ལི་ཁེ་ཆང་གིས་མི་རིགས་དང་། ཆོས་ལུགས། ཕྱིར་སྡོད་རང་མིའི་ལས་དོན་སྐོར་གླེང་བ།

    ཀྲུང་གོའི་བོད་སྐད་རླུང་འཕྲིན་དྲ་བ།    2018-03-09

   ཤིན་ཧྭ་གསར་འགྱུར་ཁང་ནས་སྤེལ་བའི་གནས་ཚུལ། སྤྱི་ཚེས་༥ཉིན་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཁེ་ཆང་གིས་སྲིད་གཞུང་ལས་དོན་སྐོར་གྱི་སྙན་ཞུ་གནང་སྐབས། མི་རིགས་ས་ཁུལ་གྱི་རང་སྐྱོང་ལམ་ལུགས་རྒྱུན་འཁྱོངས་དང་འཐུས་སྒོ་ཚང་དུ་གཏོང་རྒྱུ་དང་། ཏང་གི་མི་རིགས་སྲིད་ཇུས་ཁྱོན་ཡོངས་ནས་ལག་ལེན་བསྟར་རྒྱུ། མུ་མཐུད་དེ་མི་རིགས་ས་ཁུལ་དང་མི་འབོར་ཅུང་ཉུང་བའི་གྲངས་མི་རིགས་གོང་འཕེལ་ཡོང་བར་རྒྱབ་སྐྱོར་བྱེད་རྒྱུར་ཤུགས་སྣོན་རྒྱག་རྒྱུ། ཀོང་ཤི་ཀྲོང་རིགས་རང་སྐྱོང་ལྗོངས་དང་ཉིང་ཤ་ཧུའེ་རིགས་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་60འཁོར་བར་རྟེན་འབྲེལ་ཞུ་བའི་བྱེད་སྒོ་སྒྲིག་འཛུགས་ཡག་པོ་བྱ་རྒྱུ། མི་རིགས་ཁག་གི་སྤེལ་རེས་སྦྲེལ་མཐུད་ལ་ཤུགས་སྣོན་བརྒྱབ་ནས། ཀྲུང་ཧྭ་མི་རིགས་ཀྱི་ཐུན་མོང་མ་ལག་གི་གཞི་རྩ་དེ་བས་སྲ་བརྟན་དང་འབྲེལ་མཐུད་དེ་བས་དམ་དུ་གཏོང་དགོས་ཞེས་གསུངས་ཡོད་པ་རེད། 
   ལི་ཁེ་ཆང་གིས་ཁྱོན་ཡོངས་ནས་ཏང་གི་ཆོས་ལུགས་ལས་དོན་གྱི་གཞི་རྩའི་བྱེད་ཕྱོགས་ལག་ལེན་བསྟར་རྒྱུ་དང་། རང་རྒྱལ་ཆོས་ལུགས་ཀྱི་ཀྲུང་གོ་ཅན་གྱི་ཁ་ཕྱོགས་རྒྱུན་འཁྱོངས་ཀྱིས་ཆོས་ལུགས་འབྲེལ་བ་སྐྱོན་བྲལ་འཆམ་མཐུན་ཡོང་བར་སྐུལ་འདེད་གཏོང་རྒྱུ་དང་ཆོས་ལུགས་ལས་རིགས་མི་སྣ་དང་ཆོས་དད་མང་ཚོགས་ཀྱིས་དཔལ་འབྱོར་སྤྱི་ཚོགས་གོང་འཕེལ་ལ་སྐུལ་འདེད་གཏོང་བའི་ཁྲོད་ཀྱི་དགེ་མཚན་ལྡན་པའི་ནུས་པ་འདོན་སྤེལ་བྱེད་དགོས་ཞེས་གསུངས་པ་རེད།      ཕྱིར་སྡོད་རང་མིའི་ལས་དོན་གྱི་སྲིད་ཇུས་དོན་འཁྱོལ་ནན་ཏན་བྱེད་རྒྱུ་དང་ཕྱིར་སྡོད་རང་མི་དང་ཕྱིར་ལོག་རང་མི་དང་ཕྱིར་སྡོད་རང་མིའི་ཁྱིམ་མིའི་ཁྲིམས་མཐུན་ཁེ་དབང་སྲུང་སྐྱོབ་བྱས་ཏེ། ཁོང་ཚོས་རྒྱལ་ཁབ་དེང་རབས་ཅན་དུ་འཛུགས་སྐྲུན་བྱེད་པའི་ཁྲོད་དུ་དམིགས་བསལ་གྱི་བཟང་ཆ་དང་ནུས་པ་གལ་ཆེན་འདོན་སྤེལ་བྱ་རྒྱུར་དེ་བས་ལེགས་པའི་ཆ་རྐྱེན་གཏོད་དགོས་པ་དང་། རྒྱལ་ཁབ་ཕྱི་ནང་གི་ཀྲུང་ཧྭ་བུ་ཕྲུག་ཚང་མས་སེམས་ཤུགས་གཅིག་སྒྲིལ་གྱིས་འོད་སྟོང་འཕྲོ་བའི་གྲུབ་འབྲས་གཏོད་རྒྱུར་སྐུལ་སློང་བྱེད་དགོས་ཞེས་གསུངས་པ་རེད།།


  • ལེ་ཚན་སྔོན་མ།:ཆོས་ལུགས་ལས་རིགས་ཀྱི་རྒྱལ་ཡོངས་སྲིད་གྲོས་ཀྱི་ཨུ་ཡོན་ཚོ་ཚོགས་ཆུང་གི་ཚོགས་འདུར་འཛོམས་ནས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་སྙན་ཞུར་གྲོས་ཞིབ་བྱེད་པ།
  • ལེ་ཚན་རྗེས་མ།:ཝང་དབྱང་གིས་གྲངས་ཉུང་མི་རིགས་ལས་རིགས་ཀྱི་ཨུ་ཡོན་དང་མཉམ་དུ་རྒྱལ་དོན་ལ་གྲོས་མོལ་མཛད།
  • དོ་སྣང་ཆེ་བའི་རྩོམ།