དུ་གནས་པའི་སློབ་གྲྭའི་ར་བའི་ནང་སྔར་བཞིན་དགོད་སྒྲས་ཁེངས་ནས། དཀར་མཛེས་རྫོང་གི་སློབ་གྲྭ་ཆུང་འབྲིང་སོ་སོས་སློབ་འགོ་བཙུགས་པའི་སློབ་ཐུན་དང་པོར་བསུ་མ་བྱེད་བཞིན་པ་རེད།

རྫོང་དེའི་ཁྲེང་ཀོན་ཆ་ཚང་སློབ་ཆུང་གསུམ་པའི་ལོ་རིམ་སོ་སོས་མི་ཚེའི་གོམ་སྟབས་དང་པོ་ཡག་པོ་སྤོ་ཞེས་པས་བརྗོད་དོན་གཙོ་བོ་བྱས་ཤིང་། ཁྱོད་ཀྱི་མི་ཚེའི་གོམ་སྟབས་དང་པོ་གང་ཡིན་པ་དང་། ཁྱོད་རང་གིས་ཇེ་ལྟར་བྱས་ཏེ་མི་ཚེའི་གོམ་སྟབས་དང་པོ་སྤོ་རྒྱུ་ཡིན་ཞེས་པའི་གནད་དོན་གཉིས་ལ་དམིགས་ནས། སློབ་མ་རྩ་འཛུགས་བྱས་ཏེ་གྲོས་བསྡུར་དང་མྱོང་ཚོར་བརྗེ་རེས་དང་། གྱེར་འདོན་བྱེད་པ། གཏམ་བཤད། ཁ་དཔེ་བཤད་པ། PPTལ་ལྟ་བ། དཔེ་ཀློག་གྲོས་ཚོགས་འཚོགས་པ་སོགས་བྱེད་ཐབས་སྣ་མང་བརྒྱུད་ནས། རང་ཉིད་ཀྱི་མི་ཚེའི་གོམ་སྟབས་དང་པོར་གོ་བ་ལོན་ཚུལ་དང་ཕྱིན་ཆད་ཀྱི་ལས་སྟངས་བཤད་པ་དང་རང་ཉིད་ཀྱི་དམིགས་འབེན་དང་འགན་འཁྲི་གསལ་པོར་བྱས་པ་རེད།

     ཤེས་རྟོགས་བྱུང་བར་གཞིགས་ན། ཉིན་དེར་རྫོང་དེའི་སློབ་གྲྭ་ཆུང་འབྲིང་མང་པོ་དང་བྱིས་པ་ཁང་དུ་བྱེད་ཐབས་སྣ་མང་དང་ནང་དོན་ཕུན་སུམ་ཚོགས་པའི་བབྱེད་སྒོ་སྤེལ་ནས་སློབ་འགོ་བཙུགས་པའི་སློབ་ཐུན་དང་པོ་ཡག་པོ་འཚོགས་པ་རེད།།

 

ལྕགས་ཟམ་རྫོང་།
     ཟླ་བ3པའི་ཚེས5ཉིན། ལྕགས་ཟམ་རྫོང་སློབ་གྲྭ་ཆུང་འབྲིང་ཁག་གིས་སློབ་འགོ་ཚུགས་པའི་དུས་ཚིགས་སུ་རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོ་དང་སྲོལ་རྒྱུན་རིག་གནས་ཀྱི་བག་ཆགས། སྐྱེ་ཁམས་དཔལ་ཡོན་དྲིལ་བསྒྲགས་དང་བདེ་འཇགས་ཤེས་བྱ་ཁྱབ་གདལ་གཏོང་བ་བཅས་ཀྱི་སྐོར་ལ་དམིགས་ནས་སློབ་འགོ་ཚུགས་པའི་སློབ་ཐུན་དང་པོ་ཡག་པོར་ཁྲིད་ཡོད་ཅིང་། སློབ་གྲྭ་ཆུང་འབྲིང་ཁག་གིས་སོ་སོའི་ཁྱད་ཆོས་ལ་གཞིགས་ནས་སློབ་མའི་ཡང་དག་པའི་མི་ཚེའི་ལམ་བུ་ཐོག་རེ་བ་དང་བྱེད་ཐབས་གང་མང་བཏོན་ཡོད་པ་རེད།

 

རོང་བྲག་རྫོང་།

     ཟླ་བ3པའི་ཚེས5ཉིན། རོང་བྲག་རྫོང་གི་སློབ་གྲྭ་ཆུང་འབྲིང་ཁག་གིས་སློབ་འགོ་ཚུགས་པའི་ཉིན་དང་པོར་བསུ་བཞིན་ཡོད་ཅིང་། སློབ་དུས་གསར་པའི་སློབ་ཐུན་དང་པོར་སློབ་གྲྭ་འབྲིང་ཆུང་ཁག་གི་སློབ་མ་མང་པོ་ཞིག་གིས་ཕ་ཡུལ་ལ་དགའ་བ་དང་མེས་རྒྱལ་ལ་དགའ་བ། ཤེས་དཔལ་ལ་དོ་སྣང་དང་སྒྲིག་ཁྲིམས་བརྩི་སྲུང་། བྱ་སྤྱོད་དང་གོམས་གཤིས་ཡག་པོར་ཆགས་པའི་སློབ་མའི་ཀུན་སྤྱོད་སློབ་གསོའི་སྐོར་ལ་ཤུགས་བརྒྱབ་ཡོད་པ་རེད།


  • ལེ་ཚན་སྔོན་མ།:ཞའོ་ཡིའུ་ཚའེ་ཡིས་དཀར་མཛེས་ཁུལ་གྱིས་ས་ཁོངས་ཡོངས་སུ་ཡུལ་སྐོར་འཕེལ་རྒྱས་གཏོང་བའི་སྤུས་ཚད་ཕྱོགས་ཡོངས་ནས་མཐོར་འདེགས་གཏོང་བར་སྐུལ་འདེད་གཏོང་གང་ཐུབ་བྱ་རྒྱུ་ཡིན་ཞེས་གསུ
  • ལེ་ཚན་རྗེས་མ།:གསར་འགྱུར་གནད་བསྡུས།
  • དོ་སྣང་ཆེ་བའི་རྩོམ།